མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངོས་ཀྱིས་རྒྱ་གཞུང་གི་བསམ་ཚུལ་འདྲ་མིན་ལ་བརྩི་མཐོང་བྱེད་ཀྱི་མེད།

བོད་ཀྱི་དུས་བབ།
༢༠༡༠/༡༠/༡༢
Share on FacebookShare on TwitterShare on EmailShare on Whatsapp
རྒྱ་ནག་གཞུང་གིས་ལིག་ཞོ་པའོ་ཁྲིམས་འགལ་ནག་ཉེས་ཅན་གྱི་མི་ཞིག་ཏུ་ངོས་འཛིན་དང་ཁོང་ལ་གཟེངས་རྟགས་ཕུལ་བ་དེ་ཞི་བདེའི་གཟེངས་རྟགས་ཀྱི་ཡང་དག་པའི་དམིགས་ཡུལ་དང་འགལ་ཡོད་པའི་སྐྱོན་བརྗོད་བྱས་ཡོད་ཀྱང་། ཁོང་ཉིད་ནས་རྒྱ་ནག་གཞུང་གི་བསམ་ཚུལ་འདྲ་མིན་ལ་བརྩི་མཐོང་རྩ་བ་ནས་བྱེད་ཀྱི་མེད་ཅེས་༸གོང་ས་མཆོག་གིས་གསུངས་འདུག
ཟླ་འདིའི་ཕྱི་ཚེས་ ༤ ཉིན་ནས་ ༧ བར་༸གོང་ས་མཆོག་གིས་ཐའེ་ཝན་གྱི་དད་ལྡན་པ་གཙོས་འཛམ་གླིང་རྒྱལ་ཁབ་ ༥༧ ལྷག་གི་ཆོས་ཞུ་བ་ ༥༠༠༠ ལྷག་ལ་བཀའ་ཆོས་གནང་ཡོད་ཅིང་།  ཕྱི་ཚེས་ ༡༠  ཉིན་རྒྱ་གར་ལྷོ་ནུབ་པུ་ནེ་གྲོང་ཁྱེར་དུ་ཡོད་པའི་ Tej Gyan ,Foundation ཞེས་པའི་ཐེབས་རྩ་ཁང་གི་གདན་ཞུས་ལྟར་ཆིབས་བསྒྱུར་གནང་བར་མ་ཟད། དེར་ཡོད་མི་མང་ ༡༠༠༠ བརྒལ་བར་འཛམ་གླིང་ཞི་བདེ་དང་སེམས་ཀྱི་བདེ་བ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་ཡོད་པ་རེད།
སྐབས་དེར་༸གོང་ས་མཆོག་གིས། ང་ཚོས་འཛམ་གླིང་ནང་འབྱུང་བཞིན་པའི་རྩོད་རྙོག་མཐའ་དག་གྲོས་མོལ་གྱི་ལམ་ནས་སེལ་ཐབས་བྱ་དགོས་ལ། དུས་རབས་ ༢༡ དེ་འཚེ་བ་མེད་པའི་དུས་རབས་ཤིག་བསྐྲུན་པར་ཚང་མས་འབད་པ་བྱ་དགོས། རྒྱ་གར་ལ་མཚོན་ན་ལོ་ངོ་སྟོང་ཕྲག་ལྷག་གི་རིང་ནས་འཚེ་མེད་ཞི་བའི་ལྟ་གྲུབ་ལག་བསྟར་བྱེད་བཞིན་ཡོད་ཅིང། མང་གཙོའི་རིང་ལུགས་ཀྱི་ལྟ་གྲུབ་དེའང་སྲིད་དོན་པ་རེ་འགས་ཆབ་སྲིད་ལ་བརྟེན་པའི་དཀའ་ངལ་ཆུང་ཚགས་འཕྲད་བཞིན་ཡོད། ཡིན་ནའང་། ཆོས་ལུགས་འདྲ་མིན་གྱི་རྗེས་འབྲངས་པ་ཚོ་ཞི་བའི་ངང་མཉམ་གནས་བྱེད་བཞིན་ཡོད་ལ། ཧིན་ངྷི་དང་སིཀ་གི་ཆོས་ལུགས་ཀྱི་རྗེས་འབྲངས་པ་ཚོ་ཡང་རྒྱ་གར་ནང་གཞིས་ཆགས་ཏེ་ཞི་བདེ་ལྷིང་འཇགས་ཐོག་འཚོ་བ་སྐྱེལ་ཐུབ་ཀྱི་ཡོད། མུམ་བྷེ་ལྟ་བུར་མཚོན་ན་པར་སིའི་ཆོས་ལུགས་རྗེས་འབྲངས་པ་ཉུང་ཤས་ཤིག་ལས་མེད་ཀྱང་ཁོང་ཚོས་སྤྱི་ཚོགས་ནང་ཕན་རླབས་ཆེ་བའི་བྱས་རྗེས་བཞག་ཡོད་སྟབས། རྒྱ་གར་བ་ཚོས་གྲོས་མོལ་དང་འཆམ་མཐུན་གྱི་སྤྱི་ཚོགས་ཤིག་བསྐྲུན་རྒྱུར་འགན་ལེན་བྱ་དགོས། འཛམ་གླིང་ཞི་བདེ་ཟེར་བ་དེ་གནམ་ནས་བབ་པ་ཞིག་མིན་པར་མི་མང་གི་ངོས་ནས་འབད་བརྩོན་བྱ་དགོས་ལ། ངོས་རང་ཡང་རྒྱ་གར་གྱི་བང་ཆེན་ལྟ་བུ་ཞིག་ཡིན་ཞེས་བརྗོད་པར་སྤོབས་པ་ཡོད། ཅེས་བཀའ་སློབ་བསྩལ་ཡོད།
ཐེངས་འདིའི་པུ་ནེ་གྲོང་ཁྱེར་གྱི་མཛད་འཕྲིན་ཡོངས་སུ་གྲུབ་རྗེས་༸གོང་ས་མཆོག་ཨ་རིར་ཆིབས་སྒྱུར་གནང་ཡོད་པ་དང་།ཉི་ཧོང་གི་རྒྱལ་ས་ཁྲོ་ཁོའི་ན་རི་ཌ་གནམ་ཐང་གི་ཕེབས་ལམ་དུ་དེར་ཡོད་ཡོ་ཌོལ་གསར་ཁང་གི་གསར་འགོད་པས་ཐེངས་འདིའི་ནོ་སྦེལ་ཞི་བདེ་གཟེངས་རྟགས་ལིག་ཞོ་པའོ་ལ་སྤྲོད་གཏན་འཁེལ་བ་དང་དེའི་ཐད་རྒྱ་གཞུང་གིས་སྐྱོན་བརྗོད་བྱེད་བཞིན་པའི་ཐད་ཀྱི་དགོངས་ཚུལ་དྲིས་པའི་ལན་དུ། ༸གོང་ས་མཆོག་གིས། རྒྱ་ནག་གིས་གུ་ཡངས་ལྡན་པའི་ཕྱི་གསལ་ནང་གསལ་གྱི་སྤྱི་ཚོགས་ཤིག་སྐྲུན་པའི་ཐོག་མི་མང་ཉེན་སྐྱོབ་ཐུབ་རྒྱུ་ཡིན་རུང༌། རྒྱ་ནག་གི་འཛིན་སྐྱོང་འགོ་འཁྲིད་ཁྲོད་ཀྱི་ལྟ་བ་མཁྲེགས་འཛིན་པ་ཁག་ཅིག་གིས་བསམ་བློ་རྙིང་པ་རང་གི་ཐོག་ལ་ཨུ་ཚུགས་རྒྱག་བཞིན་ཡོད་པ་རེད། རྒྱ་ནག་གི་བཙོན་འཇུག་དོ་དམ་འོག་ཡོད་པའི་ལིག་ཞོ་པའོ་ལ་འདི་ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་པ་དེར་ཨ་རིའི་སྲིད་འཛིན་གཙོས་འཛམ་གླིང་གི་དབུ་ཁྲིད་མང་པོ་ཞིག་གིས་བསྔགས་བརྗོད་རྒྱ་ཆེ་གནང་བར་མ་ཟད། ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་གིས་རྒྱ་ནག་གཞུང་ལ་ལིག་ཞོ་པའོ་གློད་གྲོལ་གཏོང་དགོས་པའི་རེ་སྐུལ་ཡང་གནང་ཡོད།
ཡིན་ནའང་། རྒྱ་ནག་གཞུང་གིས་ལིག་ཞོ་པའོ་ཁྲིམས་འགལ་ནག་ཉེས་ཅན་གྱི་མི་ཞིག་ཏུ་ངོས་འཛིན་དང་ཁོང་ལ་གཟེངས་རྟགས་ཕུལ་བ་དེ་ཞི་བདེའི་གཟེངས་རྟགས་ཀྱི་ཡང་དག་པའི་དམིགས་ཡུལ་དང་འགལ་ཡོད་པའི་སྐྱོན་བརྗོད་བྱས་ཡོད་ཀྱང་། ཁོང་ཉིད་ནས་རྒྱ་ནག་གཞུང་གི་བསམ་ཚུལ་འདྲ་མིན་ལ་བརྩི་མཐོང་རྩ་བ་ནས་བྱེད་ཀྱི་མེད། ཅེས་བཀའ་ལན་གནང་འདུག
ཁ་སང་ཕྱི་ཚེས་ ༡༡ ཉིན་གྱི་སྔ་དྲོ་༸གོང་ས་མཆོག་ཨ་རིའི་ཁ་ལི་ཧྤོ་ནི་ཡའི་མངའ་སྡེའི་སན་ཧྤི་རན་སིས་སི་ཁོའི་གནམ་ཐང་དུ་ཞབས་སོར་བདེ་བར་འཁོད་ཡོད་ལ། དེར་ཡོད་ཨ་རིའི་དོན་གཅོད་དང་ཨ་རིར་རྟེན་གཞི་བྱས་པའི་རྒྱ་གར་གཞུང་ཚབ། དེ་བཞིན་བྱང་ཁ་ལི་ཧྤོ་ནི་ཡའི་བོད་རིགས་ཚོགས་པ་དང་བོད་དོན་རྒྱབ་སྐྱོར་བ། ས་གནས་བོད་རིགས་བཅས་ཀྱིས་ཕེབས་བསུའི་ཁྲོད་སེན་རྗོ་སི་རུ་ཆིབས་བསྒྱུར་གནང་ཡོད།

དེ་རིང་ཕྱི་ཚེས་  ༡༢ ཉིན་ནས་ ༡༥ བར་༸གོང་ས་མཆོག་གིས་སེན་རྗོ་སི་ཀོན་ཝེན་ཤན་ཚོགས་ཁང་དུ་བྱང་ཁ་ལི་ཧྤོ་ནི་ཡའི་ས་གནས་བོད་མི་ཚོར་མཇལ་ཁ་གནང་རྒྱུ་ཡིན་པ་དང་། ཉིན་རྒྱབ་ཚོགས་ཁང་དེའི་ནང་བློ་སྦྱོང་ཚིགས་བརྒྱད་མ་དང་སེམས་སྐྱེད་སོགས་ཀྱི་ཆོས་འབྲེལ་གནང་རྗེས་། སང་ཉིན་ནས་བཟུང་སེན་རྗོ་སི་གཙུག་ལག་སློབ་གྲྭའི་ནང་འོད་དཔག་མེད་ཀྱི་རྗེས་གནང་དང་ཧྤོ་ལོ་ཨལ་ཊོའི་གཙུག་ལག་སློབ་གྲྭའི་ནང་སྒེར་གྱི་མི་ཚེ་དང་བྱམས་བརྩེའི་གལ་གནད་ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་རྒྱུ་ཡིན་པར་མ་ཟད།  བྱམས་བརྩེ་དང་གཞན་ཕན་གྱི་བསམ་བློར་ཚན་རིག་གི་ལམ་ནས་དཔྱད་པ་ཞེས་པའི་བརྗོད་གཞི་དང་འབྲེལ་བའི་ཚོགས་འདུར་ཆིབས་སྒྱུར་དང་།  ཨེ་མོ་རིའི་གཙུག་ལག་སློབ་གཉེར་ཁང་དུ་ཉིན་གསུམ་རིང་འཚོགས་འཆར་ཡོད་པའི་  ༢༠༡༠ ལོའི་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ལྷན་ཚོགས་དབུ་འབྱེད་དང་བགྲོ་གླེང་དབུ་འབྱེད། ཨོ་ཧ་ཡོ་མངའ་སྡེའི་གྲོང་ཁྱེར་སིན་སི་ན་ཊི་ཁུལ་དུ་རང་དབང་གི་ཆེ་བསྟོད་གཟེངས་རྟགས་འབུལ་བཞེས་གནང་རྒྱུ།  གཞན་ཡང་ཨོ་སི་ཧྤོ་ཌི་དང་མེ་ཡཱ་མེ་གཙུག་ལག་སློབ་གཉེར་ཁང་གཉིས་ཀྱིས་གོ་སྒྲིག་འོག་མང་ཚོགས་ལ་དེང་གི་དུས་སྐབས་ལ་འཁྲི་པའི་ཀུན་སྤྱོད་དང་འབྲེལ་བའི་བཀའ་སློབ་གནང་རྗེས་ཁེ་ཎ་ཌའི་གྲོང་ཁྱེར་ཁྲོ་རོན་ཁྲོ་ཆིབས་བསྒྱུར་གནང་སྟེ་ཕྱི་ཚེས་ ༢༢ ནས་ ༢༥ བར་ཊོ་རན་ཊོར་གཙུག་ལག་སློབ་གཉེར་ཁང་དུ་ནང་ཆོས་དང་ཚན་རིག་དབར་གྱི་འབྲེལ་བའི་སྐོར་ལྷན་ཚོགས་སྟེང་ཕེབས་རྒྱུ་དང་གངས་ལྗོངས་ཆོས་ལྡན་གླིང་ཞེས་པའི་རིག་གཞུང་བསྟི་གནས་ཁང་དབུ་འབྱེད་མཛད་རྒྱུ་མ་ཟད། བསྟི་གནས་ཁང་དེས་གོ་སྒྲིག་འོག་མང་ཚོགས་ལ་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་སློབ་དང་དེ་བཞིན་བློ་སྦྱོང་ཚིགས་བརྒྱད་མ་བཅས་ཀྱི་ཆོས་འབྲེལ་མཛད་རྒྱུ་ཡིན་འདུག

སྐུ་སྒེར་དྲ་ཚིགས་ལས་བསྡུ་སྒྲིག་བྱས། གསར་འགོད་པ། དོན་གོ།

འབྲེལ་ཡོད་གསར་འགྱུར།

དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤

མཆན། 5

  1. ཧོར་བུ་ཡེ་ཤེས says:
    ལོ་ 16 སྔོན།

    གངས་ཕྲུག་བཀྲ་ཤིས་ལགས།བེུད་དེས་གྱོན་པའི་ཞྭ་མོ་དེ་ཝ་ཞྭ་མ་རེད་དེ་ལ་ཚེ་རིང་ཞྭ་མོ་ཟེར།

    Reply
  2. བཀྲ་ཤིས་དོན་གྲུབ། says:
    ལོ་ 16 སྔོན།

    གངས་ཕྲུག་བཀྲ་ཤིས་ལགས་ལ་རྒྱ་ཞེས་པ་དེ་རང་སྟེང་ན་ཡོད་དགོས་པ་ཞིག་ཡིན་སྟབས་རང་གི་ལུས་ངག་ཡིད་གསུམ་ལ་མི་རིགས་ཀྱི་ཁྱད་ཆོས་གང་འདྲ་ཡོད། ད་སྐབས་ང་ཚོའི་མི་རིགས་འདིས་རང་ཉིད་དག་ཐེར་བྱེད་དགོས་པའི་དུས་སྐབས་ཤིག་ལ་སླེབ་འདུག་པ་ལས། གོ་སྐབས་རེག་ཚེ་གང་ཡང་བྱ་ཕོད་མཁན་གྱི་ཁྲེད་མེད་ཅིག་ཡིན་ན་དོན་དམ་གྱི་མི་རིགས་འདིའི་སྐྱོ་གནས་ཤིག་རེད།

    Reply
  3. གཟུ་གནས་བློ་ལྡན། says:
    ལོ་ 16 སྔོན།

    གངས་ཕྲུག་བཀྲ་ཤིས་ཀྱིས་ “དངོས་གནས་སེམས་བདེ་ལ་ཕབས་སུ་བཅུག་གིན་འདུག” ཅེས་ཟེར། དོན་ངོ་མ་སུ་ལ་ངོ་སྟོད་བྱེད་པ་དང་སུ་ལ་སྨོད་ཚིག་བརྗོད་ཀྱི་ཡོད་པ་ངས་ཤེས་མ་སོང། ལར་ནས་རང་རིགས་ལ་དེ་ལྟར་སྡང་དགོས་དོན་ཅི་ཞིག་ཡིན་ནམ། ངོ་མ་ཡ་མཚན་ནམ་ལྟས་ངན་རེད།

    Reply
  4. གངས་ཕྲུག་བཀྲ་ཤིས། says:
    ལོ་ 16 སྔོན།

    ༧གོང་ས་མཆོག་གི་ཕེབས་བསུ་བཅར་བའི་བོད་རིགས་བུ་མོ་ཝ་ཞྭ་ཅན་དེ་དངོས་མ་ཧམ་པ་ཆེན་དོག་ཁ་བ་ལ་དངོས་གནས་ཡིད་སེམས་གཏིང་ནས་སྐྱོ་དགོས་པ་རེད།
    གཞིས་ལུས་བོད་པ་ཚོས་༧གོང་ས་མཆོག་གི་བཀའ་གསུངས་བཞིན་མེ་མདའ་འོག་ནས་ཝ་ཞྭ་སོགས་རྩ་སྤངས་བྱས་ཡོད་ཀྱང་རང་དབང་ལུང་བའི་ཀླད་མེད་འདི་ཚོས་ཁོང་གི་མདུན་དུ་ཝ་ཞྭ་གོན་པ་འདི་དངོས་གནས་སེམས་བདེ་ལ་ཕབས་སུ་བཅུག་གིན་འདུག

    Reply
  5. གནམ་ལྕགས། says:
    ལོ་ 16 སྔོན།

    སྟོན་པ་བླ་ན་མེད་པ་མཆོག་གིས་བཀའ་གང་གནང་བ་དག་ནི་ཡང་དག་པ་དང་དྲི་མ་མེད་པའོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese