མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འབར་མའི་སྐྱབས་བཅོལ་བ།

བོད་ཀྱི་དུས་བབ།
༢༠༡༠/༡༡/༠༩
Share on FacebookShare on TwitterShare on EmailShare on Whatsapp

 

ཕྱི་ཚེས་ ༧ ཉིན་འབར་མའི་རྒྱལ་ཡོངས་འོས་བསྡུ་བྱས་པའི་ཉིན་གཉིས་པ་ནས་འབར་མའི་གྲངས་ཉུང་མི་རིགས་སྟོང་ཕྲག་མང་པོ་ས་མཚམས་བརྒལ་ཏེ། ཐེ་ལན་ཌི་དང་ཉེ་ཁོར་ས་ཁུལ་ཁག་ལ་བྲོས་བྱོལ་དུ་འགྲོ་བཞིན་ཡོད་འདུག འབར་མའི་མའེ་ཡ་ཝ་ཊེ་ Myawaddy གྲོང་ཁྱེར་ཕྱི་ནང་། མང་ཚོགས་ཀྱིས་ཐེངས་འདིའི་འོས་བསྡུར་རང་དབང་དང་དྲང་བདེན་མེད་པའི་ངོ་རྒོལ་ཤུགས་ཆེན་པོ་བྱས་ཏེ། མཐར་གཞུང་གི་དམག་མི་དང་གདོང་ཐུག་གིས་ཟིང་འཁྲུག་ཆེན་པོ་བྱུང་ཡོད་འདུག་ལ། གཟའ་ཟླ་བ་ནས་བཟུང་གཞུང་ལ་ངོ་རྒོལ་རྒྱག་མཁན་ཚོ་ཁྱིམ་མཚེས་རྒྱལ་ཁབ་ཐེ་ལན་ཌིའི་ནང་སྐྱབས་བཅོལ་དུ་འགྲོ་མགོ་བརྩམས་ཡོད་པ་དང་། ཁ་སང་དང་དེ་རིང་ཉིན་གཉིས་རིང་འབར་མའི་སྐྱབས་བཅོལ་བའི་གྲངས་ཚད་ཆིག་ཁྲི་ ༡༠༠༠༠ ལས་བརྒལ་ཡོད་འདུག་ལ། དེ་དེག་ཕལ་ཆེ་བ་བུད་མེད་དང་བྱིས་པ་ཡིན་འདུག

 

གནད་དོན་འདིའི་སྐོར་ཐེ་ལན་ཌིའི་ཊཀ་མངའ་སྡེའི་སྲིད་སྐྱོང་བ་སཱ་མར་ཊི་ལགས་ཀྱིས་བརྗོད་པ་ལྟར་ན། ད་ལྟའི་ཆར་ཐེ་ལན་ཌིའི་དམག་མི་དང་ཉེན་རྟོག་པ། ས་གནས་སྲིད་གཞུང་བཅས་ཀྱིས་ས་མཚམས་ནས་སྤྱི་ལེ་ ༥ ལྷག་གི་སར་འབར་མའི་བྲོས་བྱོལ་བ་ཚོར་སྡོད་གནས་གོ་སྒྲིག་བྱེད་བཞིན་ཡོད་འདུག འོས་བསྡུའི་སྔ་གཞུག་ཏུ་འབར་མའི་དམག་མིའི་གཞུང་གིས་ཕྱི་ནང་གི་གསར་འགྱུར་བརྒྱུད་ལམ་ཐོག་དམ་དྲག་བྱས་ཏེ། འབར་མ་ནང་ཁུལ་དུ་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་ཐུབ་ཀྱི་མེད་ཀྱང་། གཞུང་འབྲེལ་གསར་ལམ་ཐོག་གནས་ཚུལ་ཐོན་པའི་ནང་། ཐེངས་འདིའི་འོས་བསྡུ་དེ་རྒྱལ་ཁའི་ངང་ལེགས་གྲུབ་བྱུང་སྐོར་བཀོད་ཡོད། ཐེ་ལན་ཌིའི་མཐའ་སྲུང་དམག་མིས་བརྗོད་པ་ལྟར་ན། གཟའ་ཟླ་བའི་ཉིན་ནས་གཞུང་དམག་དང་མང་ཚོགས་བར་ཟིང་འཁྲུག་བྱུང་བའི་ཁྲོད་དམར་གསོད་དང་རྨས་སྐྱོན་ཅི་བྱུང་གི་གནས་ཚུལ་ད་སྔ་ཤེས་རྟོགས་དཀའ་ཡང་། ད་ཆར་གཞུང་ཕྱོགས་ནས་འབར་མ་ལྷོ་ཕྱོགས་ཁུལ་དུ་དྲག་ཆས་དམག་དཔུང་གི་སྟོབས་ཤུགས་ཆེ་རུ་གཏོང་གི་ཡོད་ཚུལ་བརྗོད་འདུག

 

ཐེངས་འདིའི་འབར་མའི་རྒྱལ་ཡོངས་འོས་བསྡུ་ལ་ངོ་རྒོལ་བྱེད་མཁན་ཁག་གསུམ་ཙམ་བྱུང་ཡོད་འདུག་ཅིང་། དེ་དག་ནི་དང་པོ་འབར་མའི་ནང་གི་གྲངས་ཉུང་མི་རིགས་ཁག་ཅིག་གིས་དེ་སྔོན་ ༡༩༤༨ ལོར་འབར་མ་དབྱིན་ཇིའི་དབང་སྒྱུར་འོག་ནས་རང་བཙན་ཐོབ་རྗེས། ཁོ་ཚོས་དམིགས་བསལ་ས་གནས་རང་སྐྱོང་རྩོད་ལེན་བྱས་ཡོད་ཀྱང་། ད་བར་གྲུབ་འབྲས་གང་ཡང་སོན་མེད་པ་མ་ཟད། ཐེངས་འདིར་ཟིང་འཁྲུག་བསླང་སྲིད་པའི་ཉེས་འཛུགས་འོག གཞུང་ཕྱོགས་ནས་ས་ཁུལ་དེ་དག་གི་མི་གྲངས་ས་ཡ་གཅིག་དང་ཕྱེད་ཙམ་གྱི་འོས་འཕེན་ཐོབ་ཐང་མེད་པ་བཟོས་པ། གཉིས་པ། ཀ་རན་དམངས་གཙོ་ནང་པའི་རྗེས་འཇུག་ Democratic Karen Buddhist Army ཕྱོགས་གཏོགས་ཀྱིས་ཐེངས་འདིའི་འོས་བསྡུར་འདོད་པ་མེད་པའི་རྣམ་འགྱུར་ཐོག གཟའ་ཉི་མར་གཞུང་གི་ཉེན་རྟོག་པའི་ལྟེ་གནས་ཤིག་དང་འོས་བསྡུའི་ས་གནས་གཅིག་བཅས་ལ་དབང་སྒྱུར་བྱས་པ། རྒྱུ་རྐྱེན་གསུམ་པ་དེ་གཟའ་ཉི་མིའི་འོས་བསྡུའི་སྐབས། མང་ཚོགས་ལ་བཙན་སྐུལ་གྱིས་དྲག་དམག་གཞུང་གི་བཀོལ་བྱུས་ལྟར་འོས་ཤོག་འཕེན་བཅུག་ཡོད་པ་དེར་མང་ཚོགས་ཀྱི་འདོད་བློ་ཁེངས་མེད་པ་བཅས་ཡིན་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།

ཆུ་ཚོད་ ༢ སྔོན་ལ།
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

༢༠༢༦/༠༨/༡༥
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣

མཆན། 1

  1. བཙན་བྱོལ་བ་ says:
    ལོ་ 16 སྔོན།

    འབར་མའི་མི་རིགས་རྣམས་ངེད་ཅག་གི་མི་རིགས་དང་ཧ་ཅང་འདྲ་ ངོ་གདོང་དང་ཆབ་སྲིད་ཀྱིད་གནས་སྟངས་ གཉིས་ཀ་དམར་ཤོག་གི་བཙན་གནོན་འོག་ གཉིས་ཀ་ནང་པ་ཡིན་པ་བཅས་རེད་ འབར་མ་དམག་གི་སྲིད་གཞུང་དང་བྱང་ཀོ་རི་ཡ་གཉིས་པོ་དེ་ལོ་ཡུན་
    དི་དག་གི་རིང་སོན་གནས་ཐུབ་པ་ནི་གཙོ་བོ་རྒྱ་ནག་གིས་རྒྱབ་སྐྱོར་ཁོ་ན་ལ་བརྟེན་ནས་ཡིན་ རྒྱ་ནག་གིས་བོད་དང་ཤིང་ཅང་ཙམ་མ་ཡིན་པར་འབར་མ་དང་བྱང་ཀོ་རི་ཡ་ སུ་ཌན་མི་མང་བཅས་ལ་ཡང་གཉའ་གནོན་བྱེད་བཞིན་པས་རྒྱ་ནག་གི་དམར་ཤོག་དཔོན་རིགས་རྣམས་ལས་རྒྱུ་འབྲས་ཀྱི་ཞགས་པ་ལས་མི་ཐར་ཐག་གཅོད་རེད་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese