མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞི་བདེ་ལྷན་ཚོགས།

བོད་ཀྱི་དུས་བབ།
༢༠༡༠/༡༡/༡༡
Share on FacebookShare on TwitterShare on EmailShare on Whatsapp

འཛམ་གླིང་ནོ་སྦེལ་ཞི་བདེ་གཟེངས་རྟགས་བཞེས་མྱོང་མཁན་གྱི་རྒྱལ་སྤྱིའི་ལྷན་ཚོགས་ཐེངས་ ༡༡ པ་དེ་རིང་ཕྱི་ཚེས་ ༡༡ ནས་ ༡༣ བར་གྱི་ཉིན་གསུམ་རིང་ཉི་ཧོང་གི་གྲོང་ཁྱེར་ཧེ་རོ་ཞཱི་མའི་ནང་ཚོགས་གཏན་འཁེལ་ཡོད་ཅིང་། ཐེངས་འདིའི་ལྷན་ཚོགས་ཐོག་འཛམ་གླིང་ཡུལ་གྲུ་གང་སར་ཡོད་པའི་ནོ་སྦེལ་ཞི་བདེ་གཟེངས་རྟགས་བཞེས་མྱོང་མཁན་གྱི་མི་སྣ་ ༢༠ ལྷག་ཕེབས་འཆར་ཡོད་པ་དང་། ༸གོང་ས་མཆོག་ལྷན་ཚོགས་འདིའི་སྟེང་མཉམ་ཞུགས་ཀྱིས་སྐར་མ་ ༢༠ ཙམ་ལ་གསུང་བཤད་གནང་འཆར་ཡོད་འདུག 

སྐབས་ ༡༡ པའི་ནོ་སྦེལ་ཞི་བདེ་གཟེངས་རྟགས་བཞེས་མཁན་གྱི་ལྷན་ཚོགས་འདི་ནི། ཧེ་རོ་ཞཱི་མའི་སྤྱི་ཁྱབ་ལྷན་ཁང་དང་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་བའི་རྒྱལ་སྤྱིའི་ལྷན་ཚོགས་ཀྱི་གཏན་འཇགས་ཚོགས་དྲུང་ལས་ཁུངས་གཉིས་ཟུང་འབྲེལ་ཐོག་ནས་གོ་སྒྲིག་གནང་བ་ཞིག་ཡིན་འདུག་ལ། ལྷན་ཚོགས་ཀྱི་དབུ་འབྱེད་མཛད་སྒོའི་སྟེང་ཧེ་རོ་ཞཱི་མའི་གྲོང་ཁྱེར་སྤྱི་ཁྱབ་པ་སྐུ་ཞབས་ཁྲལ་ཌ་ཁྲོལ་ཤི་ཨ་ཀེ་བྷ་ Tadatoshi Akiba  མཆོག་ཆེད་ཕེབས་ཀྱིས་མཛད་སྒོ་དབུ་འབྱེད་གནང་རྒྱུ་མ་ཟད། ལྷན་ཚོགས་ཀྱི་མཐའ་མའི་ཉིན་ཚོགས་ཞུགས་པ་ཐུན་མོང་ནས་ཧེ་རོ་ཞཱི་མ་དང་ན་ག་ས་ཀི་བཅས་ཡུལ་གཉིས་ཀྱི་རྡུལ་ཕྲན་མཚོན་ཆའི་གནད་དོན་ཐོག་རྐྱེན་འདས་སུ་གྱུར་བ་རྣམས་ལ་རྗེས་དྲན་དང་། སྐབས་དེར་ཨི་ཊ་ལིའི་རྐང་རྩེད་སྦོ་ལོ་མཁས་ཅན་སྐུ་ཞབས་རོ་བྷར་ཊོ་བྷེ་ཇོ་ལགས་ལ་འཛམ་གླིང་ནང་ཞི་བདེའི་ཕྱག་ལས་གནང་བའི་བྱས་རྗེས་ལ་ངོས་འཛིན་དང་བཅས་ ༢༠༡༠ ལོའི་འཛམ་གླིང་ཞི་བདེའི་གཟེངས་རྟགས་ཤིག་འབུལ་རྒྱུ་ཡིན་འདུག

ཐེངས་འདིའི་ཉིན་གྲངས་གསུམ་རིང་གི་ནོ་སྦེལ་ཞི་བདེ་གཟེངས་རྟགས་བཞེས་མྱོང་མཁན་དག་འདུ་འཛོམས་ཀྱི་ལྷན་ཚོགས་སྟེང་། ཨུ་རུ་སུའི་སྲིད་འཛིན་ཟུར་པ་སྐུ་ཞབས་མུ་ཁལ་གྷོར་བྷ་ཆོལ་ལགས་དང་ལྷོ་ཨ་ཧྤི་རི་ཀའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཌི་ཀེལ་ལགས། ལེག་ཝ་ལེ་ས་ལགས་དང་མོ་ཧ་མེལ་ཨེལ་བྷ་ར་ཌི། བྱང་ཨེར་ལེན་གྱི་ལྕམ་སྐུ་མ་གྷུ་རེ། ཨི་རན་གྱི་ཤཱེ་རིན་ཨི་བྷར་ཌི། འཛམ་གླིང་ནང་ས་འོག་འབར་རྫས་མེད་པ་བཟོ་རྒྱུའི་ཐད་ལས་འགུལ་སྤེལ་མཁན་ཨ་རིའི་ལྕམ་སྐུ་ཇུ་ཌི་ཝིལ་ཡམ་བཅས་མི་སྒེར་ཁག་དང་།  དེ་བཞིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་སྐྱབས་བཅོལ་ལྷན་ཚོགས་དང་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་ཚོགས་པ། རྒྱལ་སྤྱིའི་ངལ་རྩོལ་ཚོགས་པ། རྒྱལ་སྤྱིའི་རྡུལ་ཕྲན་ནུས་ཤུགས་ལྷན་ཚོགས། རྒྱལ་སྤྱིའི་རྒྱ་གྲམ་དམར་པོའི་ཚོགས་པ། རྒྱལ་སྤྱིའི་རྒྱ་གྲམ་དམར་པོ་དང་ཟླ་གམ་ཚོགས་པ། རྡུལ་ཕྲན་མཚོན་ཆའི་དམག་འཁྲུག་འགོག་ཐབས་གནང་མཁན་རྒྱལ་སྤྱིའི་དངོས་ཁམས་རིག་པའི་ལྷན་ཚོགས། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ། རྒྱལསྤྱིའི་ཞི་བདེའི་ལྷན་ཁང་། ཨ་རིའི་མཛའ་གྲོགས་ལྷན་ཚོགས་ཀྱི་དབུ་ཁྲིད་བཅས་ཀྱང་མཉམ་ཞུགས་གནང་གཏན་འཁེལ་ཡོད་པ་རེད།  

གསར་འགོད་པ། དོན་གོས་བསྡུ་སྒྲིག་བྱས།

འབྲེལ་ཡོད་གསར་འགྱུར།

རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ།
Mobile App

མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག

༢༠༢༦/༡༠/༡༧
Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]
Mobile App

རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག

༢༠༢༦/༡༠/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག

༢༠༢༦/༡༠/༡༥
Mobile App

རྒྱ་ནག་གི་རྒྱལ་སྲུང་ལས་དོན་སྒྲུབ་མཁན་གྱི་ཚོགས་སྡེ་ ༡༥༦ ལྷག་ནག་ཁུངས་ནང་འཇུག་དགོས།

༢༠༢༦/༡༠/༡༥
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༦/༡༠/༡༥
པར་རྩོམ་པ་པོས་མཁོ་སྤྲོད་བྱས།
Mobile App

བོད་ཀྱི་བདུན་ཕྲག་སྲུང་བརྩི་དང་དཔེ་སྟོན་སློབ་གྲྭ་དབུ་བརྙེས་པའི་དུས་དྲན་ལས་འཕྲོས་པའི་གཏམ་ཐོར་བུ།

༢༠༢༦/༡༠/༡༥

མཆན། 7

  1. འཇམ་དབྱངས། says:
    ལོ་ 16 སྔོན།

    ཨོ་བྷ་མར་ཞི་བདེ་གཟེངས་རྟགས་སྤྲད་པ་དེ་མགོ་སེར་ཚོ་ཨ་སར་ཚ་དྲག་པའི་དན་རྟགས་ཕྱིར་མངོན་པ་ལས་ད་བར་ཨོ་བྷ་མར་རླབས་ཆེན་གྱི་ལས་དོན་ཅི་ཡང་སྟོན་རྒྱུ་མེད། དེའི་ཕྱིར་ཨོ་བྷ་མ་ལྟ་བུར་ཞི་བདེ་གཟེངས་རྟགས་ཐོབ་ན་འཛམ་གླིང་གི་མི་འུ་ཡོད་དོ་ཅོག་ལ་ཞི་བདེ་གཟེངས་རྟགས་སྤྲད་ཀྱང་མི་འགྲིག་པ་ག་ལ་ཡོད།

    Reply
  2. ཧེ་ར་བཀྲ་ཤིས། says:
    ལོ་ 16 སྔོན།

    སྔོན་འགྲོའི་བཀའ་ཁྲིའི་འོས་མིའི་ནང་མཁས་དབང་བློ་བཟང་སེང་གེ་ལ་འོས་གྲངས་༢༢༤༨༩ དང་། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལ་༡༢༣༡༩ རྒྱ་རི་སྒྲོལ་མ་ལ་༢༧༣༣ བཀྲ་ཤིས་དབང་འདུས་༢༡༠༡ བློ་བཟང་སྦྱིན་པ་༡༥༤༥ འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་ལ་༦༠༥ བཅས་ཡིན་པ་རེད།

    Reply
  3. རིག་འཛིན། says:
    ལོ་ 16 སྔོན།

    ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་འདི་ཚོ་ཧ་ཅང་གི་བཀུར་འོས་ཆེས་མཐོའི་མི་སྣ་རྐྱང་རྐྱང་ཡིན་པས་་་འདི་འདྲ་རིགས་འཛམ་གླིང་གི་ཡུལ་གྲུ་འདི་ནང་དུ་མང་ཙམ་ཕེབས་ཡོང་ན་་་་་གོ་ལ་ཆིག་བསྒྲིལ་དང་འཆམ་མཐུན་ཡོང་བར་ཕན་ཐོག་ཏན་ཏན་ཡོང་བའི་ཡིད་ཆེས་བྱེད་ཆོག།

    Reply
  4. བཙན་བྱོལ་བ་ says:
    ལོ་ 16 སྔོན།

    ཞི་བདེ་གཟེངས་རྟགས་བཞེས་མྱོང་མཁན་རྣམས་ཀྱིས་འཛམ་གླིང་ནང་དུ་ཞི་བདེ་བསྐྲུན་ཐབས་ལ་འབད་བརྩོན་གནང་བ་ནི་ཤིན་ཏུ་འོས་པ་ཡིན་ ཡིན་ན་ཡང་ཚོགས་འདུ་དེ་ལྟ་བུ་སྔར་ཐེངས་གསུམ་འཚོགས་མྱོང་ཡོད་ཀྱང་ ཚོགས་མིའི་གྲུབ་ཆ་ནང་ལ་ནུས་ཕན་ཐོན་པ་དང་སྟོབས་ཤུགས་ཆེ་བ་རྣམས་འཛོམས་མྱོང་མེད་པ་ནི་མཁྱེན་དགོས་པ་ཡིན་ དཔེར་ན་ ད་ལོ་སླར་ཡང་ཨོ་བྷ་མ་ཚོགས་འདུར་བཅར་མེད་ རྒྱུ་མཚན་གཞན་གང་ཡང་མེད་ རྒྱ་ནག་ལ་འཇིགས་སྣང་གིས་རྐྱེན་པས་ཁོ་ན་ཡིན་ སྤྱིར་དུས་ཚོད་མེད་པ་མིན་ དེང་སང་ཨོ་བྷ་མ་ཨེ་ནངཤི་ཡ་ནང་གཟིགས་སྐོར་བསྐྱང་བཞིན་ཡོད་པས་བཅར་ཆོག་ཆོག་ཡིན་ བྱས་ཙང་ཁོ་བོས་བསམས་པར་ཨོ་བྷ་ལྟ་བུ་ལ་གཟེངས་རྟགས་དེ་ལྟ་བུ་འཕུལ་བ་ནི་འོས་ཤིང་འཚམས་པ་མ་ཡིན་པ་ཞིག་ཏུ་མཐོང་།

    Reply
  5. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 16 སྔོན།

    འདི་ངོ་མ་གཏམ་བཟང་རེད། ཞི་བདེ་ནི་འཛམ་གླིང་མི་བུ་འདས་གསོན་ཚང་མའི་རེ་ལྟོས་དང་དམིགས་འདུན་ངོ་མ་དེ་འདི་ཡིན་ལ།

    Reply
  6. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    ཞི་བདེ་ལྷན་ཚོགས་ཀྱིས་༢༠༡༠ལོའི་ཞི་བདེའི་གཟེངས་རྟགས་བཞེས་མཁན་སྐུ་ཞབས་ལེའུ་ཞོའོ་པའོ་གང་མགྱོགས་གློད་གྲོལ་ཡོང་རྒྱུར་འབད་བརྩོན་གནང་ཐུབ་ན་ཡག་པོ་འདུག

    Reply
  7. སྨར་དྷཱིཿཟེར། says:
    ལོ་ 16 སྔོན།

    དངོས་གནས་ཡག་ཐལ། འཛམ་གླིང་ཞི་བདེ་དང་བོད་གངས་ཅན་ཀྱི་ལྗོངས་འདིར་ཆོས་སྲིད་རང་དབང་གཙང་མ་མྱུར་དུ་སྤྱོད་ཐུབ་པའི་སྨོན་འདུན་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese