མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆེད་ལས་དང་ཁྱད་ལས་ཀྱི་ཁྱད་པར། དགེ་བསྟན།

བོད་ཀྱི་དུས་བབ།
༢༠༡༠/༠༩/༡༧
Share on FacebookShare on TwitterShare on EmailShare on Whatsapp

 

པོར་ཧྥི་ཤོ་ནལ་ (professional ) ཞེས་པ་འཚོ་ཐབས་དང་ཆེད་ལས་སོགས་ཀྱི་དོན་ལ་འཇུག་ཅིང་། ཐ་སྙད་འདི་བོད་སྐད་ཐོག་དུས་ནམ་ཞིག་ལ་གསར་བསྒྱུར་བྱས་པ་ཡིན་མིན་གསལ་པོར་བཤད་མི་ཐུབ་ཀྱང་། ཕལ་ཆེར་དུས་རབས་ཉི་ཤུའི་ལོ་རབས་ལྔ་བཅུའི་རྗེས་སུ་བྱུང་བའི་མིང་ཚིག་ཅིག་ཡིན་ཞེས་བཤད་ཆོག་པར་སེམས། (professional )པོར་ཧྥི་ཤོ་ནལ་ཞེས་པ་ལ་བརྟེན་ནས་བོད་མིའི་སྤྱི་ཚོགས་ནང་ཆེད་ལས་པ་དང་ཁྱད་ལས་པ། རིགས་གཅིག་རྐང་འཛིན་པ་བཅས་ཐ་སྙད་གསུམ་ཙམ་བྱུང་། དེ་ཡང་རང་རེའི་བཙན་བྱོལ་ནང་གི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཡིག་ཆ་དག་ཏུ་ཆེད་ལས་པ་དང་ཁྱད་ལས་པ། རིགས་གཅིག་རྐང་འཛིན་གསུམ་དོན་གཅིག་ལྟ་བུར་བཀོལ་སྤྱོད་བྱེད་བཞིན་པས། དེ་དག་གི་གོ་དོན་ལ་ཅུང་ཟད་དཔྱད་པར་འདོད། མིག་ཚིག་དེ་དག་དོན་གཅིག་མིང་གི་རྣམ་གྲངས་ལྟ་བུར་གོ་དགོས་པའི་སྐབས་ཡོད་སྲིད་ཀྱང་། རྣམ་པ་ཐམས་ཅད་དུ་དོན་གཅིག་མིང་གི་རྣམ་གྲངས་སུ་བཟུང་མི་རུང་ཞིང་། དེ་དག་ལ་ཐུན་མོང་མ་ཡིན་པའི་གོ་དོན་རེ་ཡོད།

༡༽ཆེད་ལས་པ་ཞེས་པ་ནི་འཚོ་ཐབས་ཙམ་གྱི་ཆེད་དུ་ལས་དོན་བྱེ་བྲག་པ་གང་ཞིག་ཆེད་དུ་གཉེར་མཁན་གྱི་གང་ཟག་ལྟ་བུ་ཡིན། དཔེར་ན། ཞིང་པ་དང་འབྲོག་པ་ལྟ་བུ།

༢༽ཁྱད་ལས་པ་ཞེས་པ་ནི་འཚོ་ཐབས་ཙམ་མ་ཡིན་པར་ལྟ་གྲུབ་ཡོད་པའི་གཞུང་ལུགས་སམ་ལས་དོན་བྱེ་བྲག་པ་གང་ཞིག་ལ་ཆེད་དུ་སྦྱང་མཐར་ཕྱིན་པའི་སྟེང་ཁྱད་དུ་འཕགས་པའི་གདེང་ཚོད་དང་མྱོང་གོམས་ཕུན་སུམ་ཚོགས་པ་ཡོད་མཁན་ཞིག་ལ་གོ་དགོས། དཔེར་ན། ཀླད་རྩ་ལྟ་བུའི་ཤེས་བྱ་བྱེ་བྲག་པ་གཅིག་ཉིད་ལ་ལོ་མང་ཞིབ་འཇུག་བྱས་ཏེ་གྲུབ་དོན་ལ་མྱོང་བ་བླ་མེད་ཐོབ་པའི་གང་ཟག་ལྟ་བུ་ཡིན།

༣༽རིགས་གཅིག་རྐང་འཛིན་པ་ཞེས་པ་ནི། ཤེས་བྱ་བྱེ་བྲག་པ་གཅིག་ལ་སློབ་སྦྱོང་བྱས་ཏེ་ལག་ལེན་བྱེད་མཁན་ལ་གོ་ཆོག་མོད་། འོན་ཀྱང་འདི་ལ་སྒྲ་ཡངས་དོག་གི་དབང་གིས་གོ་བ་གཉིས་ཡོད། སྒྲ་ཡངས་འཇུག་གི་དབང་དུ་བཏང་ནས་བཤད་ན་ནང་དོན་རིག་པ་ཞེས་པ་སྤྱིར་རྒྱ་ཆེ་ཞིང་གཏིང་ཟབ་པ་ཙམ་དུ་མ་ཟད་ནང་གསེས་རྣམ་གྲངས་ཧ་ཅང་མང་ཡང་གཞུང་ལུགས་མང་པོ་འདུས་པའི་སྤྱི་མིང་གཅིག་གི་སྟེང་ནས་ནང་དོན་རིག་པ་ཞེས་བསླབ་བྱ་བྱེ་བྲག་པ་གཅིག་ལྟ་བུར་བཟུང་སྟེ་དེ་སློབ་སྦྱོང་བྱེད་མཁན་དག་ལ་ནང་དོན་རིག་པའི་རིགས་གཅིག་རྐང་འཛིན་པ་ཞེས་བཤད་ཆོག དཔེར་ན། གཞུང་ཆེན་བཀའ་པོད་ལྔ་སློབ་སྦྱོང་མཐར་ཕྱིན་པའི་བོད་ཀྱི་དགེ་བཤེས་ཚོ་ལྟ་བུ་ཡིན། དེ་བཞིན་དུ་བོད་ཀྱི་གསོ་བ་རིག་པ་དང་སྨན་པ་ལྟ་བུ་ཡིན།

སྒྲ་དོག་འཇུག་གི་དབང་དུ་བཏང་ན་གོང་གསལ་བོད་ཀྱི་དགེ་བཤེས་ཚོ་དང་སྨན་པ་རྣམས་རིགས་གཅིག་རྐང་འཛིན་པ་ངོ་མ་མིན། གང་ཡིན་ཞེ་ན། དགེ་བཤེས་ཚོས་བརྗོད་བྱ་དང་རྗོད་བྱེད་ཐ་དད་པའི་གཞུང་ཆེན་བཀའ་པོད་ལྔ་ལ་ལོ་ངོ་ཉི་ཤུ་ལྷག་གི་རིང་སྦྱང་བ་མཛད་ཀྱི་ཡོད་ཀྱང་གཞུང་ལུགས་དེ་དག་ཆེས་གཞི་རྒྱ་ཆེ་ཞིང་གཏིང་ཟབ་པའི་དབང་གིས་སྐྱེས་ཆེན་དམ་པ་རེ་ཟུང་མ་གཏོགས་ཕལ་ཆེ་བས་གཞུང་དོན་མཐའ་དག་ཇི་ལྟར་སྦྱང་བ་མཛད་པ་ལྟར་ལག་ཐོག་ཏུ་ལོན་ཐུབ་དཀའ་བ་དང་། དེ་བཞིན་སྨན་པ་ཚོས་ཀྱས་དཔལ་ལྡན་རྒྱུད་བཞི་ཆ་ལག་དང་བཅས་པ་གཞི་རྒྱ་ཆེ་ཞིང་གཏིང་ཟབ་པས་ཇི་ལྟར་སྦྱང་བ་མཛད་པ་བཞིན་གསོ་བྱ་གསོ་བྱེད་ཇི་ལྟར་གསོ་བའི་ཚུལ་སོགས་ལག་ཐོག་ཏུ་ཇི་བཞིན་ལོན་ཐུབ་དཀའ། དེའི་ཕྱིར་སྒྲ་དོག་འཇུག་གི་རིགས་གཅིག་རྐང་འཛིན་ཞེས་པ་ནི། རིག་པའི་གནས་བྱེ་བྲག་པའམ་ཆ་ཤས་གཅིག་ལ་ཆེད་སྦྱོང་གིས་ཁྱད་དུ་འཕགས་པའི་ནུས་ཤུགས་བླ་ན་མེད་པ་འདོན་ཐུབ་མཁན་དག་ལ་གོ་དགོས་པས་ཁྱད་ལས་པ་ཞེས་པ་དང་སྒྲ་དོག་འཇུག་གི་དབང་དུ་བྱས་པའི་རིགས་གཅིག་རྐང་འཛིན་པ་གཉིས་དོན་གཅིག་ཏུ་མཐོང་།།



འབྲེལ་ཡོད་གསར་འགྱུར།

ཇོ་ནང་གཞིས་བྱེས་གཉིས་ཀྱི་ངོས་ནས་༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་དུ་ཇོ་ནང་ཏཱ་ར་ནཱ་ཐ་གཟེངས་རྟགས་འབུལ་ལམ་ཞུས། ༢༠༢༦།༥།༡ དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

ཇོ་ནང་གཞིས་བྱེས་གཉིས་ཀྱིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༡ སྔོན་ལ།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་གནས་བརྟན་སྡེ་བའི་ལུགས་ཀྱི་ས་ག་ཟླ་བར་འཚམས་འཕྲིན་མཛད།

ཆུ་ཚོད་ ༢ སྔོན་ལ།
Myanmar state TV
State TV broadcast a picture of the Nobel laureate in confinement
Mobile App

ལྕམ་ཨང་སན་སུའུ་སྐྱིད་ལགས་བཟང་བཙོན་དུ་བཞག་ཡོད་ལུགས་བསྒྲགས།  

ཆུ་ཚོད་ ༢ སྔོན་ལ།
Front Slider

གློ་སྒྲིག་གི་ལོ་རྒྱུས་ཀྱི་བྱུང་བ་བརྗོད་པ།

ཆུ་ཚོད་ ༢༣ སྔོན་ལ།
བོད་ཀྱི་ཡིག་གཟུགས་སྣ་མང་འགྲེམས་སྟོན་བྱས་ཏེ་ཡིག་གཟུགས་ཉིན་མོ་སྲུང་གཙི་གནང་གི་འདུག ༢༠༢༦།༤།༣༠ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་ཡིག་གཟུགས་སྣ་མང་འགྲེམས་སྟོན་བྱས་ཏེ་ཡིག་གཟུགས་ཉིན་མོ་སྲུང་གཙི་གནང་གི་འདུག 

ཆུ་ཚོད་ ༢༤ སྔོན་ལ།
US Lawmakers introduced Tibet Atrocities Determination Act. Photo Credit: IANS
Mobile App

ཨ་རིའི་གྲོས་ཚོགས་ནང་བོད་དོན་དང་འབྲེལ་བའི་ཁྲིམས་འཆར་ངོ་སྤྲོད་གནང་།

༢༠༢༦/༠༤/༣༠

མཆན། 3

  1. རྐང་གསུམ། says:
    ལོ་ 16 སྔོན།

    དབྱེ་ཞིབ་གང་ཙམ་བྱས་འདུག་ལེགས་པོ་རེད། ཡིན་ནའང་དེ་ཙམ་གྱིས་འདི་དང་འདིའི་རིགས་ལ་དབྱེ་འབྱེད་བྱེད་མི་ཐུབ། དྲ་རོགས་ལགས་ད་རུང་འདིའི་ཕྱོགས་ལ་བསམ་བློ་བཏང་ནས་ཡང་བསྐྱར་དྲ་ཐོག་ལ་ཤོག་ལོ།

    Reply
  2. གཅན་ཚ་དཔལ་ལྡན། says:
    ལོ་ 16 སྔོན།

    རིགས་གཅིག་རྐང་འཛིན་དང་ཆེད་ལས། ཁྱད་ལས་བཅས་ལ་ཁྱད་པར་ཏན་ཏན་ཡོད་ཀྱི་རེད་བསམ་གི་འདུག ང་རང་སྒེར་གྱི་བསམ་ཚུལ་བྱས་ན། ཐ་སྙད་རེ་རེར་གཞུང་ལུགས་ཀྱི་རྒྱབ་ལྗོངས་ཡོད་མེད་མི་ཤེས་ཀྱང་། གོ་ཚོད་དུ་ professionalཞེས་པ་ནི་ཆེད་ལས་ཀྱི་དོན་དང་། expert ཞེས་པ་ཁྱད་ལས་ཀྱི་དོན། specialize ཞེས་པ་རིགས་གཅིག་རྐང་འཛིན་གྱི་དོན་ཡིན་པར་འདོད།

    Reply
  3. ཟུར་མཁར་བ། says:
    ལོ་ 16 སྔོན།

    དགེ་བསྟན་མཆོག་ལ་ཞུ་རྒྱུར། ཉིད་ཀྱི་རྩོམ་ཐུང་འདི་ཐེངས་གཉིས་ལ་ཀློག་རྗེས་ཚོར་སྣང་ཞིག་བྱུང་བ་ནི། བརྡ་ཆད་དམ་ཐ་སྙད་དེ་གསུམ་གྱི་གོ་དོན་བོད་ཀྱི་བརྡ་དག་དང་སྦྱར་ཁུལ་བྱས་འདུག་ཀྱང་གོ་དོན་དག་དག་ཅིག་བསྡད་མི་འདུག་བསམ་པ་དང་གཅིག གཉིས་ནས་བོད་སྐད་ཀྱི་བརྡ་ཆད་དེ་གསུམ་professionalཁོ་ན་ལ་སྦྱར་ནས་རང་གི་བསམ་ཚུལ་རྐྱང་བཤད་འདུག་པ་ལས། ཕྱི་སྐད་ལ་སྦྱངས་པ་ཞན་པའམ་གང་ལྟར་རིགས་པའི་གཞུང་ལུགས་ཀྱི་རྒྱབ་རྟེན་དང་ཨིན་རྒྱ་གང་བསྒྱུར་བའི་ཁུངས་ལུང་ཙམ་ལ་ཡང་དཔྱད་མི་འདུག་སྙམ་པའི་ཚོར་སྣང་བྱུང་།
    professionalཞེས་པ་སྤྱིར་བོད་པའི་བརྡ་དང་སྦྱར་བདག་སྒྲས་མཚོན་པར་ནུས་པ་སྟེ། ཆོས་པ། སྨན་པ། ཚན་རིག་པ། ས་མཁན་པ་ལྟ་བུས་ཀྱང་མཚོན་ཐུབ་པ་མ་ཡིན་ནམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese