ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་ལྷ་ས་ནས་གཞིས་རྩེའི་བར་གྱི་མེ་འཁོར་ལྕགས་ལམ་བཟོ་སྐྲུན་གྱི་ལས་གཞི་དངོས་སུ་མགོ་འཛུགས་བྱས་པའི་མཛད་སྒོ་ཞིག་ལྷ་སར་ཚོགས་ཡོད་འདུག མཛད་སྒོ་དེའི་སྟེང་རྒྱ་ནག་རྒྱལ་ཁབ་གོང་སྤེལ་བཅོས་སྒྱུར་སྡེ་ཁག་གི་འགན་འཛིན་ཀྲྭང་ཕིན་དང་། བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེ་ཀྲིང་ཆེན་ལི། ལྕགས་ལམ་ཚན་པའི་མགོ་བ་ལིའུ་ཊི་ཅིན་བཅས་ཞུགས་ཡོད་འདུག དེ་བཞིན། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཚོགས་གཙོ་བྱམས་པ་ཕུན་ཚོགས་དང་། བོད་རང་སྐྱོང་ལྗོངས་ཀྱི་མགོ་གཙོ་གཞོན་པ་པད་མ་འཕྲིན་ལས་སོགས་ཚང་འཛོམས་ཐོག ལྷ་ས་ནས་གཞིས་རྩེ་བར་གྱི་ལྕགས་ལམ་འཛུགས་སྐྲུན་འདི་ནི་རྒྱལ་ཁབ་ཀྱི་ལས་གཞི་གལ་ཆེན་གྲས་དང་། ལྷག་པར་དུ་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདིའི་དགོངས་དོན་ལྟར། བོད་ཁུལ་འཛུགས་སྐྲུན་གོང་སྤེལ་གྱི་ལས་གཞི་ཡིན་ཚུལ། མེ་འཁོར་ལྕགས་ལམ་འདིས་མང་ཚོགས་ཀྱི་འགྲོ་སྐྱོད་སྟབས་བདེ་དང་། ཡུལ་སྐོར་ལས་རིགས་གོང་འཕེལ་ཐད་ནུས་པ་ཆེན་པོ་འདོན་ཐུབ་སྐོར་སོགས་བརྗོད་འདུག
ལྷ་ས་ནས་གཞིས་རྩེ་བར་གྱི་ལྕགས་ལམ་ལས་གཞི་མགོ་འཛུགས་མཛད་སྒོ།
ལམ་ཐག་ཉེ་རུ་ཉེ་རུ། འགྲོ་ལམ་དོག་དུ་དོག་དུ། སུའི་ཁད་དམ།
ལྕགས་ལམ་དེ་དྲག་ལམ་མིན་པར་ཞི་ལམ་ཁོ་ནར་གནས་ཐུབ་པའི་སྨོན་རེ་ཞུ།
ད་དངོས་གནས་རྒྱ་གར་གྱི་དོ་སྣང་གསར་པ་ཞིག་མི་བྱེད་བཀའ་མེད་རེད་ཡ།
བལ་ཡུལ་ལ་རྒྱ་ནག་གིས་ནུས་ཤུག་ཆེ་རུ་གཏང་ངེས་རེད།
དེའི་སྐབས་བོད་པ་དང་རྒྱ་གར་གཉིས་ཀ་ལ་དཀའ་ངལ་འཕྲད་སྲིད།