མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྩོམ་རིག་བྱ་དགའ་ཐོབ།

བོད་ཀྱི་དུས་བབ།
༢༠༡༠/༡༠/༢༤
Share on FacebookShare on TwitterShare on EmailShare on Whatsapp

བོད་རིགས་རྩོམ་པ་པོ་ཚེ་རིང་ནོར་བུ་ལགས་སུ་རྒྱ་ནག་རྒྱལ་ཡོངས་ཀྱི་རྩོམ་རིག་གཟེངས་རྟགས་ཤིག་ཐོབ་ཡོད་འདུག ཉེ་ལམ་རྒྱ་ནག་རྒྱལ་ཡོངས་ཀྱི་སྐབས་ལྔ་བའི་རྩོམ་རིག་དཔྱད་འདེམས་ཁྲོད། ཕྱི་ལོ་ ༢༠༠༧ ནས་ ༢༠༠༩ བར་གྱི་རྩོམ་རིག་ཁག་ལ་དཔྱད་ཞིབ་བྱས་མཐར། བརྩམས་སྒྲུང་དང་སྙན་ཞུའི་རྩོམ་ཡིག སྙན་ངག འབོལ་རྩོམ། རྩོམ་གཞུང་དང་དཔྱད་བརྗོད་བཅས་ཀྱི་རྩོམ་སྟངས་རིགས་ལྔ་ཡི་ཕུལ་བྱུང་བརྩམས་ཆོས་དག་ལ། ལུའུ་ཞོན་རྩོམ་རིག་གཟེངས་རྟགས་དེ་སྤྲད་ཡོད་ཅིང་། བོད་རིགས་རྩོམ་པ་པོ་ཚེ་རིང་ནོར་བུ་ལགས་ཀྱི་༼ ཚེ་ཐར་དུ་བཏང་བའི་གཡང་དཀར་ལུག ༽ ཅེས་པར་བརྩམས་སྒྲུང་ཕུལ་བྱུང་བྱ་དགའ་དེ་ཐོབ་ཡོད་འདུག ཁོང་ནི་གྲངས་ཉུང་མི་རིགས་ཤིག་ལ་ལུའུ་ཞོན་རྩོམ་རིག་བྱ་དགའ་ཐོབ་མཁན་ཐོག་མ་དེ་ཆགས་ཡོད་འདུག

རྩོམ་པ་པོ་ཚེ་རིང་ནོར་བུ་ལགས་ནི་ཕྱི་ལོ་ ༡༩༨༡ ལོར་བོད་ལྗོངས་སློབ་གྲྭ་ཆེན་མོའི་བོད་ཡིག་སྡེ་ཁག་ཏུ་ཞུགས་ཏེ། བོད་ཡིག་རྩོམ་རིག་གི་སློབ་རམས་པའི་མཚན་གནས་བླངས་ཡོད་འདུག་ལ། ༡༩༨༦ ལོར་སློབ་ཐར་ཕྱིན་རྗེས་བོད་ལྗོངས་ཉིན་རེའི་ཚགས་པར་དང་བོད་ལྗོངས་རྩོམ་རིག་སྡེ་ཁག་བཅས་སུ་ཕྱག་ལས་གནང་བཞིན་ཡོད་འདུག ཁོང་གིས་དུས་རྒྱུན་རྒྱ་ཡིག་ཐོག་རྩོམ་རིག་སྣ་ཚོགས་འབྲི་བཞིན་ཡོད་འདུག་ལ། ༢༠༠༩ ལོར་༼ ཨ་མི་རི་ཁ ༽ ཞེས་པའི་སྒྲུང་ཐུང་ཞིག་བྲིས་ཏེ། རྒྱ་ནག་ནང་སྐད་གྲགས་ཆེ་བའི་༼ ཀྲུང་གོའི་ལོ་རེའི་བརྩམས་སྒྲུང་གཅེས་བསྡུས ༽ ཞེས་པར་བདམས་བཀོད་བྱས་ཡོད་འདུག

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ་འདུག ༢༠༢༦།༠༥།༨ པར་དུས་བབ་ཀྱི་བསྒྲིགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཁྲིམས་གཏུག་ལ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༠༨
Mobile App

རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཟུར་པ་གཉིས་ལ་ལོ་གཉིས་ཕར་འགྱང་གི་སྲོག་ཁྲིམས་བཅད།

༢༠༢༦/༠༥/༠༨
Mobile App

བོད་ཀྱི་སྐད་ཡིག་དང་ད་ལྟའི་གནས་བབ།

༢༠༢༦/༠༥/༠༨
བསོད་ནམས་དོན་གྲུབ་ལགས་ཀྱིས་ཧྥ་རན་སིའི་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ། འབྲེལ་ཡོད་ཀྱིས་པར་མཁོ་སྤྲོད་བྱས།
Mobile App

བསོད་ནམས་དོན་གྲུབ་ཀྱིས་ཧྥ་རན་སིའི་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ།

༢༠༢༦/༠༥/༠༧
Mobile App

སྲིད་འཛིན་ཊོམ་ཕུ་མཆོག་གང་མགྱོགས་རྒྱ་ནག་ནང་ཕེབས་རྒྱུ་ཡིན་པས་བོད་དོན་གླེང་སློང་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་རེད།

༢༠༢༦/༠༥/༠༧
ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་དགྲ་འདུལ་ལ་ཞིབ་བཤེར་བྱེད་བཞིན་པ། དྲ་ལམ་གྱི་པར།
Mobile App

ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་དགྲ་འདུལ་ལ་ཞིབ་བཤེར་བྱེད་བཞིན་པ།

༢༠༢༦/༠༥/༠༧

མཆན། 9

  1. ོའོད་ཟེར། says:
    ལོ་ 16 སྔོན།

    རྩོམ་པ་པོ་ཁྱེད་ལ་རྩོམ་རིག་གི་བྱ་དགའ་ཐོབ་པར་དགའ་བསུ་ཞུ་བ་ཡིན།

    Reply
  2. རླུང་རྟ་རྒྱལ། says:
    ལོ་ 16 སྔོན།

    ཁོང་ཉིད་ནི་དངོས་གནས་རིག་པའི་དཔའ་བོ་ཞིག་རེད།རྒྱ་ཡིག་དང་དབྱིན་ཡིག་གི་ལམ་ནས་རྟྩོམ་ཡིག་སྤེལ་ཏེ་འཛམ་གླིང་སྒྱུ་རྟྩལ་རྟྩོམ་པ་པོ་རྣམས་དང་འགྲན་བཙུགས་ནས་འདི་འདྲའི་རྟགས་མ་བླངས་པ་ནི་བོད་ཀྱི་གཟི་བརྗིད་ཅིག་རེད།
    རྒྱ་ཡིག་གི་ལམ་ནས་རྟྩོམ་མི་ཆོག་ཚེ།དབྱིན་ཡིག་སོགས་སྐད་ཡིག་གཞན་དག་གི་ལམ་ནས་ཀྱང་རྟྩོམ་མི་ཆོག་ཅེས་བརྗོད་པ་དང་འདྲའོ།ཁོང་ནི་བོད་ཡིག་རྟྩོམ་རིག་སྡེ་ཁག་ནས་མཐར་ཕྱིན་པ་ཞིག་ཡིན་པས་བོད་ཡིག་ལ་བྱང་ཆ་ཡོད་པ་སྨྲ་མི་དགོས་པ་ཞིག་རེད།སྒྱུ་རྟྩལ་དང་ཆབ་སྲིད་གཉིས་མཉམ་དུ་བསྲེས་པའི་ཆ་ཡོད་མོད།སྤྱིར་རྟྩོམ་པ་པོ་ཁོང་ཉིད་དང་འདྲ་བར་སྒྱུ་རྟྩལ་རྣལ་མ་འཚོལ་སྣྙེག་བྱེད་མཁན་ཞིག་ཡིན་ཚེ་སྒྱུ་རྟྩལ་དང་ཆབ་སྲིད་གཉིས་ནི་གཏན་དུ་གནས་ཐབས་མེད་པར་སོ་སོར་བྲལ་བའི་ཕུང་བོ་ཤ་སྟག་གོ

    Reply
  3. ནད་པ says:
    ལོ་ 16 སྔོན།

    གངས་ཅན་གྱི་ན་གཞོན་རྩོམ་པ་པོ་ཚེ་རིང་ནོར་བུ་ལགས་སུ་རྩོམ་རིག་གི་བྱ་དགའ་ཐོབ་པར་དགའ་བསུ་ཞུ།

    མ་འོངས་པར་ཡང་ཁོང་དང་འདྲ་བའི་རྩོམ་པ་པོ་གང་ཙམ་ཞིག་བསྐྱེད་བསྲིང་ཡོང་ཐུབ་པ་བྱེད་དགོས་ལ། འཛམ་གླིང་ནོར་ཝེའི་ཕུལ་བྱང་རྩོམ་རིག་གི་བྱ་དགའ་དེ་དགུན་དུས་གྲང་ངར་ཆེ་སར་སྐྱེ་བའི་གངས་ལྷ་མེ་ཏོག་ཚོར་ཡང་འཐོབ་ཐུབ་པའི་སྨོན་འདུན་དང་། རེ་བ། ཡིད་ཆེས་བཅས་བྱེད་དགོས།

    སློབ་སྦྱོང་བྱེད་དགོས། ལས་ལ་གཞོལ་དགོས། དཀའ་ཚེགས་མྱོང་དགོས། འབད་བརྩོན་བསྟེན་དགོས། ཕུགས་བསམ་བཅངས་དགོས། རང་ཉིད་ལ་རང་གིས་ཡིད་ཆེས་བྱེད་དགོས། སྒྲུབ་འབྲས་སོན་དགོས། སྙན་གྲགས་རྒྱས་དགོས། ཞབས་འདེགས་ཞུ་དགོས།

    Reply
  4. སེར་སྨད་བློ་དགའ། says:
    ལོ་ 16 སྔོན།

    ཆབ་སྲིད་པ་ནི་ཀྱག་ཀྱོག་གི་ལམ་ཁ་ནས་རྒྱལ་དགོས་དུས། འདི་ཡིན་འདི་མིན་གྱི་ཐག་གཅོད་བྱེད་དཀའ་བ་ཞིག་རེད། བྱ་དགའ་ལ་མི་ལྟ་བར་བྱེད་སྟངས་ལ་ལྟ་རྒྱུ་རེད།

    Reply
  5. ཇ་མ་ says:
    ལོ་ 16 སྔོན།

    རྒྱ་ནག་གིས་བྱ་དགའ་ཐོབ་ཡོད་དུས་ཁོང་རྒྱ་ཡིག་ལས་བོད་ཡིག་མི་ཤེས་པའི་རྒྱ་དགའ་མ་ཞིག་ཡིན་པ་གདོན་མི་ཟ།

    Reply
  6. གངས་རྡེའུ། says:
    ལོ་ 16 སྔོན།

    བོད་ནང་གི་སྤུན་ཟླ་ཚོར་སྡིགས་ན་མི་ཆོག

    Reply
  7. སྤྲོ་ཚིགས་དགེ་འདུན says:
    ལོ་ 16 སྔོན།

    ཚེ་ཐར་དུ་བཏང་བའི་གཡང་དཀར་ལུག
    ཁོ་རིང་གིའི་ཚོལ་སྣང་དངོས་ཡིན་རྒྱུ་རེད
    རང་ཉིད་ཀྱི་ཚེ་སྲོག་སྦྱིན་བདག་གི་ལག་དུ་ཡོད་པར་འདོད་པའི་ལུག་གཡོང་མོ་ཞིག་ཡིན་རྒྱུ་རེད།

    Reply
  8. གངས་རྡེའུ། says:
    ལོ་ 16 སྔོན།

    རི་བོང་ཁྱོད་ཀྱི་ཁ་རྒྱགས་པ་་བཤད་རྒྱུ་མང་གྲགས་འདུག་ད།
    གྲང་ཉུང་མི་རིགས་ཤིག་ལ་རྩོམ་རིག་བྱ་དགའ་ཐོབ་པ་འདི་དགའ་དགོས་པའི་ལས་དོན་ཞིག་ཡིན་པ་ལས་ངན་པ་ཞིག་ག་ལ་ཡིན། ཁྱོད་ཀྱིས་བཤད་པ་བོད་ནང་གི་རྩོམ་པ་པོ་དང་དགའ་བསུ་ཐོབ་པའི་མི་དེ་དག་ངན་པ་དག་དག་ཡིན་ན་། ཁྱོད་ཀྱིས་བཙན་བྱོལ་ནས་བཟང་བོ་ཞིག་ཅི་ཞིག་བསྒྲུབ་ཡོད། ཁ་རྒྱགས་པ་བཤད་མ་ཡོང་ཨ། རང་དབང་ལོང་བ་རེད་ཟེར་ནས་བོད་ནང་གི་སྤུན་ཟླ་ཚོར་སྡིགས་རྐྱང་མ་རེད། དེ་རིང་ཁ་སང་བོད་ནང་ན་མི་རིགས་སྐད་ཡིག་དང་བླ་སྲོག་གི་ཆེད་དུ་རང་ལུས་འབེན་ལ་འགྱོག་དུས་ང་ཚོས་ཅི་ཞིག་འགྱོན་གི

    Reply
  9. རི་བོང། says:
    ལོ་ 16 སྔོན།

    རྒྱ་དམར་གྱིས་བྱ་དགའ་སྤྲད་བཞིན་ཡོད་དུས་ད་ཅིག་འགྲིག་མེད། བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་མིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese