མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁེ་ཕན་ཞིག་ཡོང་སྲིད་དམ། བསྟན་འཛིན་ཉིན་བྱེད།

བོད་ཀྱི་དུས་བབ།
༢༠༡༠/༠༩/༢༨
Share on FacebookShare on TwitterShare on EmailShare on Whatsapp
ཨ་རིའི་མཐོ་སློབ་བསྟི་གནས་ཁང་དུ་ཞལ་འདེབས་གནང་བ་དེས་ཁ་ཡོད་ལག་ཡོད་ཀྱི་ཁེ་ཕན་ཞིག་ཡོང་སྲིད་དམ།

བསྟན་འཛིན་ཉིན་བྱེད།

༢༠༡༠ ཟླ་ ༩ ཚེས་ ༢༧ ཉིན་ཨ་རིའི་རྒྱལ་ནང་གསར་ཤོག་ནེའུ་ཡོག་དུས་བབ་ New York Times ནང་གནས་ཚུལ་ཐོན་གསལ་ལྟར་ན། ༧གོང་ས་མཆོག་གིས་སེམས་ཁམས་རིག་པ་བ་ Psychologist འབུམ་རམས་པ་ཌ་ཝི་ཌུ་སོན་ Dr. Davidson གྱིས་ཆེད་འཛུགས་བྱས་པའི་མེ་ཏི་སེན་སེམས་ཀྱི་འཕྲོད་བསྟེན་དཔྱད་ཞིབ་བསྟི་གནས་ཁང་ Center for Investigating Healthy Mind དུ་ཨ་སྒོར་ཁྲི་ལྔ་ཡི་ཞལ་འདེབས་གནང་རྒྱུའི་ཞལ་བཞེས་གནང་འདུག

གནས་ཚུལ་འདི་བཞིན་ཕྱོགས་གཅིག་ནས་བལྟས་ན་དགའ་འོས་པ་ཞིག་ཡིན་སྲིད། གང་ཡིན་ཟེར་ན་བསྟི་གནས་ཁང་གིས་དངུལ་འབོར་དེ་དག་སྒོམ་སྟེ་བྱམས་སྙིང་རྗེ་འཕེལ་རྒྱས་གཏོང་རྒྱུའི་ཉམས་ཞིབ་ཐད་བེད་སྤྱོད་གཏོང་རྒྱུ་རེད། གལ་ཏེ་ཉམས་ཞིབ་ཚགས་ཚུད་ཅིག་བྱུང་ཚེ་འགྲོ་བ་མིར་ཕན་རྒྱུ་ཡིན་པས་དགེ་བའི་ལས་ཤིག་རེད།

ཡིན་ནའང་ཕྱོགས་གཞན་ཞིག་ནས་བསམ་བློ་གཏོང་ཚེ་དངུལ་འབོར་ཕོན་ཆེ་དེ་འདྲ་ཞལ་འདེབས་གནང་བ་དེ་ཏག་ཏག་བསྡད་ཡོད་མེད་ང་ལ་བློ་དོགས་ཞིག་སྐྱེས་བྱུང་། དེའི་རྒྱུ་མཚན་གཙོ་བོ་ནི། ང་ཚོ་བཙན་བྱོལ་བ་ཚོར་ས་ལག་མཐིལ་ཙམ་ཞིག་མེད་པར་མ་ཟད། དཔལ་འབྱོར་གྱི་ཆ་ནས་ཆེས་ཉམས་ཐག་རེད། ལྷག་པར་དུ་ཨ་རི་ནི་འཛམ་གླིང་གི་དམག་སྲིད་དང་དཔལ་འབྱོར་གང་ཅིའི་ཐད་ནས་སྟོབས་ཤུགས་ཆེ་ཤོས་ཡིན་སྟབས་ང་ཚོ་སྐྱབས་བཅོལ་ཡུལ་མེད་ཉམས་ཐག་ཅིག་གིས་ཞལ་འདེབས་སྤྲད་པ་དེ་བློ་ཡུལ་དུ་ཤོང་ཁག་པོ་ཞིག་རེད། གལ་ཏེ་ཉམས་ཞིབ་དེ་ཆེས་གལ་ཆེ་ཞིག་ཡིན་ན་ཨ་རིའི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་སྒྲིག་འཛུགས་ཁག་གིས་འགྲོ་གྲོན་གཏོང་ན་འཚམ་པོ་འདུག་སྙམ།

ལར་ནས་ཨ་རིའི་གཙུག་ལག་སློབ་གྲྭ་ཆེན་མོས་བྱམས་སྙིང་རྗེར་ཉམས་ཞིབ་བྱས་པའི་འབྲུ་དོན་འདིས་ང་ཚོ་བོད་པ་ཚོར་ཁ་ཡོད་ལག་ཡོད་ཀྱི་ཁེ་ཕན་གང་འདྲ་ཞིག་རག་རྒྱུ་ཡོད་མེད་ཀྱི་དྲི་བ་ཞིག་རང་བཞིན་གྱིས་སེམས་ལ་ཤར་སོང་། ལ་ལས་ཞལ་འདེབས་ཕོན་ཆེན་དེ་འདྲ་གནང་བར་བརྟེན་༧གོང་ས་མཆོག་གི་སྐོར་ཨ་རིའི་སྙན་གྲགས་ཆེ་ཤོས་ཀྱི་ཚགས་ཤོག་ནང་གནས་ཚུལ་ཐོན་པ་རེད་ཅེས་བརྗོད་སྲིད་པས་རྒྱུ་མཚན་ མེད་པ་ཞིག་མིན་མོད། ཡིན་ནའང་གནས་ཚུལ་ཞིབ་ལྟ་བྱས་སྐབས་༧གོང་ས་མཆོག་ནི་བོད་མིའི་ཆོས་ཀྱི་དབུ་ཁྲིད་ Tibetan Spiritual Leader རེད་ཅེས་བྲིས་པ་མ་གཏོགས་ཆོས་སྲིད་གཉིས་ལྡན་གྱི་དབུ་ཁྲིད་ Spiritual and Political Leader of Tibet ཅེས་བཀོད་མི་འདུག འདི་ནི་ཆེད་མངགས་བྲིས་པ་ཞིག་ཡིན་ཅིང་། གོ་དོན་གཙོ་བོ་ནི་བོད་དེ་རྒྱའི་བཙན་རྒྱལ་འོག་ཡོད་པའི་དྲང་བདེན་གྱི་ཆབ་སྲིད་ཀྱི་གནས་བབ་ལ་གདེང་འཇོག་མ་བྱས་པ་རེད།

དེར་བརྟེན་ངའི་བློར་ཨ་རིའི་སེམས་ཁམས་རིག་པ་བ་ཞིག་ལ་ཨ་སྒོར་ཁྲི་ལྔ་ཞལ་འདེབས་གནང་བ་ལས་དངུལ་འབོར་དེ་དག་བོད་ཕྲུག་ན་གཞོན་བློ་སེམས་བཀྲ་བ་ལ་ལར་མ་མཛུགས་བྱས་ཏེ་སེམས་ཁམས་རིག་པ་ཇི་སྙེད་ཅིག་གསོ་སྐྱོང་བྱེད་ན་ལེགས་པ་མི་འདུག་གམ་ཞེས་དྲི་བ་ཞིག་ཤར་སོང་།།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༤ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༥ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

ཆུ་ཚོད་ ༨ སྔོན་ལ།
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

ཆུ་ཚོད་ ༢༣ སྔོན་ལ།
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 16

  1. འཇིགས་མེད་བཀྲ ་ཤིས། says:
    ལོ་ 16 སྔོན།

    བསྟན་འཛིན་ཉིན་བྱེད་ལགས།
    ཁྱེད་ཀྱིས་༸གོང་ས་མཆོག་ནས་ལོ་རེར་ཧིན་སྒོར་ས་ཡ་བདུན་ཅུ་བརྒྱད་ཅུ་རེ་བོད་གཞུང་ལ་གསོལ་རས་གནང་གི་ཡོད་པ་མ་ཤེས་སམ། ཁྱེད་རང་ཡང་༸གོང་ས་མཆོག་གི་ཕྱག་དངུལ་གྱི་བཀའ་དྲིན་འོག་ནས་འཚར་ལོངས་བྱུང་བ་ཞིག་མ་ཡིན་ནམ། ལར་ནས་༸གོང་ས་མཆོག་ནི་བོད་མི་ཁོ་ནའི་དབུ་ཁྲིད་ཅིག་མིན་པ་འདི་ཤེས་དགོས། འཛམ་བུ་གླིང་གི་དབུ་ཁྲིད་རེད། ཁོང་བོད་མི་ཁོ་ནའི་ཁྲོད་བཞུགས་ཏེ་གཞན་དུ་མཛད་འཕྲིན་མ་བསྐྱངས་ན་བོད་དོན་འདི་འཛམ་གླིང་ལ་ཇི་ལྟར་ཁྱབ་ཐུབ། ཅིག་ཤེས་ཟེར་མཁན་ཞིག་གིས་འདི་ཙམ་ཡང་མ་ཤེས་པ་ནི་ངོ་མ་བློ་ཕམ་པའི་གནས་རེད།

    Reply
  2. བསྟན་འཛིན་ཆོས་རྒྱལ says:
    ལོ་ 16 སྔོན།

    སྟན་འཛིན་ཉིན་བྱེད་ལགས། ཁྱེད་ཀྱིས་བརྒྱུད་ལམ་གང་ལེགས་འགའ་སྤྱད་ནས། ནིས་ཝོ་ཡོག་དུས་བབ་ཁང་ལ། གོང་ས་མཆོག་ལ་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་ཅེས་བྲིས་མེད་དོན་ཅི་ཡིན་འདྲི་རྩོད་གནང་རོགས། དེ་བཞིན་དབྱིན་སྨྲ་བ་གང་ན་སུ་བཞུགས་དག་གིས་ཀྱང་ངོ་།། གཞན་ཞལ་འདེབས་དེས་འཛམ་གླིང་ལ་དེ་འདྲའི་རིག་གནས་ཤིག་བྱུང་ན་ལས། བོད་ཁོ་ནར་ཕན་དགོས་པའི་དམན་སེམས་ཀྱིས་ཅི་བྱེད། སྐྱབས་མགོན་མཆོག་གིས་བཙན་བྱོལ་བོད་གཞུང་དམངས་དང་རིགས་གཅིག་རྐང་འཛིན་སོགས་ལ་ཇི་ཙམ་གནང་གི་ཡོད་པ་མཁྱེན་ལེ་ཡོད་སྙམས་སོ།།

    Reply
  3. སྤང་ཏོག says:
    ལོ་ 16 སྔོན།

    ངས་གོང་ས་མཆོག་གིས་ཞལ་འདེབས་ཕུལ་བ་དེ་དོན་ཐོག་གནས་འདུག་བསམ་བྱུང་། རང་དབང་ལུང་པ་ནས་ནར་སོན་ཞིང་ནུབ་ཕྱོགས་ལ་ཧ་ཅང་རྒྱུས་ཡོད་ཁུལ་གྱིས་ཆེན་པོ་ཆེན་ལབ་མཁན་དེ་ཚོར་བློ་གཏད་ཡེ་ནས། དེ་འདྲའི་བློ་དཀར་པོ་ཡོད་ན་བཙན་བྱོལ་གཞུང་དང་ཚོགས་པ་སྒྲིག་འཛུགས་ནས་བོད་དོན་ཆེད་ཉིན་གཅིག་གི་ལས་དོན་མི་གནང་བ་ཅིན་ཡིན་ནམ། གང་གི་ཁྱད་ལས་སྐྱེས་མ་ཐག་ནས་གཞན་སྐྱོན་ཁོ་ན་བཙལ་བའམ་དེར་བརྟེན་ཁེ་ཕན་གཞན་ཞིག་རེག་གི་ཡོད་ན་ཅི་ཤེས།

    Reply
  4. བློ་བཟང་བསྟན་པའི་རྒྱལ་མཚན། says:
    ལོ་ 16 སྔོན།

    བསྟན་འཛིན་ཉིད་བྱེད་ཟེར་བས་༧གོང་ས་་མཆོག་གིས་རོགས་དངུལ་གནང་བར་མི་འདོད་པའི་རྣམ་པ་བསྟན་འདུག་པར་ཅི་ཞིག་ཡིན་ནམ།་་ང་ཚོའི་བོད་ཀྱི་མཚན་སྙན་ནི་༧གོང་ས་མཆོག་གི་མཚན་སྙན་དང་འབྲེལ་ཡོད་ཅིང།་་བོད་ཀྱི་ལས་དབང་ནི་༧གོང་ས་མཆོག་གི་ལས་དབང་དང་འབྲེལ་ཡོད་པར་ཤེས་དགོས།་་༧གོང་ས་མཆོག་གི་གྲོགས་པོ་ནི་ང་ཚོ་བོད་ཀྱི་གྲོགས་པོ་ཡིན་ལ།་་༧གོང་ས་མཆོག་གིས་གནང་བ་ནི་ང་ཚོ་བོད་ཀྱིས་གནང་བ་ཡིན་པས་བོད་པ་རྣམས་འདི་ལྟར་ཉམ་ཐག་པའི་སྐབས་སུའང་གཞན་ལ་ཕན་རོགས་བྱེད་བཞིན་འདུག་བསམ་ནས་འཛམ་གླིང་གི་མི་མང་དགའ་མགུ་ཡིད་རང་བྱ་བར་ངེས་སོ།་།མདོར་ན་ཚིག་ཐག་ཆོད་པོས་བཤད་ཐུབ་པ་ནི།་༧གོང་ས་མཆོག་རྒྱལ་ན་ང་ཚོ་བོད་རྒྱལ་ཞིང།་༧གོང་ས་མཆོག་ཕམ་ན་ང་ཚོ་བོད་ཕམ་པ་ཡིན།་སྤྱིར་ནས་ང་ཚོ་བོད་མི་སྤྱི་ཡོངས་ནས་འཐབ་རྩོད་རྒྱ་མི་ལ་བྱེད།་ཁ་རྡུང་རྒྱ་མི་ལ་གཏོང་།་རྩོམ་ཡིག་གི་ཁ་ཕྱོགས་རྒྱ་མི་ལ་གཏད་ནས་ལན་འདེབས་བྱེད་བཞིན་པའི་སྐབས་ནང་ཁུལ་ལ་འཚང་འབྲུ་རེས་དང་ལྷག་པར་༧གོང་ས་མཆོག་གི་བླ་ན་མེད་པའི་མཛད་ཕྱོགས་ལ་བསམ་འཆར་འདོན་པའི་ཁུལ་བྱེད་པ་ནི་སངས་རྒྱས་ལ་ཀ་ཁ་སློབ་པའི་ངང་ཚུལ་ཙམ་དུ་ཟད་དོ།་།རྒྱལ་སྤྱིའི་མཁས་དབང་རྣམས་ཕར་ཞོག་ཐ་ན་རྒྱ་མིའི་གཞུང་འབྲེལ་མི་སྣ་གནད་ཡོད་དག་གིས་ཀྱང་༧ཏཱ་ལའི་བླ་མ་ནི་ནང་དོན་རིག་པར་བྱང་ཆུབ་པ་ཡིན་པ་ཨ་རྐྱང་རྐྱང་འཛམ་གླིང་གི་ཆབ་སྲིད་ལའང་ཧ་ཅང་བྱང་ཆུབ་པ་ཞིག་རེད་ཅེས་དབང་མེད་དུ་ཁ་ནས་ཤོར་འདུག་པཨེ་ཤེས།་ངས་དྲན་གསོ་གཏོང་འདོད་པ་ནི།་་སྐུ་ཕྲེང་བཅུ་གསུམ་པའི་ཆུ་སྤྲེལ་ཞལ་གདམས་སུ་ང་ཚོ་བོད་མིར་མས་བུ་ལ་གདམས་པ་ལྟར་གདམས་ཀྱང་ང་ཚོས་བཀའ་བཞིན་མ་སྒྲུབ་པས་མཐའ་མར་བོད་ཕུང་ལ་སྦྱར་བ་འདི་བྱུང་བ་ཡིན་ནོ།་་།
    འདིར་སྨྲས་པ།་
    རྣམ་དཔྱོད་བློ་མིག་བྲལ་བ་རང་རིགས་འགས།།
    བཀའ་དྲིན་བསམ་ཤེས་མེད་པའི་རང་རིགས་འགས།།
    ཕྱོགས་ཞེན་དུག་ཆུས་མྱོས་པའི་རང་རིགས་འགས།།
    གངས་ལྗོངས་བོད་འདི་ཕུང་ལ་སྦྱོར་ཉེར་བདའ།།

    Reply
  5. སྤོབས་པ་མཐའ་ཡས། says:
    ལོ་ 16 སྔོན།

    བོད་མི་ལ་ལ་ཞིག་གིས་གཞན་གང་ཡང་མི་མཐོང་བར་རྒྱལ་བ་རིན་པོ་ཆེས་ཕྱག་དངུལ་ཉུང་ཉུང་དེར་ཁ་གདངས་མིག་ཅེར་ནས་བལྟས་བསྡད་ཡོད་རེད། ང་ལྟ་བུ་ཞིག་ཡིན་ན་ཐོག་བོད་ནས་གསར་དུ་འབྱོར་དུས་སྣེ་ལེན་ཁང་གི་ལྟ་རྟོག་རོགས་སྐྱོར་དང་ལེན་བྱས་ཡོད། དེང་སང་རང་ཁ་སོས་ཙམ་ཞིག་བྱུང་ཡོད། རྒྱལ་བ་རིན་པོ་ཆེས་ཕྱག་དངུལ་གནང་ན་ཡང་མི་ལེན་ཐག་ཆོད་ཡིན། ང་ལ་གནང་བ་ལས་ཁོང་གིས་སེམས་ཁམས་རིག་པ་དང་འབྲེལ་བའི་ལས་གཞི་སྒྲུབ་མཁན་རེ་ལ་གནང་ན་ཕན་ཐོགས་ཆེ་བ་ཡོད་རེད།

    Reply
  6. སྤོབས་པ་མཐའ་ཡས། says:
    ལོ་ 16 སྔོན།

    སེམས་ཁམས་དང་འབྲེལ་བའི་ལས་གཞི་དེ་ཚོ་རྒྱལ་བ་རིན་པོ་ཆེས་ཆེས་དགའ་མོས་གནང་ས་ཞིག་རེད། ཁོང་ལ་ཞལ་འདེབས་རེ་གནང་རྒྱུ་ཡོད་ན་དེ་ཚོར་ལོས་གནང་། ང་ཚོ་བོད་མི་ཚོས་རྒྱལ་བ་རིན་པོ་ཆེའི་ཕྱག་དངུལ་ཟ་རྒྱུ་མང་དྲགས་ན་ཉུང་དྲགས་ཡོད་པ་མ་རེད། ཁྱོད་ཚོས་འདི་འདྲ་བཤད་རྒྱུ་ཡིད་ལ་ཤར་བ་ཁྱད་མཚར་རེད།

    Reply
  7. ནམ་མཁའ་བསྟན་འཛིན། says:
    ལོ་ 16 སྔོན།

    ཁྱོད་ཀྱིས་སྐབས་འདིར་ཁེ་ཕན་ཞེས་བ་དེ་ཐད་ཀར་བོད་པ་ཚོར་རེགས་སྲིད་པ་ཞིག་རེད་དམ་ཅེས་འདྲི་བཞིན་ཡོད་ན་དེ་ལས་གཞི་འདི་ལས་འཆར་ཁག་ལ་ལྟོས་ནས་སྐད་ཆ་བཤད་རྒྱུ་ཞིག་རེད། འོན་ཀྱང་གཅིག ༧གོང་ས་མཆོག་གིས་ནམ་ཡང་ཆོས་ལུགས་དང་མི་རིགས་ལ་དབྱེ་བ་མེད་པར་འགྲོ་བ་མིའི་རིགས་ཡོངས་ལ་ཞབས་འདེགས་དང་ལེགས་སྐྱེས་ཞིག་འབུལ་རྒྱུ་ཁོང་གི་དགོངས་གཞི་གཙོ་བོ་རེད། གཉིས། ༧གོང་ས་མཆོག་གིས་བཙན་བྱོལ་གཞུང་བཙུགས་ནས་ད་ལྟའི་བར་ལོ་རེ་རེ་བཞིན་ཧིན་སྒོར་འབུམ་ཕྲག་མང་བོ་སྔོན་རྩིས་གཏན་འབེབས་དང་ཐ་ན་ཟུར་འཇོག་གིས་སློབ་ཡོན་གནང་བཞིན་ཡོད་ཀྱང་། སྨན་གྱི་ལས་རིགས་ཞིག་ཡིན་ནའང་སེམས་དང་ཀླད་པ། རྣམ་ཤེས་སོགས་ལ་ཞིབ་འཇུག་བྱེད་མཁན་ལས་ནད་གཡོག་སྦྱངས་མཁན་རྐྱང་ཐོན་བཞིན་ཡོད་སྟབས། གཅིག་བྱས་ན་ཁོང་ཨུ་ཐུག་པ་ཡིན་རྒྱུ་རེད།

    Reply
  8. ཨ་མཆོད་འཇམ་ཚུལ། says:
    ལོ་ 16 སྔོན།

    ༧གོང་ས་མཆོག་ལ་མིའི་འདུ་ཤེས་ཀྱིས་ཁྱེད་ཀྱིས་འཁང་ར་གནང་བར་གདེངས་འཇོག་ཡོད།
    འོན་ཀྱང་དངུལ་འབོར་དེ་ཕར་ཞོག་དེ་ལས་མང་ཞིག་ཡིན་རུང་ཞལ་འདེབས་གནང་བའི་དབང་ཆ་ཡོངས་སུ་༧གོང་ས་མཆོག་ལ་ཡོད་པ་ནི་འཇིག་རྟེན་གྱི་མི་ཞིག་ལ་ཆ་བཞག་ཀྱང་དེ་ལྟར་རེད། ལར་ནས་འདིས་༧གོང་མཆོག་ནི་བོད་མི་གཅིག་བུ་མིན་པར་འཛམ་གླིང་གི་ཉི་མ་ཡིན་པ་དང་། ༧གོང་ས་མཆོག་གི་ཐུགས་སེམས་ལ་ལྷད་མེད་པ་མཚོན། འདི་ཚོ་ཇུས་མེད་ཇུས་འཁྲི་རང་རེད། དེ་ནི་༧གོང་ས་མཆོག་མི་བུ་ཞིག་གི་བརྩིས་ཐང་གིས་བཤད་ཚུལ་ཡིན།
    གཞན་༧གོང་ས་མཆོག་ལྷ་རུ་རྩི་བ་ནི་རང་ཅག་བོད་མིའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡིན། སུ་ཞིག་གིས་དེར་བརྩིས་མ་ཐུབ་ན་བོད་པའི་ཁྱད་ཆོས་ཀྱི་བྱེ་བྲག་ཅིག་མ་ཚང་བ་ཡིན། དེ་ནི་བལྟ་ཚུལ་གཞན་དེ་རེད། སངས་རྒྱས་ཀྱིས་གང་གནང་བ་ལ་མི་འགྲིག་པར་བཤད་ས་ཞིག་མེད།

    Reply
  9. སྤྲོ་ཚིགས་དགེ་འདུན says:
    ལོ་ 16 སྔོན།

    བསྟན་འཛིན་ཉིན་བྱེད་ཀྱིས་ཕར་སོང་མེད་ན་ཚུར་འོང་མེད་ཞེས་པའི་ཚིག་འདིའི་དོན་གོ་མེད་པ་འདྲ།

    Reply
  10. གོང་དཀར་ངག་རྣམ། says:
    ལོ་ 16 སྔོན།

    འོན་ཏེ།
    ཉིན་བྱེད་ནི་གཞུང་འབྲེལ་ཐོག་ཨ་རིར་སློབ་སྦྱོང་བྱེད་བཞིན་པའི་གཞཽན་སྐྱེས་ཤིག་དང་།
    ལྷག་པར་ཁོས་རིགས་གཅིག་རྐང་འཛིན་ཞེས་པར་མཐའ་གཅིག་ཏུ་དགག་པ་རྒྱག་གི་ཡོད།
    དེ་འདྲའི་སྐོར་ལ་རྩོམ་ཡིག་སྤེལ་ན་ཡག་པོ་མི་འདུག་གམ།
    བོད་པའི་གོམས་གཤིས་སྐྱུག་བྲོ་ཤོས་ཤིག་ནི་སོ་སོའི་གནས་བབ་དང་ཆོས་ཉིད་ཀྱི་རང་བཞིན་ལ་མ་བལྟ་བར།
    མཐོ་ས་དང་འབྲེལ་མེད་ཅིག་ལ་ལག་པ་དམ་ཐག་གཅོད་འཇུས་ནས་སྡུག་སྐད་རྒྱག་རྒྱུ་དེ་རེད།

    Reply
  11. གོང་དཀར་ངག་རྣམ། says:
    ལོ་ 16 སྔོན།

    སྣ་བོས་གནད་དོན་ལ་ཞིབ་འབྲི་བྱས་འདུག་ཀྱང་།
    རྫོགས་ཚིག་མང་པོ་དེ་འདྲ་རྒྱག་པ་དེ་སུའི་ཁུངས་ཡིན་ནམ།
    ངས་བྱས་ནས་སྲོལ་འདི་འདྲ་མེད་ན་ཡག་ཤོས་རེད།

    Reply
  12. གོང་དཀར་ངག་རྣམ། says:
    ལོ་ 16 སྔོན།

    བྱུས་གཏོགས་མེད་པའི་བྱུས་གཏོགས་རང་རེད།
    དེ་ལས་ཁ་ཚ་དགོས་གཏུགས་ཀྱི་སྤྱི་ཚོགས་ཐོག་གི་གནས་ཚུལ་འདྲ་གླེང་རྒྱུ་མི་འདུག་གམ།

    Reply
  13. གཅན་ཚ་དཔལ་ལྡན། says:
    ལོ་ 16 སྔོན།

    ནེའུ་ཡོག་དུས་བབ་ཐོག་༧གོང་ས་མཆོག་ལ་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་མ་བྲིས་པ་དེས་༧གོང་ས་མཆོག་གི་མཚན་མཐོང་ལ་གང་ཡང་གནོད་ཀྱི་མ་རེད། ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཅེས་འབོད་སྟངས་དེར་༧གོང་ས་མཆོག་གིས་བཀའ་སློབ་ཞིག་གནང་ཡོད། དེའི་ཐད་ལ་༧གོང་ས་མཆོག་གིས་ད་ཆར་གཞུང་གི་འཛིན་སྐྱོང་གི་དབང་ཆ་མང་ཆེ་བ་བཀའ་བློན་གྱིས་ཐག་གཅོད་ཀྱི་ཡོད་པ་རེད་ལ། དེང་ཕྱིན་རིམ་བཞིན་སྲིད་ཀྱི་དབང་ཆ་ཚང་མ་བཀའ་ཁྲིས་འཁྱེར་དགོས་དུས། ༧གོང་ས་མཆོག་བོད་མིའི་ཆོས་སྲིད་གཉིས་ཀྱི་བདག་པོ་ཡིན་ལབ་ན་ཡག་པོ་མི་འདུག་ཅེས་གསལ་པོར་གསུངས་སོང་། དེ་བཞིན་ལོ་སྔོན་མའི་ལྡི་ལིའི་ཚོགས་ཆེན་ཞིག་གི་ཐོག་ཏུའང་༧གོང་ས་མཆོག་གིས་རྩེད་མོ་དང་སྦྲགས་ཟམ་གདོང་རིན་པོ་ཆེ་ནི་ངའི་སྲིད་ཀྱི་དབུ་ཁྲིད་ཡིན་པ་དང་། ངོས་རང་ཁོང་གི་ཆོས་ལུགས་ཀྱི་དབུ་ཁྲིད་ཡིན་ཞེས་གསུངས་ཡོད། དེའི་ཕྱིར་ཐ་སྙད་དེར་དྲང་དོན་དང་ངེས་དོན་གཉིས་ཡོད་པ་འདྲ། ངས་བསམས་ན་༧གོང་ས་མཆོག་ནི་བོད་མི་རིགས་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཡིན་པ་ལས་བཙན་བྱོལ་བོད་གཞུང་འཛིན་སྐྱོང་གི་དབུ་ཁྲིད་པར་མིན་པར་གོ་དགོས།

    Reply
  14. གཟུ་གནས་བློ་ལྡན། says:
    ལོ་ 16 སྔོན།

    ༸གོང་ས་མཆོག་གིས་ད་བར་བོད་ཕྲུག་ཚོ་རང་བཙན་ཡོད་པའི་རྒྱལ་ཁབ་ཀྱི་ཕྲུག་གུ་ཚོ་ལས་ལྷག་པའི་གསོ་སྐྱོང་བྱས་ཀྱང་། མཐའ་མཇུག་ཁ་ཕྱིར་འཁོར་ནས་༸གོང་ས་མཆོག་ཁ་གཏད་ལང་རྒྱུ་ཙམ་ལས་ག་རེ་འཇོན་གྱི་འདུག ད་བར་ཕན་ཐོག་པ་སུ་བྱུང་འདུག ལར་ནས་ཏཱ་ལའི་བླ་མའི་དགེ་རྩའི་ཁོངས་༸གོང་ས་མཆོག་ནས་ལོ་རེར་ཧིན་སྒོར་འབུམ་ཕྲག་མང་པོ་ཆེད་དུ་བོད་ཕྲུག་ཚོའི་སློབ་ཡོན་ཆེད་ཟུར་འཇོག་བྱས་ཡོད། དེར་བརྟེན་ཁྱོད་ཀྱིས་མ་བརྟགས་མ་དཔྱད་པར་དཔྱད་རྩོམ་རེ་སྤེལ་ཁུལ་བྱས་པ་ཡིད་རེ་སྐྱོ། སྤྱིར་ཨ་སྒོར་ཁྲི་ལྔ་དངུལ་འབོར་ཆེན་ཡིན་ཡང་ཁྱོད་དང་ཁྱོད་འདྲ་བའི་བོད་ཕྲུག་ཀླད་སྟོང་ཚོར་ཅི་ཡང་མི་ཕན་ཁོ་ཐག་ཡིན་ནོ།།

    Reply
  15. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 16 སྔོན།

    འཇིག་རྟེན་སྤྱིའི་བདེ་སྡུག་འདོར་ལེན་གྱི་དོན་ཆེན་དང་འབྲེལ་ན་ཨ་རིའི་དབུས་གཞུང་ལ་ཡང་༸གོང་ས་མཆོག་ཞལ་འདེབས་འབུལ་ངེས་སོ། །

    ནང་སེམས་ཁམས་དང་ཕྱི་ལུས་ཀྱི་བདེ་སྡུག་དབར་གྱི་ལྟོས་འབྲེལ་ཐད་དེང་རབས་ཚན་རིག་གི་ལམ་ནས་རྟོག་ཞིབ་དང་དོ་སྣང་བྱེད་པའི་བྱ་བ་འདི་རྒྱུན་ལྡན་ཚན་རིག་པ་རྣམས་ཀྱི་དཔྱད་ཞིབ་ལྟར་མཇུག་འབྲས་ལ་འགན་འཁུར་ཅི་ཡང་མེད་པར་གྲུབ་དོན་གསར་པ་ཞིག་རྙེད་ཐབས་ཙམ་ཕྱིར་ཞིབ་འཇུག་ལ་ཞུགས་པ་འདྲ་ཞིག་གཏན་ནས་མིན་ནོ།།

    འོན་ཀྱང་ཁྱེད་ནས་ཕྱོགས་འདིའི་རིགས་ལ་དོན་སྣང་དང་བསམ་ཚུལ་སྨྲ་བརྗོད་ཀྱི་ངལ་བ་བསྟེན་པ་ལེགས་སོ།།

    རྫོགས་ཚིག་འདི་དེང་རབས་བོད་པའི་སྐད་གཤིས་དང་རྩོམ་རིག་གི་རྒྱ་ལས་འཆོར་ཉེན་འདུག་གོ། དེ་བས་འདིར་མང་ཐག་ཆོད་ཅིག་བྲིས་ནས་ཡོད་དོ། །

    Reply
  16. ནཱ་གྷཱ་རཀྵ། says:
    ལོ་ 16 སྔོན།

    ༧གོང་ས་མཆོག་གིས་ཨ་སྒོར་ཁྲི་ལྔ་ཡིས་ཞལ་འདེབས་གནང་བ་རྗེས་སུ་ཡི་རིང་ཡོད། བསྟན་འཛིན་ཉིན་བྱེད་ཡིན་ན་ཉིན་སྒྲིབ་ཡིན་ན་མི་ཤེས། གང་ལྟར་༧གོང་ས་མཆོག་གི་ཐུགས་རྗེས་ལོ་གཅིག་གི་ནང་ལ་ང་ཚོར་ཨ་སྒོར་ག་ཚོད་རག་གི་ཡོད་མེད་ཤེས་སོང་ངམ། བཙན་བྱོལ་བོད་གཞུང་ཨ་སྒོར་གྱིས་འཁོར་གྱི་ཡོད་པ་དེ་ཤེས་མ་སོང་ངམ། ཁྲི་ལྔ་ཕར་ལ་གནང་ཡང་ཁྲི་ག་ཚོད་ང་ཚོར་རག་གི་ཡོད་མེད་དེ་ལ་བསམ་བློ་གཏོང་དགོས་པ་རེད། ཧམ་པ་ཚ་བོ་ཞེ་དྲག་བྱེད་རྒྱུ་མེད་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese