མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གསལ་ལྷང་ལྷང་གི་བསྒྲཊ་གཏམ། པདྨ་བསམ་གྲུབ།

བོད་ཀྱི་དུས་བབ།
༢༠༡༠/༡༠/༢༧
Share on FacebookShare on TwitterShare on EmailShare on Whatsapp

པདྨ་བསམ་གྲུབ།   ཤེས་རབ་དགའ་ཚལ་གླིང༌།

 

སྤྱི་ལོ་༢༠༡༠ཟླ༡༠ཚེས་༡༩ཉིན། ང་རང་རྒྱུན་ལྡན་ལྟར་ཚོར་དྲག་གིས་མ་ཟིན་པའི་སྣང་བ་ཐན་ཐུན་དེའི་ཀློང་དུ།  སོས་དལ་བག་ཕེབས་ཀྱི་སློབ་ཁྲིད་ཅིག་བྱས་རྗེས། ཡིན་ཤག་ཤག་གི་ངང་ནས་རང་ཤག་དུ་ལོག དེར་དྲ་རྒྱའི་ཁ་ཕྱེས་པ་ན། བོད་མདོ་སྨད་ཀྱི་ཡུལ་ཁག་ཅིག་ཏུ་སློབ་ཕྲུག་ཚོས་མི་རིགས་སྐད་ཡིག་སྐྱོབ་པའི་འབོད་སྐད་བསྒྲགས་ཡོད་པ་རྟོགས། སྐབས་དེར་བདག་གི་དྲན་ངོར་འཆར་བ་སྟེ། ཕྱི་རྐྱེན་ནང་རྐྱེན་གང་མང་གིས་མི་རིགས་གསོན་གནས་ཀྱི་ཚེ་སྲོག་གཡང་ལ་དེད་ཅིང༌། བོད་མི་རིགས་ཀྱི་སྲོག་རྩར་གྱུར་བའི་སྐད་ཡིག་གི་རྩ་ལམ་ཁད་ཀྱིས་བསྒགས་དུས་འདིར། ཤི་ལ་ཁད་ཀྱི་མེ་རོ་དེ་སླར་ཡང་མདོ་ཁམས་སྨད་ནས་གསོས་བྱུང་སྙམ། 

 

དེ་ཡང་གནའ་བོའི་བོད་ཀྱི་ལོ་རྒྱུས་ཡིག་ལམ་དུ། སྔ་མོ་སྔ་མོ་བོད་ཡུལ་དབུས་ཀྱི་ཕྱོགས་ན། དགོངས་པའི་དཀྱེལ་ཡངས་བ་རྒྱལ་པོ་སྲོང་བཙན་གྱིས། ལ་རྒྱའི་དཔངས་མཐོ་བ་བློན་པོ་ཐོན་མི་སོགས་ལ་གསེར་དངུལ་ནོར་གྱི་རྫོངས་བ་དཔག་དུ་མེད་པ་བཏང་ལ། དུས་དེ་ནས་བཟུང་སྟེ། དུས་ཀྱི་བྱུང་བའི་འགྲོས་དང་བསྟུན་ནས། ཐུ་བྷོད་བོད་ཀྱི་དཔའ་རྟུལ་རིམ་བྱོན་གྱིས་“ལམ་བགྲོད་པར་དཀའ་བའི་རྒྱ་གར་སོགས་སུ། ལུས་ཚ་གྲང་ཆེ་ཡང་དཀའ་བ་སྤྱད་”དེ་ཡི་གེ་གསར་གཏོད་དང་རིག་གནས་ནང་འདྲེན་མཛད་པས། ད་གཟོད་ཁོང་ཅག་གིས་བོད་ཡུལ་འདི་ཤར་རྒྱ་ནག་དང་ལྷོ་རྒྱ་གར། ནུབ་གཟིག་ཡན་དང་བྱང་ཁྲོམ་དང་བཅས་པའི་དབུས་ནས། གོ་ལའི་ཏོག་ཏུ་འགྱིང་བར་བྱས་སྐད།

 

ཐེངས་འདིར་བྱིས་པ་བསམ་མེད་དུ་འདོད་པའི་སློབ་ཕྲུག་ཚོས། རང་རློམ་ཆེ་བའི་རྒན་རབས་པ་ཚོར་འདི་ལྟར། ཚ་ཐག་ཆོད་པའི་འགྲམ་ལྕག་ཅིག་བགྲད་པ་ན། བོད་སྐད་ཡིག་ཁ་ལ་ཁྱེར་བའི་ང་རང༌། གླ་ཕོགས་འདི་ཟ་རྒྱུར་ངོ་ཚ་ཞིག་སྐྱེས་བྱུང༌། འོན་ཀྱང་ཡུལ་དུས་ཐམས་ཅད་ཀྱི་རྒན་རབས་པ་ཚོ་དེ་ལྟ་མ་ཡིན་ཏེ། སྤྱི་ལོ་ཞེ་དགུའི་ཚུན་དུ་བོད་དུ་རྒྱ་ཡིས་བཙན་འཛུལ་བྱས་ཤིང༌། དུས་དེར་བོད་སྐད་ཡིག་ཀྱང་རྙིང་བཞི་ལས་འགུལ་གྱི་སྨྱོ་ཧམ་དུ་ཚུད་དེ། ཕལ་ཆེར་རྩ་སྟོང་དུ་སོང་མོད། རོ་ཡི་རི་བོའི་འོག་དང༌། ཁྲག་གི་མཚོ་མོའི་འཇིངས་ནས་ལྷག་ལུས་སུ་སོང་བའི་རྒན་པོ་མགོ་སེ་འགའ་ཡིས་བོད་ཀྱི་སྐད་ཡིག་འདི་ཤི་ཐོག་ནས་བསྐྱར་དུ་གསོན་པར་བྱས་ལ། ཁོང་ཚོའི་རྗེས་རབས་པ་ཚོས་ཀྱང་སྐད་ཡིག་འདིའི་ལུས་སེམས་ལ་སྔར་བཞིན་ཤད་བསྐྱེད་པ་མ་ཟད། དེ་ལ་སྐབས་འཚོལ་སྣ་ཚོགས་ཀྱིས་དུས་ཀྱི་ཟས་བཅུད་གསར་པའང་བླུད་དེ། རེ་ཞིག་ལ་བོད་ཡུལ་དུ་ཕ་སྐད་གཙང་མའི་མཁའ་དབུགས་འབྱིན་རྔུབ་བྱེད་པའི་སྐལ་བཟང་བསྐྲུན་མོད།

 

བཙན་འཛུལ་བས་མི་རིགས་སྐད་ཡིག་ལ་བརྟེན་ཞིང༌། སྐད་ཡིག་མི་རིགས་སུ་འཐིམ་པའི་ཆོས་ཉིད་དེ་སྨག་མེད་དུ་གཏོང་ཆེད། དངོས་ཤུགས་བརྒྱུད་གསུམ་ནས་གླགས་འཚོལ་ནའང༌། ན་གཞོན་ཚོ་མ་ཤི་ན། མི་རིགས་འདི་འཆི་མི་སྲིད། ད་ལྟ་ཕ་ཡུལ་དུ་རྒྱ་སྐད་ཀྱི་བཙན་འཛུལ་ཧ་ཅང་རྒོད་པས། མི་རིགས་དང་སྐད་ཡིག་ལ་ཞེན་པ་དཀར་བའི་རྒྱུད་བཟང་གི་བུ་ཕྲུག་ཚོས། ད་ནི་རང་གི་ན་ཚོད་ལས་བརྒལ་བའི་འགན་ཁུར་ཕྲག་ཏུ་བླངས་ཐལ། ཁོང་ཚོས་“མི་རིགས་འདྲ་མཉམ། སྐད་ཡིག་རང་དབང༌།”ཞེས་པའི་གད་རྒྱངས་གཉོམ་པོས་གནམ་ས་འགེངས་བར་བྱས་ཏེ། དུས་རབས་ཉེར་གཅིག་པའི་བོད་ཁ་བ་ཅན་གྱི་བདག་པོ་རུ་གཟི་བརྗིད་ཀྱིས་ལངས་བྱུང༌། དེ་ནི་སྙིང་རྗེ་རྗེའི་བོད་རིགས་སློབ་ཕྲུག་ཚོའི་སེམས་ལ་བཅིངས་བའི་“བོད་ཡིག་འཇིགས་མི་སྲིད། བོད་སྐད་ཉམས་མི་སྲིད”པའི་བརྟན་ཅག་ཅག་གི་རྡོ་རྗེའི་དམ་བཅའ་རེད་ལ། དེ་ནི་བོད་ཀྱི་མ་འོངས་སོན་རྩ་ཚོས་དུས་རབས་དང་ལོ་རྒྱུས་ལ་སྤྲིངས་བའི་གསལ་ལྷང་ལྷང་གི་བསྒྲགས་གཏམ་ཞིག་ཀྱང་ངོ༌།།     

འབྲེལ་ཡོད་གསར་འགྱུར།

Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

སྐར་མ ༡ སྔོན་ལ།
Mobile App

བལ་ཡུལ་གྱི་སྲིད་བློན་དང་ནང་སྲིད་བློན་ཆེན་ཟུར་བ་གཉིས་འཛིན་བཟུང་བྱས།

སྐར་མ ༣༩ སྔོན་ལ།
TTTT
Mobile App

བོད་མི་དུད་ཚང་ ༨༥༠ ལ་གཞིས་སྤོར་ས་ཁང་བགོ་འགྲེམས་བྱས་ཟིན་ཡོད་འདུག

ཆུ་ཚོད་ ༡ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༣།༢༧
Mobile App

བོད་ཕྲུག་གཅིག་པུར་དམིགས་པའི་སློབ་གྲྭ་ཁག་ཅིག་དགོས་གལ་ཆེ།

ཆུ་ཚོད་ ༢༣ སྔོན་ལ།
Nepal to get new railway line with India as RSP gov’t takes office, its Tibet railway lagging. Edited by tibettimes
Mobile App

རྒྱ་གར་དང་བལ་ཡུལ་བར་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་འཆར་འདུག

ཆུ་ཚོད་ ༢༣ སྔོན་ལ།
Mobile App

ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་མིའི་ཆོས་དད་རང་དབང་ལ་རྒྱབ་སྐྱོར་ཡོད་པའི་གྲོས་ཆོད་གཏན་འབེབས་གནང་།

༢༠༢༦/༠༣/༢༧

མཆན། 3

  1. དཔལ་མགོན། says:
    ལོ་ 15 སྔོན།

    པད་མ་བསམ་གྲུབ་ལགས་ཀྱི་རྩོམ་ཡིག་ལ་བཤད་རྒྱུ་ཅང་རྙེད་མ་སོང་། འོ་ ་ཆག་འཇིག་གི་འཇིག་ལ་ས་ཡང་འཇུག་བྲིས་པ་ནོར་འདུག གཞན་པ་འབྲི་ཐབས་ཅུང་བཟང་བ་མི་འགྲོ་སྙམ།

    Reply
  2. དཔལ་མགོན། says:
    ལོ་ 15 སྔོན།

    ཐེངས་འདིའི་བོད་ནང་གི་སློབ་ཕྲུག་གི་སྐད་ཡིག་ལས་འགུལ་ཐད་ལ་བྲིས་པའི་རྩོམ་ཡིག་གཅེས་བཏུས་བྱས་ཏེ་པར་སྐྲིན་བྱེད་འཐུབ་ན་ཡག་པོ་འདུག

    Reply
  3. དཀར་མཚོ་སྐྱིད། says:
    ལོ་ 15 སྔོན།

    གོང་གི་རྩོམ་ཡིག་འདི་བཀླགས་པ་དང་མཉམ་དུ་རང་གི་སེམས་ཚོར་ཞིག་བརྗོད་པར་འདོད་དེ་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་བདག་དབང་དེ་བོད་ཀྱི་མིའི་རིགས་མཐའ་དག་ལ་ལོ་ངོ་སྟོང་ཕྲག་མང་པོར་ལྷན་སྐྱེས་སུ་ཡོད་པའི་བསམ་བློ་དང་། གོམས་གཤིས། མི་ཚེ་ལ་སོགས་པའི་བདེ་སྡུག་གི་ངོ་བོར་གྲུབ་པའི་ཆོས་ཉིད་ཀྱི་ཐོབ་ཐང་ཞིག་ཡིན་པ་ལས་རྒྱ་ནག་གིས་མི་རིགས་རང་ལུགས་གཙོ་བོར་བཟུང་སྟེ་རྒྱལ་ཁབ་གཅིག་གྱུར་དང་སྐད་ཡིག་གཅིག་གྱུར་ཟེར་ནས་དམངས་གཙོའི་རང་དབང་དང་འདྲ་མཉམ་གྱི་ཐོབ་ཐང་གང་ཡང་མེད་པར་བཙན་དབང་གིས་བོད་ཀྱི་ཐུན་མོང་མ་ཡིན་པའི་བཟང་སྤྱོད་ཀྱི་ཁྱད་ཆོས་རྣམས་ཀླ་ཀློ་འཇིགས་སུ་རུང་བའི་རྒྱ་ནག་པོའི་གཏུམ་སྤྱོད་ཀྱི་བསམ་བློར་མངོན་ལྐོག་གཉིས་ནས་བསྒྱུར་ཐབས་བྱེད་པ་ལ་དྲག་པོའི སྟོབས་ཤུགས་ཁོ་ན་བེད་སྤྱོད་བྱེད་པའི་གདུག་རྩུབ་ཀྱི་བྱ་སྤྱོད་ལ་མགོ་བོ་ནམ་ཡང་མི་སྒུར་པར་རང་སྲོག་བློས་གཏོང་གི་ལས་འགུལ་སྤེལ་བར་ཞུམ་པ་མེད་པའི་བོད་རིགས་གཞོན་སྐྱེས་སློབ་ཕྲུག་འདི་དག་གི་སྙིང་སྟོབས་ནི་དུས་རྟག་ཏུ་ང་ཚོའི་སེམས་ལ་རྡོ་ལ་རི་མོ་བརྐོས་པ་ལྟར་བཟུང་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese