མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་ཁོར་ཡུག་དང་ཨེ་ཤ་ཡའི་ཁོར་ཡུག་གི་འབྲེལ་བ།

བོད་ཀྱི་དུས་བབ།
༢༠༡༠/༡༠/༡༠
Share on FacebookShare on TwitterShare on EmailShare on Whatsapp

བོད་གཞུང་ཕྱི་དྲིལ་ལས་ཁུངས་ཁོར་ཡུག་སྡེ་ཚན་གྱི་འགན་འཛིན་བསྟན་འཛིན་ནོར་བུ་ལགས་སུ། ཉེ་ཆར་ཁོང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་ཚོགས་འདུ་ཞིག་ལ་བཅར་ཏེ་བོད་ནང་གི་ཁོར་ཡུག་གནས་སྟངས་སྐོར་ལ་གཏམ་བཤད་གནང་ཡོད་སྟབས། གནས་ཚུལ་དེ་དང་འབྲེལ་བོད་ཀྱི་ཁོར་ཡུག་གནས་སྟངས་སྐོར་ལ་བཅར་འདྲི་ཞུས་པ།

 

དྲི་བ། ཉེ་ཆར་བོད་གཞུང་ཕྱི་དྲིལ་ཁོར་ཡུག་སྡེ་ཚན་ངོས་ནས་ལ་དྭགས་དང་ལྷོ་ཕྱོགས་སོགས་ས་གནས་ཁག་གི་སློབ་གྲྭ་ཁག་ཅིག་ནང་ཁོར་ཡུག་སྐོར་ལ་ཟབ་སྦྱོང་ཞིག་སྤྲད་འདུག དེའི་སྐོར་ངོ་སྤྲོད་ཅིག་གནང་རོགས།

ལན། ང་ཚོས་སློབ་གྲྭ་ཁག་ཏུ་ཁོར་ཡུག་སྐོར་ལ་ཟབ་སྦྱོང་སྤྲོད་དོན། བཙན་བྱོལ་ནང་ཡོད་པའི་བོད་མིའི་གཞིས་ཆགས་ཁག་ཙམ་མིན་པར། སློབ་གྲྭ་ཁག་ཏུ་འཚར་ལོངས་འབྱུང་བཞིན་པའི་སློབ་ཕྲུག་དེ་ཚོར་བོད་མཐོ་སྒང་གི་ཁོར་ཡུག་དེ་གང་འདྲ་ཡོད་མེད་ཤེས་སུ་འཇུག་རྒྱུ་གལ་ཆེན་པོར་མཐོང་སྟེ། ད་རེབ་བཙན་བྱོལ་དུ་ལོ་ལྔ་བཅུ་འཁོར་བའི་གྲ་སྒྲིག་ཚོགས་ཆུང་གི་ལས་རིམ་ནང་། ཕྱི་དྲིལ་ཁོར་ཡུག་སྡེ་ཚན་གྱིས་ལོ་ལྔ་བཅུ་འཁོར་བ་དང་སྟབས་བསྟུན་སློབ་གྲྭ་ཁག་ཏུ་བོད་ཀྱི་ཁོར་ཡུག་སྐོར་ཟབ་སྦྱོང་སྤྲོད་རྒྱུ་འཁོད་ཡོད། དེར་བརྟེན་ང་ཚོའི་ལས་གཞིའི་ནང་དུ་ད་ལོ་ལ་དྭགས་དང་མཱ་ན་ལི་ཁུལ་གྱི་བོད་མིའི་གཏན་སློབ་ཁག་དང་། ལྷོ་ཕྱོགས་ཀྱི་གཞིས་ཆགས་ཁག་གི་གཏན་སློབ་གང་འཚམ་ནང་ཟབ་སྦྱོང་སྤྲོད་ཐུབ་རྒྱུའི་ལས་གཞི་བསྒྲིགས་པ་བཞིན། འདི་གའི་ལས་བྱེད་གཉིས་དང་ཐོག་ལ་དྭགས་སུ་ཕྱིན་ཏེ་ཟབ་སྦྱོང་སྤྲད་པ་དང་། དེ་ནས་ཕྱིར་འཁོར་མཚམས་ལྷོ་ཕྱོགས་ཁག་ཏུ་ཕྱིན་པ་ཡིན། ལོ་རྗེས་མའི་ཟླ་གསུམ་པར་སློབ་གྲྭ་ཁག་གུང་སེང་ལས་ཕྱིར་འཛོམས་རྗེས་ང་ཚོས་འབྲས་ལྗོངས་ཁུལ་དང་མ་སུ་རི། དེ་བཞིན་ངྷ་སའི་ཉེ་འཁོར་གྱི་སུ་ཇཱ་དང་གྷོ་པལ་པུར་སོགས་སུ་ཟབ་སྦྱོང་སྤྲོད་རྒྱུ་ཡིན། དེ་མིན་ངྷ་སའི་གཡས་གཡོན་གྱི་སློབ་གྲྭ་ཁག་ཏུ་ཁོང་ཚོས་དུས་རྒྱུན་སྐད་བཏང་བ་གཞིར་བཟུང་འགྲོ་བཞིན་ཡོད་ནའང་། འདི་ནི་ཕྱོགས་མཐའ་ཁག་གི་སློབ་གྲྭ་ཁག་ཏུ་ཁོར་ཡུག་སྐོར་ལ་ཟབ་སྦྱོང་སྤྲད་པ་ཐེངས་དང་པོ་རེད། སློབ་གྲྭ་ཁག་ཏུ་ཕྱིན་སྐབས་སློབ་གྲྭའི་ཕྲུ་གུ་ཆུང་བ་རྣམས་ཀྱིས་དོ་སྣང་ཤུགས་ཆེན་པོ་བྱེད་ཀྱི་འདུག་ལ། ངས་དེ་གནད་འགག་ཆེན་པོར་མཐོང་གི་འདུག གང་ཡིན་ཟེར་ན་ཁོང་ཚོ་རིམ་གྱིས་འཛིན་གྲྭ་མཐོ་རུ་འགྲོ་གི་རེད་ལ། ང་ཚོས་སློབ་ཕྲུག་ཚོར་ཁྱེད་ཚོས་ཁོར་ཡུག་སྐོར་གང་སྦྱངས་པ་དེ་མ་བརྗེད་པ་བྱས་ཏེ། བྱུང་ན་རང་གི་ནང་དུ་ལོག་སྐབས་ཕ་མ་སྤུན་མཆེད་དང་གྲོགས་པོ་གྲོགས་མོ་དག་ལ་བཤད་རྒྱུ་གལ་ཆེན་པོ་རེད་ཅེས་བརྗོད་ཀྱི་ཡོད།

 

དྲི་བ། བོད་གཞུང་ཕྱི་དྲིལ་ཁོར་ཡུག་སྡེ་ཚན་གྱིས་ཐེངས་འདིར་སློབ་གྲྭ་ཁག་ཏུ་ཟབ་སྦྱོང་སྤྲད་པ་ཕུད། དེ་མིན་ཁོར་ཡུག་དང་འབྲེལ་བའི་ལས་དོན་གང་དང་གང་གནང་གི་ཡོད་དམ།

ལན། ཕྱི་དྲིལ་ཁོར་ཡུག་སྡེ་ཚན་གྱིས་གནད་འགག་ཆེ་ཤོས་བོད་ནང་ལོགས་ཀྱི་ཁོར་ཡུག་ལ་དོ་ཕོག་ག་ཚོད་འགྲོ་གི་འདུག དེར་དོ་སྣང་བྱེད་ཀྱིན་ཡོད། གཉིས་པ་བོད་ནང་དུ་རྒྱ་ནག་གིས་འཛུགས་སྐྲུན་གྱི་ལས་གཞི་གང་འདྲ་ཞིག་མགོ་འཛུགས་ཀྱིན་ཡོད་ནའང་། དེས་དངོས་གནས་མི་མང་ལ་ཕན་ཐོགས་གི་འདུག་གམ་མི་འདུག དེས་ཁོར་ཡུག་ལ་ག་ཚོད་གནོད་ཀྱི་འདུག མི་འབོར་སྤོ་ཤུགས་ལ་ག་ཚོད་ཤུགས་རྒྱག་གི་འདུག དེའི་ཐད་དོ་སྣང་བྱེད་ཀྱི་ཡོད། གསུམ་པ། བཙན་བྱོལ་གྱི་གཞིས་ཆགས་ཁག་ཏུ་ཕྱིན་ཏེ་ཁོར་ཡུག་གི་སྦག་བཙོག་དང་གད་སྙིགས་དེ་ཚོ་གང་འདྲ་བྱས་ཏེ་ཡོང་གི་ཡོད་མེད་སྐོར་བཅས་ལ་ཟབ་སྦྱོང་སྤྲོད་པ་སོགས་ལས་འགན་གཙོ་བོ་གསུམ་ཡོད།

འདས་པའི་ལོ་གཉིས་ནང་བོད་མཐོ་སྒང་གི་ཁོར་ཡུག་ཉམས་ཆག་འགྲོ་གི་ཡོད་སྟབས་ང་ཚོས་དེ་གལ་ཆེན་པོར་བརྩིས་ཏེ། དེང་སྐབས་རྒྱལ་སྤྱིའི་སྟེང་ཚོགས་འདུ་འཚོགས་པ་དང་མཐོ་སློབ་ཀྱི་སློབ་མ་མཉམ་དུ་སྐད་ཆ་བཤད་པ། གཏམ་བཤད་བགྲོ་གླེང་ལྟ་བུ་སོགས་སྡིངས་ཆ་གང་འདྲ་ཞིག་རེག་གི་ཡོད་ནའང་དེ་ལ་མཉམ་ཞུགས་བྱ་རྒྱུར་འབད་བརྩོན་བྱེད་ཀྱིན་ཡོད་ལ། ལོ་སྔོན་མ་དང་ད་ལོར་ཕྱི་རྒྱལ་ལུང་པ་བཞི་ལྔ་ཞིག་ཏུ་འགྲོ་ཐུབ་པ་བྱུང་ཡོད། ཕར་ཕྱིན་ཏེ་གལ་ཆེ་ཤོས་བོད་ནང་ལོགས་ཀྱི་ཁོར་ཡུག་ཉམས་ཆག་ཏུ་འགྲོ་གི་འདུག བོད་ནང་གི་འཛུགས་སྐྲུན་གྱི་ལས་གཞི་དག་གིས་བོད་མི་རྣམས་ལ་ཕན་ཐོགས་གི་མེད་ཐོག འཛམ་གླིང་གི་སྒྲིག་གཞི་དང་མཐུན་གྱི་མི་འདུག དེ་ཚོ་མཚམས་འཇོག་བྱ་དགོས་ཀྱི་འདུག་ཅེས་བཤད་བཞིན་ཡོད། དེ་བཞིན་ཚོགས་འདུ་དེ་འདྲ་འཚོགས་སྐབས་ང་ཚོས་རྩོམ་ཡིག་བྲིས་ཏེ་བསྐུར་བ་དང་དབྱིན་ཡིག་ནང་བྲིས་ཡོད་པའི་ཁོར་ཡུག་སྐོར་གྱི་དེབ་བཀྲམས་པ་སོགས་བྱེད་ཀྱིན་ཡོད།

 

དྲི་བ། རྒྱ་ནག་གིས་བོད་ས་བཙན་བཟུང་བྱས་པ་ནས་ཉིས་སྟོང་ཚུན་ཆད་བར་དུ་ཤིང་ནགས་གཅོད་འབྲེག་དང་གཏེར་ཁ་སྔོག་འདོན་བྱེད་པ་སོགས་མཚམས་འཇོག་བྱེད་མྱོང་མེད། ཡིན་ནའང་། ཉིས་སྟོང་ཚུན་ནས་རྒྱ་ནག་གིས་ཀྱང་རང་བྱུང་ཁོར་ཡུག་གི་ཉེན་ཁ་གསར་བ་ཞིག་མཐོང་སྟེ། སྔོན་མ་ལས་ཅུང་ཙམ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་འགྲོ་བཞིན་པའི་རྣམ་པ་མཐོང་གི་འདུག དེ་ལྟར་རེད་དམ།

ལན། དེང་སྐབས་ང་ཚོས་བོད་ཀྱི་ཁོར་ཡུག་སྐོར་ལ་གནད་དོན་གསུམ་ཤུགས་ཆེན་པོས་བཤད་ཀྱིན་ཡོད། གཅིག བོད་ནང་དུ་རྒྱ་ནག་གིས་འབྲོག་པ་རྣམས་འབྲོག་ས་ནས་འདུག་འཇུག་གི་མེད་པ་དང་། གཉིས་པ་གཏེར་ཁ་སྔོག་འདོན། གསུམ་པ་ཆུ་རགས་རྒྱག་པ་བཅས་རེད། དེར་བརྟེན་ཉིས་སྟོང་ཚུན་ནས་བོད་ནང་དུ་གཏེར་ཁ་སྔོག་འདོན་གྱི་ལས་གཞི་ཤུགས་ཆེ་རུ་ཕྱིན་འདུག སྔོན་མ་ནས་མདོ་སྨད་ཁུལ་དུ་གསེར་རྐོ་བ་སོགས་གཏེར་ཁ་སྔོག་གི་ཡོད་ཀྱང་། ཉིས་སྟོང་ཚུན་ཆད་ནས་དངུལ་གྱི་འགྲོ་སོང་མང་བོ་བཏང་སྟེ། རྒྱ་ནག་ཁོང་ཚོ་རང་གིས་བསྔོགས་མ་ཐུབ་ཀྱང་། ཁེ་ན་ཌ་སོགས་ཕྱི་རྒྱལ་གྱི་ལུང་པ་ཡོང་སྟེ་གཏེར་ཁ་སྔོག་འདོན་གྱི་ལས་གཞི་ཞིག་འགྲོ་བཞིན་པ་རེད། ཉེ་ཆར་ཕྱི་ཟླ་བརྒྱད་པའི་ནང་གཏེར་ཁ་སྔོག་འདོན་གྱི་སྐད་ཆ་ཞིག་བྱུང་ཡོད། དེར་བརྟེན་ཉིས་སྟོང་ཚུན་ཆད་དུ་རྒྱ་ནག་གིས་ཤེས་ཡོན་པ་སྐོར་ཞིག་གིས་རྩོམ་ཡིག་ནང་དུ་བྲིས་ཡོད་པ་རེད། དམིགས་བསལ་གྱི་བོད་ནང་ཞེས་བྲིས་མེད་ཀྱང་བོད་མཐོ་སྒང་གི་ཁོར་ཡུག་ཉམས་ཆག་འགྲོ་བཞིན་པ་དང་། རྒྱ་ནག་ཡོངས་ཀྱི་རྩྭ་ཐང་བྱེ་ཐང་དུ་འགྱུར་བཞིན་པ་སོགས་བྲིས་ཡོད། དེ་དག་ཉིས་སྟོང་སྔོན་དུ་དེ་ཙམ་ཐོན་ཐུབ་ཀྱི་མེད།

ཉིས་སྟོང་ཚུན་ཆད་ལ་འཛམ་གླིང་གི་གནམ་གཤིས་ལ་འགྱུར་ལྡོག་ཤུགས་ཆེན་པོ་བྱུང་སྟེ་མི་ཚང་མ་ཁོར་ཡུག་སྟེང་དོ་སྣང་གསར་བ་ཞིག་བསླེབས་དུས། རྒྱ་ནག་རང་གི་མཁས་པ་མང་བོ་ཞིག་གིས་ཀྱང་དེའི་སྐོར་ལ་རྩོམ་ཡིག་འབྲི་བཞིན་པ་རེད། ཡིན་ནའང་། རྩོམ་ཡིག་འབྲི་མཁན་དང་སྲིད་ཇུས་ལག་བསྟར་བྱེད་མཁན་གཉིས་འདྲ་གི་མ་རེད། ལག་བསྟར་བྱེད་མཁན་གྱི་དཔོན་པོ་ཚོ་རང་འཇགས་བསྡད་ཡོད་སྟབས་འགྱུར་བ་ཤུགས་ཆེན་པོ་ཕྱིན་མེད།

དེ་བཞིན་དཔལ་འབྱོར་ངོས་ནས་ལུང་པ་ཚང་མ་རྒྱ་ནག་ལ་རེ་བཞིན་ཡོད་ལ། གཡས་གཡོན་གྱི་ལུང་པ་དེ་ཚོས་ཡར་ལུང་གཙང་པོ་དང་རྫ་ཆུ་སོགས་ལ་ཆུ་རགས་རྒྱག་སྐབས་དེའི་གནོད་སྐྱོན་གང་འདྲ་ཡིན་མིན་ཤེས་རྟོགས་ཐུབ་ཀྱི་ཡོད་མོད། ཚོང་འབྲེལ་གྱི་དབང་གིས་ཁ་ཐུག་ཏུ་རྒྱ་ནག་ལ་ལབ་ཕོད་ཀྱི་མེད། ཡིན་ནའང་། ལུང་པ་དེ་དག་ནང་གི་ལྗང་ཁུ་ཚོགས་པ་དང་ཁོར་ཡུག་ཆེད་མཁས་པ་དག་གིས་རྟག་ཏུ་ལབ་ཀྱི་ཡོད། དེ་བཞིན་ཉེ་ཆར་ང་ཚོ་རྒྱལ་སྤྱིའི་ལྗང་ཁུ་ཚོགས་པ་དང་ལྷོ་ཨེ་ཤ་ཡའི་ལྗང་ཁུ་ཚོགས་པ་ཐེ་ཝན་དུ་ཚོགས་འདུ་ཞིག་འཚོགས་སྐབས་སོག་ཡུལ་དང་པ་ཀི་སི་ཐན། རྒྱ་གར་སོགས་ཀྱི་འཐུས་མི་དག་གིས་ཤུགས་ཆེན་པོའི་ཐོག་ནས་བཤད་ཀྱི་འདུག ཁོང་ཚོས་རྒྱ་ནག་ལ་དེང་སྐབས་ཆུ་རགས་རྒྱག་རྒྱུར་དབྱིངས་འཕར་བསྡད་ཡོད་པར་བརྟེན། ལས་གཞི་དེ་གང་མགྱོགས་སྒོས་མཚམས་འཇོག་བྱ་དགོས་ཀྱི་འདུག་ཅེས་བརྗོད་ཀྱི་འདུག་པ་མ་ཟད། ཉེ་འཁོར་གྱི་རྒྱལ་ཁབ་ཁག་གི་ཆུའི་མགོ་ཁུངས་ནི་བོད་ཡིན་ལ། དེ་ནི་བོད་གཅིག་པུར་བདག་གི་མེད་པར་རྒྱལ་མཚམས་རིས་མེད་ཀྱི་ཆུ་ཡིན་སྟབས་ལུང་པ་ཚང་མར་བརྒྱུགས་ཏེ་མི་ས་ཡ་མང་བོས་དེ་ལ་བརྟེན་ནས་འཚོ་བ་རོལ་གྱིན་ཡོད། དེར་བརྟེན་ཆུ་རགས་རྒྱག་ཆོག་གི་མེད་ཅེས་གྲོས་ཆོད་ཀྱང་བཞག་ཡོད།

 

དྲི་བ། གལ་སྲིད་རྒྱ་ནག་གིས་མུ་མཐུད་བོད་ནང་གཏེར་ཁ་སྔོག་འདོན་དང་ཆུ་རགས་རྒྱག་པ། ཁོར་ཡུག་སྦག་བཙོག་བཟོ་བ་སོགས་མཚམས་འཇོག་མ་བྱས་ཚེ། མ་འོངས་པའི་ལོ་བཅོ་ལྔ་དང་ཉི་ཤུ། ཡང་ན་དེ་ལས་མང་བའི་ནང་དུ་བོད་ཀྱི་ཁོར་ཡུག་གནས་སྟངས་གང་འདྲ་ཆགས་གི་རེད། དཔེར་ན། ཁོར་ཡུག་ལ་བདག་པོ་མ་བརྒྱབས་པའི་དབང་གིས་ཉེ་བའི་ལོ་གཅིག་གཉིས་ནང་ས་ཡོམ་དང་ཆུ་ལོག ས་རུད་ཀྱི་གནོད་སྐྱོན་ཚབས་ཆེན་བྱུང་ལྟ་བུ་ཡོང་སྲིད་དམ། 

ལན། ད་ལྟ་རྒྱ་ནག་གིས་ལག་བསྟར་བྱེད་ཀྱིན་པ་ལྟར་མུ་མཐུད་ཆུ་རགས་རྒྱག་པ་དང་གཏེར་ཁ་སྔོག་འདོན་གྱི་ལས་གཞི་མཚམས་འཇོག་མ་བྱས་ཚེ། ལོ་བཅོ་ལྔ་ཉི་ཤུའི་རྗེས་ནས་བོད་ཀྱི་ཁོར་ཡུག་གང་འདྲ་ཞིག་ཆགས་གི་རེད་ལབ་ན། རྩྭ་ཐང་དེང་སྐབས་བྱེ་ཐང་དུ་འགྱུར་བཞིན་པ་རེད། དེའི་སྟེང་དུ་གནད་འགག་ཆེ་ཤོས་བོད་ཀྱི་ཆུ་མགོ་དག་ཆགས་ཡོད། གཏེར་ཁ་སྔོག་འདོན་གྱི་ལས་གཞི་གང་འདྲ་ཞིག་ཡིན་རུང་ཆུ་མེད་ཐབས་མེད་སྟབས། གང་ན་གཏེར་ཁ་སྔོག་འདོན་བྱེད་ཀྱི་ཡོད་ན་དེའི་ཉེ་འཁྲིས་སུ་གཙང་བོ་ཞིག་གམ་ཆུ་ཕྲན་ཞིག་ཡོད་ཡོད་པ་རེད། གལ་སྲིད་མུ་མཐུད་གཏེར་ཁ་སྔོག་འདོན་བྱས་ཚེ་ཆུ་ཕྲན་ཚང་མ་བཙོག་པ་ཆགས་པ་དང་དེའི་ནང་རྫས་སྣ་ཚོགས་ཀྱིས་ཁེངས་ཏེ། ཆུ་གནས་ཉ་དང་སྲོག་ཆགས་གཞན་པའི་ཚེ་སྲོག་ལ་གནོད་སྐྱོན། དེ་བཞིན་ཆུ་དེ་དག་ཞིང་ཁ་སོགས་སུ་རྒྱུག་སྐབས། ཞིང་ཁ་འཕྲོ་བརླག་དང་སྒོ་ཕྱུགས་སེམས་ཅན་ལ་གནོད་སྐྱོན་སོགས་ཡོང་གི་རེད།

དེ་བཞིན་ཉིས་སྟོང་དྲུག་ལོ་ནས་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱས་པ་ལྟ་བུར་མཚོན་ན། བོད་ནང་འཛུགས་སྐྲུན་བྱས་ཚུལ་གླེང་གི་ཡོད་མོད། བོད་ནང་གི་གཏེར་ཁ་རྒྱ་ནག་ཏུ་དབོར་རྒྱུར་འཆར་གཞི་བཏང་ཚར་ཡོད། གལ་སྲིད་ཁོང་ཚོས་འཆར་གཞི་འདི་མུ་མཐུད་ལག་བསྟར་བྱས་ཚེ། ལོ་བཅོ་ལྔ་ཉི་ཤུའི་རྗེས་ནས་བོད་ནང་གི་གནས་རི་སྐད་གྲགས་ཆེན་པོ་གང་འདྲ་ཞིག་ཡིན་ནའང་། རྒྱ་ནག་གིས་དེའི་ནང་ན་གཏེར་ཁ་ཡོད་ཚེ་བསྔོག་རྐྱང་བྱེད་གི་རེད། དེར་བརྟེན་སྔོན་མ་ནས་དགོན་པ་གྲྭ་ཚང་ཁག་གི་ནང་སྙིང་དང་ལྷ་རྟེན་ཆོས་གསུམ་བསྔོགས་ཚར་བ་མ་ཟད། ད་གནས་རི་རྩ་ཆེན་པོ་དག་བསྔོག་ན་ཁོར་ཡུག་ཡིན་དང་ཡིན། དེ་བཞིན་རིག་གཞུང་དང་མི་མང་གི་མཐུན་སྒྲིལ་ཚུན་ནས་གཏོར་བཤིག་གཏོང་རྒྱུའི་ཉེན་ཁ་ཆེན་པོ་ཞིག་མཐོང་གི་འདུག དེ་ང་ཚོ་ཙམ་མ་ཟད་ཕྱི་རྒྱལ་གྱི་མིས་ཀྱང་མཐོང་གི་ཡོད་ཀྱང་ཐད་ཀར་དུ་ལབ་ཐུབ་ཀྱི་མེད།

དེ་མིན་དེང་སྐབས་རྒྱ་ནག་གིས་བོད་ནང་ཡར་རྒྱས་འགྲོ་གི་ཡོད་སྐོར་སྒྲོག་གི་ཡོད་ལ། ཕྱི་ལོ་ ༢༠༠༥ ལོ་ནས་བཟུང་ང་ཚོས་བོད་ནང་ཡར་རྒྱས་འགྲོ་རྒྱུར་ལམ་སྟོན་གྱི་ཡིག་ཆ་ཞིག་བཏོན་ཡོད། དེའི་ནང་ཁ་གསལ་བོ་བྲིས་ཡོད། ལས་གཞི་གང་འདྲ་ཞིག་ཡིན་རུང་དང་པོར་འཚེ་བ་མེད་པ་ཞིག་དགོས་ཀྱི་ཡོད།

གཉིས་པ་ལས་གཞི་གང་འདྲ་ཞིག་ཡིན་རུང་ལས་གཞི་དེའི་རྐྱེན་པས་རྒྱ་ནག་ནས་ཚུར་མི་འབོར་སྤོ་ཤུགས་མེད་པ་ཞིག དེ་བཞིན་གཏེར་ཁ་སྔོག་འདོན་ལྟ་བུའི་རིགས་མེད་པ་ཞིག དཔེར་ན། ཉིས་སྟོང་དྲུག་ལོར་མེ་འཁོར་ལྕགས་ལམ་བརྒྱབས་པ་དང་རྒྱ་ནག་གིས་དེ་ལ་འགྲོ་སོང་ཕོན་ཆེན་པོ་བཏང་ཡོད་ཟེར་གི་ཡོད། ལྷག་པར་དུ་རྒྱ་ནག་གིས་མེ་འཁོར་ལྕགས་ལམ་རྒྱག་ཆེད་མི་སྟོང་ཕྲག་ ༢༥ ཙམ་ལ་ལས་ཀ་སྤྲད་འདུག་ལ། དེའི་ཁྲོད་བོད་མི་ ༧༠༠ ལས་མེད། དེར་བརྟེན་མི་ ༧༠༠ ལས་གཞན་ཚང་མ་རྒྱ་ནག་ནས་ཚུར་བསླེབས་ཡོད་ལ། ཚུར་བསླེབས་ཏེ་ལས་གཞི་ཚར་རྗེས་མུ་མཐུད་བོད་ནང་གཏན་སྡོད་བྱས་པ་མ་གཏོགས་ཕྱིར་རྒྱ་ནག་ཏུ་ལོག་མེད།

མ་འོངས་པར་ལས་གཞི་འདི་ལྟ་བུ་མང་བོ་ཞིག་བང་བསྒྲིགས་ནས་བཞག་ཡོད་ལ། བོད་མི་རྣམས་རང་ས་རང་ཡུལ་དུ་གྲངས་ཉུང་མི་རིགས་ཆགས་ཡོད་ཐོག འདི་ལྟ་བུའི་ལས་གཞི་དག་གིས་མུ་མཐུད་དེ་གྲངས་ཉུང་མི་རིགས་ཆགས་འཇུག་གི་ཡོད། དེ་བཞིན་སྒང་གི་ལས་ཀ་བྱེད་མཁན་ཚང་མ་དམར་ཤོག་པའི་ལྟ་བ་ཡོད་མཁན་དེ་འདྲ་ཡིན་སྟབས། བོད་རིགས་མཉམ་དུ་འབྲེལ་བ་བྱས་ཏེ་ལས་གཞི་འདི་བྱས་ན་གང་འདྲ་འདུག་ཅེས་སྐད་ཆ་འདྲི་གི་མེད། ཡང་ལས་གཞི་ཁག་ཅིག་རྩ་ཁྲིམས་ལའང་གཞི་བཅོལ་གྱི་མེད་པར། ཁོང་ཚོ་རང་ལ་ཁེ་ཕན་ཡོད་པའི་ལས་གཞི་ཞིག་མགོ་རྩོམ་དུས་རྩ་ཁྲིམས་རྩིས་མེད་གཏོང་རྐྱང་བྱེད་ཀྱིན་ཡོད། དེ་ལྟར་ལོ་བཅུ་བཅོ་ལྔ་ཞིག་ཕྱིན་ཚེ་ང་ཚོས་བོད་མཐོ་སྒང་གི་གལ་ཆེའི་ཁོར་ཡུག་ལ་ཚབས་ཆེའི་གནོད་སྐྱོན་ཐེབས་ཏེ། བོད་མི་ས་ཡ་དྲུག་ཙམ་མ་ཟད་ཉེ་འཁོར་གྱི་རྒྱལ་ཁབ་ཁག་གི་མི་ས་ཡ་མང་བོར་དཀའ་ངལ་འཕྲད་གི་རེད།

 

དྲི་བ། སྐུ་ཉིད་ཀྱིས་ཉེ་ཆར་ཕྱི་དྲིལ་ཁོར་ཡུག་སྡེ་ཚན་གྱི་ཚབ་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་འདུ་ཞིག་གི་སྟེང་དུ། བོད་ཀྱི་ཁོར་ཡུག་སྐོར་ལ་སྐད་ཆ་བཤད་རྒྱུའི་གོ་སྐབས་བྱུང་བ་རེད་ཟེར། དེའི་སྐོར་ངོ་སྤྲོད་ཅིག་གནང་རོགས།

ལན།  ཕྱི་ཟླ་ ༩ ཚེས་ ༢༧ ཉིན་སུད་སིའི་གྲོང་ཁྱེར་ཇི་ནིའུ་ཝར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ཚོགས་ཆེན་ཐེངས་བཅོ་ལྔ་བ་དེ་འཚོགས་པ་རེད། སྐབས་དེར་དུས་ཚོད་གསུམ་ཙམ་རེག་སྟེ་ངས་སྐད་ཆ་བཤད་པ་ཡིན། དེ་དུས་ངས་བོད་ཀྱི་ཁོར་ཡུག་གནས་སྟངས་དེ་པར་རིས་བརྒྱུད་ནས་བསྟན་པ་ཡིན། གཅིག་ནས་བོད་ཀྱི་ཁོར་ཡུག་དེ་གལ་ཆེན་པོ་གང་འདྲ་ཡིན་མིན་དང་། གཉིས་ནས་བོད་ཀྱི་ཁོར་ཡུག་ལ་དོ་ཕོག་འགྲོ་གི་འདུག་ཅེས་བཤད་རྒྱུ་བྱུང་། དེའི་ནང་དམིགས་བསལ་འཁྱགས་རོམ་ཞུ་བ་དང་ཆུ་མགོ་ཚང་མ་སྐམ་འགྲོ་བ། རྩྭ་ཐང་བྱེ་སར་འགྱུར་བ། འབྲོག་པ་རྣམས་ཀྱིས་ལོ་སྟོང་ཕྲག་མང་བོའི་སྔོན་ནས་སྒོ་ཕྱུགས་སེམས་ཅན་ལ་བསྟེན་ཏེ་འཚོ་བ་སྐྱེལ་བའི་བྱེད་སྒོ་རྣམ་གསུམ་མེད་པར་འགྱུར་བ་སོགས་ཀྱི་སྐོར་བཤད་པ་ཡིན། དེ་མིན་ནམ་རྒྱུན་ང་ལ་གང་དུ་སྐད་ཆ་བཤད་པའི་གོ་སྐབས་བྱུང་རུང་། ཕྱི་རྒྱལ་གྱི་མི་ཁག་ཅིག་ཐོག་མ་ནས་བོད་ཀྱི་ཁོར་ཡུག་སྐོར་ལ་གང་འཚམ་ཡག་པོ་ཤེས་མཁན་དེ་འདྲ་རེད། ཁག་ཅིག་དེའི་སྐོར་མཐོང་ཐོས་ཡོད་པ་ཙམ་དང་། ཡང་ཁག་ཅིག་སྔར་མཐོང་ཐོས་མེད་པར་བརྟེན་ཧང་སང་ཡོང་གི་འདུག དཔེར་ན། སྔོན་མ་བོད་ནང་གི་འབྲོག་པ་དེ་ཚོས་འཚོ་བ་ཇི་ལྟར་བསྐྱལ་བ་དང་དེང་སྐབས་རྒྱ་ནག་གིས་འབྲོག་པ་རྣམས་གྲོང་ཁྱེར་དུ་སྤོར་བཅུག་པ་སོགས་བཤད་དུས་ཧང་སང་གི་འདུག དེ་གཅིག་རེད། དེ་བཞིན་གཏེར་ཁ་སྔོག་འདོན་དང་ཆུ་རགས་རྒྱག་པའི་ཐད་དུ་དྲི་བ་མང་བོ་བཏང་ཡོང་གི་འདུག གང་ཡིན་ཟེར་ན་ཆུ་རགས་བརྒྱབ་དུས་རྫ་ཆུ་གཙང་པོ་ལྟ་བུར་མཚོན་ན་བོད་གཅིག་པུ་ཙམ་མིན་པར་བོད་ནས་མར་བརྒྱུགས་འགྲོ་དུས་ལྷོ་ཨེ་ཤ་ཡའི་ལུང་པ་དྲུག་བདུན་ཞིག་ཏུ་བཞུར་ཏེ། མི་ས་ཡ་ ༨༠ ལྷག་ཅིག་ཆུ་དེ་ག་རང་ལ་བསྟེན་བསྡད་ཡོད། དེའི་ནང་དུ་ཞིང་པ་ཡོད་ལ་ཉ་པའང་ཡོད།

དེ་བཞིན་ལྷོ་ཨེ་ཤ་ཡར་འབྲས་ཤུགས་ཆེན་པོ་ཟ་གི་ཡོད་ལ། གལ་སྲིད་རྒྱ་ནག་གིས་ཆུ་རགས་བརྒྱབ་ཚེ་ ༢༠༣༠ ནང་ཆུ་ཉུང་དུ་ཕྱིན་ཏེ་འབྲས་ཀྱི་ཐོན་སྐྱེད་ལ་གནོད་སྐྱོན་ཐེབས་ཚད་བརྒྱ་ཆ་བཞི་བཅུ་ནས་ལྔ་བཅུ་ཉུང་དུ་འགྲོ་གི་ཡོད་སྐོར་སོགས་ལབ་དུས། ཁོང་ཚོས་དངོས་གནས་བོད་མཐོ་སྒང་དེ་ག་ཚོད་གལ་ཆེན་པོ་ཡིན་མིན་སྐོར་ལ་སེམས་འཚབ་བྱེད་ཀྱིན་འདུག དེ་མིན་ང་ཚོས་བོད་མཐོ་སྒང་སྐོར་ག་ཚོད་བཤད་ཀྱང་ཁོང་ཚོས་དེ་བོད་གཅིག་པུ་ཡིན་ས་རེད་མ་གཏོགས་ལྷོ་ཨེ་ཤ་ཡའི་མི་མང་མང་ལ་དོ་ཕོག་འགྲོ་གི་ཡོད་པ་ཤེས་རྟོགས་ཐུབ་ཀྱི་མེད། དེར་བརྟེན་བོད་ཀྱི་ཁོར་ཡུག་གཙང་མར་ཉར་རྒྱུ་ནི་བོད་གཅིག་པུ་ཙམ་མིན་པར་ཨེ་ཤ་ཡ་ཚང་མས་ལས་འགན་རེད་ཟེར་དུས་གཞི་ནས་དོ་སྣང་བྱེད་ཀྱི་འདུག

 

གསར་འགོད་པ། ཨ་རིག་འགྱུར་མེད།

འབྲེལ་ཡོད་གསར་འགྱུར།

Advertisement for App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུ།

༢༠༢༥/༠༧/༠༥
Photo Credit: The European Parliament
༸གོང་ས་མཆོག གསར་འགྱུར།

རྒྱ་ནག་གཞུང་གིས་སྐུའི་ཡང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས་པའི་སྐུལ་མ་བྱས།  

༢༠༢༥/༠༧/༠༥
བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༠༧།༠༥
༸གོང་ས་མཆོག གསར་འགྱུར།

བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༧/༠༥
The BBC visited the Kirti monastery in Aba as the Dalai Lama turned 90
Mobile App

༧སྐུའི་གོ་སྟོན་དང་འབྲེལ་བོད་ནང་དུ་དམ་དྲག་ཤུགས་ཆེན་བྱེད་བཞིན་འདུག

༢༠༢༥/༠༧/༠༤
རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག ལྷ་སྲས་བསོད་ནམས་ཀྱི་པར། ༢༠༢༥།༧།༤
Mobile App

རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག

༢༠༢༥/༠༧/༠༤
༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༤
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས།

༢༠༢༥/༠༧/༠༤

མཆན། 4

  1. བསྟན་འཛིན་ཨ་ནཎ་ཌ། says:
    ལོ་ 15 སྔོན།

    གཏམ་བཤད་འདི་ལྟ་བུ་ང་ཚོ་བལ་ཡུལ་དུ་གནས་སྡོད་བོད་རིགས་རྣམས་ལ་ཉན་རྒྱུའི་གོ་སྐབས་རེག་ན་ཅི་མ་ལེགས་སྙམ།

    Reply
  2. kunga tenzin says:
    ལོ་ 15 སྔོན།

    བལ་ཡུལ་གནས་སྡོད་རང་རིགས་བོད་མི་བཙན་བྱོལ་བ་རྣམས་ལ་བོད་ཀྱི་ཁོར་ཡོུག་སྐོར་གཏམ་བཤད་གནང་འཆར་ཡོད་དམ།

    Reply
  3. kunga tenzin says:
    ལོ་ 15 སྔོན།

    བོད་གཞུང་ཕྱི་དྲིལ་ལས་ཁུངས་ཁོར་ཡུག་སྡེ་ཚན་གྱིས་ང་ཚོ་བཙན་བྱོལ་དུ་འབྱོར་ནས་ལོ་ངོ་ཕྱེད་བརྒྱ་འཁོར་བའི་དུས་དྲན་བསྲུང་བརྩི་གི་ལས་རིམ་ནང་མཉམ་ཞུགས་གནང་ནས་རང་རིགས་ན་གཞོན་ཚོར་བོད་ཀྱི་ད་ལྟའི་ཁོར་ཡུག་གི་གནས་བབས་སྐོར་རྒྱ་གར་གྱི་གཞིས་ཁག་ཏུ་གཏམ་བཤད་གནང་ཟིན་པ་དང་ད་དུང་ས་གནས་རེ་ཟུང་དུ་གནང་འཆར་ཡོད་པ་བརྗོད་འདུག། གནང་འཆར་གི་ལས་རིམ་ནང་དུ་བལ་ཡུལ་དུ་གནས་སྡོད་རང་རིགས་བཙན་བྱོལ་བ་རྣམས་ལ་ཁོར་ཡག་སྐོར་གྱི་གཏམ་བཤད་གསན་རྒྱུའི་གོ་སྐབས་རེག་གམ།།

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    བོད་ཀྱི་ས་ཆའི་ཐོན་ཁུངས་ཁག་གསུམ་གྱི་བརྒྱ་ཆ་ཆ་བགོས་བྱས་ན།
    ཞིང་ས་བརྒྱ་ཆ་༢%
    ཤིང་ནགས་བརྒྱ་ཆ་༥%
    རྩྭ་ཐང་བརྒྱ་ཆ་༧༠%
    དེ་མིན་པ་བརྒྱ་ཆ་༢༣%

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese