དེ་རིང་ཞོགས་པའི་ཆུ་ཚོད་ ༡༠ སྟེང་གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་བོད་གཞུང་འོས་བསྡུ་ལྷན་ཁང་གིས་སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་དང་། སྐབས་བཅུ་བཞི་བའི་བཀའ་བློན་ཁྲི་པའི་སྔོན་འགྲོའི་འོས་མི་ཁག་གསལ་བསྒྲགས་བསྐྱངས་ཡོད། ཐེངས་འདིའི་གསལ་བསྒྲགས་ནང་། སྐབས་བཅུ་བཞི་བའི་བཀའ་བློན་ཁྲི་པའི་འོས་མི་ ༦ དང་། སྐབས་བཅོ་ལྔ་བའི་སྤྱི་འཐུས་འོས་མིའི་ཁོངས་སུ། ཆོལ་ཁ་རེར་ ༥༠ རེ་དང་ཆོས་བརྒྱུད་རེར་ ༡༠ རེ། བྱང་ཨ་རི་དང་ཁེ་ན་ཌ་ཁུལ་དུ་ ༡༠ དང་། ཡུ་རོབ་ཁུལ་དུ་ ༡༠ བཅས་གསལ་བསྒྲགས་བསྐྱངས་སོང་།
ཐེངས་འདིའི་བཀའ་བློན་ཁྲི་པའི་འོས་མི་དྲུག་གི་ཨང་རིམ་ནི། ཨང་དང་པོ་ཁྲིམས་ལུགས་མཁས་པ་བློ་བཟང་སེང་གེ་ལགས་སུ་འོས་གྲངས་ ༢༢༤༨༩ དང་། ཨང་གཉིས་པ་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་སུ་འོས་གྲངས་ ༡༢༣༡༩ ། ཨང་གསུམ་པ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་ལགས་སུ་འོས་གྲངས་ ༢༧༣༣ ། ཨང་བཞི་བ་བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་སུ་འོས་གྲངས་ ༢༡༠༡ ། ཨང་ལྔ་བ་སྐུ་སྒེར་དྲུང་ཆེ་ཟུར་བ་བློ་བཟང་སྦྱིན་པ་ལགས་སུ་འོས་གྲངས་ ༡༥༤༥། ཨང་དྲུག་པ་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་ལགས་སུ་འོས་གྲངས་ ༦༠༥ བཅས་རེད།
སྐབས་བཅོ་ལྔ་བའི་མདོ་སྟོད་སྤྱི་འཐུས་འོས་མི་ཁག་ནི། ཨང་དང་པོ་འབའ་བ་སྐལ་བཟང་རྒྱལ་མཚན། ཨང་གཉིས་པ་འཇུ་ཆེན་དཀོན་མཆོག ཨང་གསུམ་པ་སེར་རྟ་ཚུལ་ཁྲིམས། ཚུལ་ཁྲིམས་བསྟན་འཛིན། བཀྲིས་དབང་འདུས། དགེ་བཤེས་གཡུང་དྲུང་རྒྱལ་མཚན། དབུ་དཀར་ཚང་གཡུ་སྒྲོན། གངས་ལྷ་མོ། ཆོས་སྐྱོང་དབང་ཕྱུག བློ་བཟང་ཡེ་ཤེས། རྡོ་རྗེ་དབང་འདུས། འཇམ་དབྱངས་བཟོད་པ། བསྟན་འཛིན་ནོར་བུ། སྒ་པ་ལྷ་མོ། སྨར་ཁམས་ཆོས་འཕེལ། ཆོས་འཕེལ་ཐུབ་བསྟན། པདྨ་བདེ་ལེགས། དབྱངས་ཅན་སྒྲོལ་དཀའ། གྲའུ་ཚེ་བརྟན། ཟླ་བ་སྒྲོལ་མ། ཀརྨ་མཁས་གྲུབ། རིན་ཆེན་མཁའ་འགྲོ གོ་བོ་བློ་བཟང་ཕན་བདེ། བྲག་གཡབ་བཀྲིས་རྣམ་རྒྱལ། ངག་དབང་བསྟན་པ། གཡང་འཛོམས་སྒྲོལ་དཀར། བསོད་ནམས་དཔལ་མོ། ནང་ཆེན་བསྟན་འཛིན། ཨ་རྡོ། ངག་དབང་འོད་འབར། ཀརྨ་གཡུལ་རྒྱལ། སྐལ་བཟང་ཆོས་སྐྱིད། སེར་སྨད་བློ་དགའ། ནོར་བུ་ཚེ་རིང་། ཚེ་རིང་དབང་ཕྱུག ཚེ་དབང་བསྟན་འཛིན། ཕུར་པ་ཚེ་རིང་སྟོབས་རྒྱལ། སྐྱུ་ར་དཔལ་རྡོར། ཚེ་རིང་བདེ་སྐྱིད། བཀྲིས་བདེ་ལེགས། ཡེ་ཤེས་ཆོས་བཟང་། དོན་གྲུབ་ལྷ་དར། འཇམ་དཔལ་རྒྱ་མཚོ། བསོད་ནམས་ཆོས་སྒྲོན། སྐལ་བཟང་ནོར་བུ། ཚེ་བརྟན་རྡོ་རྗེ། ཨ་འབྲུག་ཆོས་སྐྱིད། བཟང་མཁན་མཁས་གྲུབ། དཀོན་མཆོག་ནོར་བུ། ངག་དབང་ཐར་བ་བཅས་ཡིན་ཞིང་། འོས་གྲངས་མཐོ་ཤོས་ལ་འོས་གྲངས་ ༦༦༦༩ དང་། དམའ་ཤོས་ལ་འོས་གྲངས་ ༣༡༠ བཅས་རེད།
སྐབས་བཅོ་ལྔ་བའི་མདོ་སྨད་སྤྱི་འཐུས་འོས་མི་ཁག་ནི། ཨང་དང་པོ་སྤེན་པ་ཚེ་རིང་། ཨང་གཉིས་པ་རྒྱལ་རོང་ཟླ་བ་ཚེ་རིང་། ཨང་གསུམ་པ་ཐུབ་བསྟན་ལུང་རིགས། འཕེལ་རྒྱས་སྒྲོལ་མ་མཚོ་མོ། བསོད་ནམས་རྒྱལ་མཚན། ཀིརྟི་སྒྲོལ་དཀར་ལྷ་མོ། སྒྲོལ་དཀར་སྐྱབས། ཚེ་རིང་གཡུ་སྒྲོན། ཡེ་ཤེས་སྒྲོལ་མ། སེར་རྟ་ཚུལ་ཁྲིམས་འོད་ཟེར། སྨན་པ་མཁྱེན་རབ། རྨོག་རུ་བསྟན་པ། རྒྱ་རིགས་ཐར། ཀུན་ཐར་དོན་གྲུབ། བསྟན་འཛིན་མགོན་པོ། བློ་བཟང་དཔལ་ལྡན། ཀརྨ་དགེ་ལེགས། ཆབ་བྲག་ལྷ་མོ་སྐྱབས། ཤིང་གཟའ་རིན་པོ་ཆེ། ཀླུ་མཁར་བྱམས། བཀྲིས་དོན་གྲུབ། ལུང་རིགས་རྒྱལ། ཚངས་དབྱངས་རྒྱ་མཚོ། གཟུངས་ཕྱུག་སྐྱིད། བསྟན་འཛིན་དོན་ཡོད། ཚེ་རིང་རྡོ་རྗེ། སྐལ་བཟང་ལྷ་མོ། བློ་བཟང་ཆོས་འཕེལ། འཇིགས་མེད་མཆོག་གྲུབ། ཤེས་རབ་དར་རྒྱས། ཅོ་ལེབ་ཆོས་འཕེལ། རྨེའུ་དབང་འཛིན་ལྷ་མོ། གངས་རི། ཀིརྟི་རིན་པོ་ཆེ། གཡང་ཁོ་རྒྱལ། ཨ་ལོ། རྔ་བ་ཚེ་རྒྱམ། རྨེའུ་མགོན་པོ་མཚོ། དགེ་བཤེས་བསྟན་པ་བཀྲིས། དཀོན་མཆོག་བཟོད་པ། བློ་བཟང་བཀྲིས། ཨ་ལགས་འཇིགས་མེད། ལྷ་ལུང་རྒྱལ། བསྟན་འཛིན་མཁས་གྲུབ། ཉི་མ་ཚེ་རིང་། བྷུད་ངྷ་སྐྱབས། རྡོ་རྗེ་དབང་ཕྱུག བློ་བཟང་དངོས་གྲུབ། ཨ་མཆོག་རིན་པོ་ཆེ། ལྷ་དབང་རྡོ་རྗེ་བཅས་ཡིན་ཞིང་། འོས་གྲངས་མཐོ་ཤོས་ལ་འོས་གྲངས་ ༡༧༢༣ དང་དམའ་ཤོས་ལ་འོས་གྲངས་ ༢༥ བཅས་བཀོད་འདུག
འོས་བསྡུའི་འགན་འཛིན་ལས་འཕར་རིག་འཛིན་ཆོས་གྲགས་ལགས་ཀྱིས་ཆོས་བརྒྱུད་ཁག་དང་ཨ་རི་དང་ཁེ་ན་ཌ། ཡུ་རོབ་བཅས་ཀྱི་སྤྱི་འཐུས་འོས་མི་རྣམས་ཀྱི་མཚན་གཞུང་བསྒྲགས་པའི་ནང་། ས་སྐྱའི་སྤྱི་འཐུས་འོས་མི་ཁག་ནི། ནོར་བུ་ཚེ་རིང་ལགས་སུ་འོས་གྲངས་ ༢༣༡ ། ཆོས་གྲགས་རྒྱ་མཚོར་འོས་གྲངས་ ༡༩༦ ། སྦྱན་དབྱངས་རྒྱ་མཚོར་འོས་གྲངས་ ༨༩ ། ག་ཟི་དགེ་བཤེས་ཚེ་རིང་པོར་འོས་གྲངས་ ༨༦ ། ཐུབ་བསྟན་རྒྱལ་མཚན་འོས་གྲངས་ ༥༨ ། པདྨ་ནོར་བུར་འོས་གྲངས་ ༤༤། ཀ་བྲག་དངོས་གྲུབ་བསོད་ནམས་ལ་འོས་གྲངས་ ༤༣། འགྱུར་མེད་རྡོ་རྗེ་ལ་འོས་གྲངས་ ༡༨། པདྨ་ནོར་བུར་འོས་གྲངས་ ༦། འཇམ་དབྱངས་མཐུ་སྟོབས་ལ་འོས་གྲངས་ ༥་བཅས་ཡིན་འདུག
རྙིང་མའི་སྤྱི་འཐུས་འོས་མི་ཁག་ནི། སློབ་དཔོན་བསོད་ནམས་བསྟན་འཕེལ་ལ་འོས་གྲངས་ ༡༢༩༡ ། རྒྱ་རི་བུ་ཕྲུག་ལ་འོས་གྲངས་ ༧༧༥། སློབ་དཔོན་དྲི་མེད་རྒྱལ་མཚན་ལ་འོས་གྲངས་ ༤༦༣། མཁན་པོ་ཆོས་དབྱངས་ལ་འོས་གྲངས་ ༨༢། བསོད་ནམས་རྒྱལ་མཚན་ལ་འོས་གྲངས་ ༢༦། རི་འགོ་སྤྲུལ་སྐུར་འོས་གྲངས་ ༢༢། ཚེ་རིང་ཕུན་ཚོགས་ལ་འོས་གྲངས་ ༡༣། སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་ལ་འོས་གྲངས་ ༡༡། ངག་དབང་སྙན་གྲགས་ལ་འོས་གྲངས་ ༦། མཁན་པོ་ཚེ་དབང་ལ་འོས་གྲངས་ ༥ བཅས་རེད།
བོན་པོའི་སྤྱི་འཐུས་འོས་མི་ཁག་ནི། དགེ་བཤེས་སྨོན་ལམ་མཐར་ཕྱིན་ལ་འོས་གྲངས་ ༧༠ ། བ་ར་ཚེ་དབང་བཀྲ་ཤིས་འོས་གྲངས་ ༤༡། གཡུང་དྲུང་རིན་ཆེན་ལ་འོས་གྲངས་ ༢༢། བྱ་དོར་བསོད་ནམས་བཟང་པོར་འོས་གྲངས་ ༡༩། དགེ་བཤེས་རྣམ་དག་གཙུག་ཕུད་འོས་གྲངས་ ༡༨། བློ་བཟང་རྒྱ་མཚོར་འོས་གྲངས་ ༦། ཟླ་བ་དར་རྒྱས་ལ་འོས་གྲངས་ ༤། གཡུང་དྲུང་འཆི་མེད་ལ་འོས་གྲངས་ ༣། བློ་ལྡན་ཉི་མར་འོས་གྲངས་ ༢། དགེ་བཤེས་སྐལ་བཟང་ལ་འོས་གྲངས་ ༡ བཅས་རེད།
བཀའ་བརྒྱུད་སྤྱི་འཐུས་འོས་མི་ཁག་ནི། བསྟན་པ་ཡར་འཕེལ་ལ་འོས་གྲངས་ ༣༣༥ ། ཀརྨ་ཆོས་འཕེལ་ལ་འོས་གྲངས་ ༢༢༩། ཁང་དཀར་དབང་ཕྱུག་རྡོ་རྗེ་ལ་འོས་གྲངས་ ༡༦༥། བླ་མ་འཕྲིན་ལས་ལ་འོས་གྲངས་ ༡༤༢། སྤྲུལ་སྐུ་ཀརྨ་རིན་ཆེན་ལ་འོས་གྲངས་ ༡༡༩། བྱམས་པ་དཔལ་ལྡན་ལ་འོས་གྲངས་ ༨༤། དོན་འགྲུབ་ཕུན་ཚོགས་ལ་འོས་གྲངས་ ༦༩། བསོད་ནམས་དགྲ་འདུལ་ལ་འོས་གྲངས་ ༥༡། ཀུན་དགའ་ལ་འོས་གྲངས་ ༢༣། དངོས་གྲུབ་ཚེ་རིང་ལ་འོས་གྲངས་ ༩ བཅས་རེད།
དགེ་ལུགས་སྤྱི་འཐུས་འོས་མི་ཁག་ནི། རོང་བོ་བློ་བཟང་སྙན་གྲགས་ལ་འོས་གྲངས་ ༡༢༢༨ ། ཨ་ཀྲུག་ཚེ་བརྟན་ལ་འོས་གྲངས་ ༡༢༢༨། དགེ་བཤེས་བེ་རི་འཇིགས་མེད་དབང་རྒྱལ་ལ་འོས་གྲངས་ ༨༠༡། དགེ་བཤེས་བློ་བཟང་ལ་འོས་གྲངས་ ༥༢༩། འཁྲུངས་གསར་རིན་པོ་ཆེ་བསྟན་འཛིན་དཔལ་ལྡན་འོས་གྲངས་ ༣༩༣། དགེ་བཤེས་བསྟན་འཛིན་དར་རྒྱས་ལ་འོས་གྲངས་ ༢༧༠། དགེ་བཤེས་ཕུར་བུ་བསམ་འགྲུབ་ལ་འོས་གྲངས་ ༢༡༦། དཔལ་ལྡན་ཆོས་གྲགས་ལ་འོས་གྲངས་ ༡༩༣། དགེ་བཤེས་གྲགས་པ་བསྟན་འཛིན་བདེ་མཆོག་འོས་གྲངས་ ༡༣༥། བློ་བཟང་ཕན་བདེ་ལ་འོས་གྲངས་ ༨༤ བཅས་རེད།
ཨ་རི་དང་ཁེ་ན་ཌའི་སྤྱི་འཐུས་འོས་མི་ཁག་ནི། བཀྲ་ཤིས་རྣམ་རྒྱལ་ལ་འོས་གྲངས་ ༡༠༤༦ ། ནོར་བུ་ཚེ་རིང་ལ་འོས་གྲངས་ ༨༢༦། དངོས་གྲུབ་ཚེ་རིང་ལ་འོས་གྲངས་ ༤༡༤། ཀུན་དགའ་འཕྲིན་ལས་འོས་གྲངས་ ༣༨༤། བཀྲ་ཤིས་ཕུན་ཚོགས་ལ་འོས་གྲངས་ ༣༤༣། བསྟན་འཛིན་རྡོ་རྗེ་ལ་འོས་གྲངས་ ༣༣༢། བདེ་སྐྱིད་ཆོས་དབྱངས་ལ་འོས་གྲངས་ ༣༡༥། བློ་བཟང་ཉི་མར་འོས་གྲངས་ ༢༡༡། ཚེ་དབང་དངོས་གྲུབ་ལ་འོས་གྲངས་ ༢༠༥། འཕྲིན་ལས་འོད་ཟེར་ལ་འོས་གྲངས་ ༡༥༩ བཅས་རེད།
ཡུ་རོབ་ཁུལ་གྱི་སྤྱི་འཐུས་འོས་མི་ཁག་ནི། ཐུབ་བསྟན་དབང་ཆེན་ལ་འོས་གྲངས་ ༦༥༧ ། དབང་པོ་བཀྲེས་མཐོང་ལ་འོས་གྲངས་ ༤༣༠། ཆུང་བདག་ཀོ་རིན་ལ་འོས་གྲངས་ ༤༢༧། ཚེ་རིང་རྡོ་རྗེ་གསང་གླིང་འོས་གྲངས་ ༣༥༩། བསམ་མདོ་བྱམས་པ་ཚེ་རིང་ལ་འོས་གྲངས་ ༢༥༢། སྨོན་མཁར་བསོད་ནམས་ཕུན་ཚོགས་ལ་འོས་གྲངས་ ༡༩༢། རིག་འཛིན་རྡོ་རྗེ་འོར་པ་ལ་འོས་གྲངས་ ༡༦༤། ཐུབ་བསྟན་རྒྱ་མཚོར་འོས་གྲངས་ ༨༦། རྟའུ་བློ་བཟང་དཔལ་ལྡན་འོས་གྲངས་ ༦༠། ཆོས་རྒྱལ་བསྟན་འཛིན་འོས་གྲངས་ ༤༦ བཅས་རེད།
ཕྱི་ལོ་ ༢༠༡༡ ལོའི་བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོར་དེབ་སྐྱེལ་གནང་མཁན་གྲངས་ ༧༩༠༠༠ ཙམ་བྱུང་ཡོད་པ་ལས་ས་གནས་ཁག་ ༥༠ ཙམ་དུ་སྔོན་འགྲོའི་འོས་བསྡུར་དངོས་སུ་ཞུགས་མཁན་ ༤༧༠༠༠ ཙམ་བྱུང་ཡོད་འདུག་ལ། གསར་འགོད་གསལ་བསྒྲགས་ཀྱི་ཐོག་མར་དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་འཇམ་དཔལ་ཆོས་བཟང་ལགས་ཀྱིས་འོས་བསྡུ་དང་འབྲེལ་བའི་དོན་ཚན་འགའ་གསལ་བཤད་གནང་བ་ལྟར་ན། རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་ཏུ་ཡོད་པའི་བོད་པའི་སློབ་ཕྲུག་མང་པོ་ཞིག་ལ་འོས་ཤོག་ལྡུག་རྒྱུའི་ཆ་རྐྱེན་ཚང་ཡོད་ཀྱང་། སྔོན་འགྲོའི་སྐབས་དེབ་སྐྱེལ་བྱས་མེད་སྟབས་འོས་ལྡུག་རྒྱུའི་གོ་སྐབས་རག་ཡོད་པ་མ་རེད། དེ་དག་གི་ཆེད་དུ་ང་ཚོས་གོ་བསྡུར་བྱས་ཏེ། བསྐྱར་དུ་ཁོང་ཚོར་དེབ་སྐྱེལ་གཉིས་པ་བྱ་རྒྱུའི་དུས་ཚོད་ཅིག་བཟོས་ཡོད། དེ་ནི་ད་ལོའི་ཕྱི་ཟླ་ ༡༡ ཚེས་ ༣༠ ནས་ལོ་རྗེས་མའི་ཕྱི་ཟླ་ ༡ ཚེས་ ༡༧ བར་ཡིན། ས་གནས་འོས་བསྡུའི་འགན་འཛིན་རྣམ་པས་དེབ་སྐྱེལ་མིང་གཞུང་དེ་ཕྱི་ཟླ་ ༡ ཚེས་ ༢༤ འགྱངས་མེད་ཐོག་དབུས་ལ་འབྱོར་དགོས་སྐོར་གསུངས་སོང་།
གཞན། བལ་ཡུལ་དང་འབྲུག་ཡུལ་ནང་གི་འོས་སྒམ་གྱི་གནད་དོན་སྐོར་ལ། བལ་ཡུལ་ནང་ས་གནས་ཁག་ ༦ ཏུ་འོས་བསྡུ་གོ་སྒྲིག་ཞུས་པ་རེད། དེ་དག་ལས་འབྱོར་བའི་འོས་བསྡུའི་དེབ་སྐྱེལ་ཟིན་པ་གྲངས་ ༡༡༦༢༠ ཙམ་ང་ཚོར་འབྱོར་སོང་ལ། རྗེས་སུ་འོས་ཤོག་འཕངས་ཏེ་ང་ཚོར་འབྱོར་བ་གྲངས་ ༣༦༢༣ ཙམ་རེད། འཕགས་ཤིང་དང་མཆོད་རྟེན་ཁུལ་ནས་འོས་སྒམ་ ༡༨ འཕྲོགས་སོང་བ་དེ་ཁ་སང་བར་ཐབས་ཤེས་བྱས་ཀྱང་རག་ཡོད་པ་མ་རེད། དེར་བརྟེན། བལ་ཡུལ་ནས་འོས་ཤོག་རྩིས་མེད་ཟེར་གྱི་མེད། འཕྲོ་བརླག་ཏུ་ཕྱིན་པ་ཆིག་སྟོང་ལྷག་ཙམ་ཡོད་པ་རེད། དེ་བཞིན། འབྲུག་ཡུལ་གཞུང་གིས་ཀྱང་ཐེངས་འདིའི་བོད་མིའི་འོས་སྒམ་བཀག་སྡོམ་བྱས་ཏེ། དབུས་འོས་བསྡུ་ལྷན་ཁང་ལ་བསྐྱལ་ཐུབ་ཡོད་པ་མེད་རེད། དེར་བརྟེན། འབྲུག་ཡུལ་ནས་ཀྱང་འོས་ཤོག་ ༦༡༣ ཙམ་འཕྲོ་བརླག་ཏུ་ཕྱིན་སོང་། ཞེས་གསུངས་སོང་།
གསར་འགོད་པ། དོན་གོ
སྤྱིར་ཆོས་རྒྱུད་སྤྱི་འཐུས་ཞིག་དགོས་པར་མ་མཐོང་མོད། གལ་སྲིད་ཆོས་རྒྱུད་ཞིག་གི་སྐུ་ཚབ་ཞིག་བྱེད་མཁན་ཞིག་ཡིན་ན་རྗེས་སུ་ས་སྐྱའི་ཕྱི་འཐུས་ཚེ་རིང་པོ་ལྟ་བུ་ཞིག་མ་བླུག་རོགས། གང་ཡིན་ཟེར་ན། ས་ཇོ་གཉིས་ཀྱི་བར་ལ་ཆོས་དམ་ཚིག་འབྲེལ་ལ་གཏོར་ལེགས་བྱས་ཡོ་པ་མ་ཟད་བོད་མའི་ནང་ཁུལ་ལ་འགལ་ཟླ་མང་པོ་བྱས་ཡོད་པས་མི་མང་ནས་དགོངས་མངའ་ཡོད་པར་མཁྱེན།
ཤེས་ཡོན་གཉིས་ལྡན་གྱི་ཚོགས་ཟུར་ཀརྨ་ཆོས་འཕེལ་ཁོང་དཔལ་མཉམ་མེད་དྭག་པོ་བཀའ་རྒྱུད་པའི་སྤྱི་འཐུས་ཀྱི་འོས་མིར་སླེབས་པ་ལ་བཀྲ་ཤིས་བདེ་ལེགས་ཞུས།
རྒྱང་རིང་ང་གཉིས་དགེ་བཤེས་བློ་བཟང་གི་སྐོར་ཁྲོམ་བསྒྲགས་བྱེད་མི་དགོས་ན་ཡག་གི་རེད་ དེ་བས་ཁྱེད་ཀྱིས་མ་འོངས་དངོས་གཞིའི་སྐབས་འོས་གཞི་དྲུག་གི་ནང་ནས་ཁོང་ལས་ལྷག་པ་ཡོད་པས་བློ་གཟུ་བོར་གནས་པ་དང་ཡ་རབས་སྤྱོད་བཟང་གིས་ཐོག་ནས་བླུགས་ན་ལེགས་སྙམ་
རིགས་པ་སྨྲ་བ་ལགས། ཉིན་གཉིས་རིང་དྲ་ཐོག་ལ་སླེབས་ཐུབ་མ་སོང་། ཡིན་ནའང་། ཁྱེད་ཀྱིས་བཀའ་བཀྱོན་མ་གཏོགས་གནས་ལུགས་བཤད་ཤེས་ཀྱི་མེད་པར་བལྟས་ན་སྐུ་ངོ་ཞིག་ཡིན་ལས་ཆེ་ཞིང་། ཡང་གོང་ས་གོང་ས་ཞེས་གོང་ས་ལག་ཆར་བཟུང་ནས་ཕ་རོལ་བཙན་གྱིས་གནོན་སྙམ་གཟིར་ཡོད་པར་ལྟ་སྐབས། ནང་ཁུལ་སྲིད་དོན་པ་ཞིག་མིན་འགྲོ་བསམ་པ་ཞིག་འདུག་ལ། ཡང་མགྱོགས་ཚད་ལ་བལྟ་སྐབས། གསར་འགོད་པ་ཕྱོགས་རེས་ཅན་ཞིག་མིན་པའི་ངེས་པའང་མི་འདུག གང་ལྟར་རིགས་པ་སྨྲ་མི་ཤེས་ཀྱང་མི་གཤིས་མ་འགལ་བ་ཡོང་མིན་རང་ཉིད་ལ་རག་ལས་ཡོད་པས། དེ་ལུགས་ཞོར་འཕྲོས་ཙམ་ཡིན།
ང་རང་གཉིས་ཀྱི་རྩོད་གཞི་གཙོ་བོ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་འཐུས་ཚང་མིན་པར་བརྟེན་ནས་ཚོགས་གཙོ་སྤེན་པ་ཚེ་རིང་ལ་མགོ་གཉིས་མ་འཁྲབ་ས་རེག་ཟིན་པ་དེ་རེད། ཁྲིམས་རང་ངོས་ནས་བཤད་ན། གཏན་ལ་ཕབ་ཟིན་པའི་དོན་ཚན་རེ་རེ་སྲུང་བྱ་རེད་ལ། དེ་རུ་ཡིན་དང་མིན་ཞེས་ཚིག་ཐག་ཆོད་པོས་གཏན་འཁེལ་བྱས་ཡོད་པ་ལས་མིན་འགྲོ། ཕལ་ཆེར་དང་ཧ་ལམ་བཀོལ་ཆོག་གི་མ་རེད་་ཅེས་སྔར་ནས་འགྲེལ་བརྒྱབ་ཟིན། ཁྲིམས་གཞུང་གི་ཆ་ནས་བཤད་ན། ལོ་རེ་རེར་ཁ་གསབ་དང་འཐུས་ཚང་ལ་གཏོང་བཞིན་པ་ཞིག་ཡིན་ཞིང་། གྲོས་ཚོགས་ནང་གི་ཁྲིམས་བཟོ་ལྷན་ཚོགས་དེར་དམིགས་ནས་བཙུགས་པ་ཞིག་རེད་ལ། མཐའ་མཇུག་སྤྱི་འཐུས་ཡོངས་ཀྱི་སུམ་ཆའི་གཉིས་ཀྱི་རྒྱབ་བསྐྱོར་ཡོད་མེད་ལྟར་ཁ་གསབ་རྒྱག་པའམ། ཡང་ན་གསར་བསྣོན་བྱེད་ཀྱིན་པ་ཞིག་རེད། དེ་བས། མི་ལ་འཆི་རྒྱུ་ཡོད་པ་ནང་བཞིན་ཁྲིམས་གཞུང་ལའང་འགྱུར་བ་འགྲོ་བཞིན་པ་ཞིག་ཡིན། དེ་ལྟ་མིན་ན། ༢༠༠༡ལོའི་ཡར་སྔོན་བཙན་བྱོལ་བཅའ་ཁྲིམས་ནང་བཀའ་ཁྲི་མང་ཚོགས་ཀྱིས་ཐད་ཀར་འདེམས་པའི་གཏན་འཁེལ་ཡོད་པ་མ་རེད་ལ། ལོ་དེར་གསར་བསྣན་གནང་བ་ཞིག་རེད། འདི་དཔེ་མཚོན་ཙམ་ཡིན། ད་ཨུ་ཚུགས་དོར་ནས་དངོས་ཡོད་གནས་སྟངས་ལ་གོ་བ་ལེན་ཤེས་པར་འབད་བརྩོན་གནང་བར་རེ་བ་ཡོད།
༄༎ མ་འོངས་བཀའ་སྤྱི་གཉིས་ཀྱི་སྔོ་འགྲོའི་འོས་གཞི་ཕེབས་མཁན་གྱི་བོད་རིགས་ཟླའི་སྐུ་ཚབ་ལྷན་རྒྱས་ལ་འཚམ་འདྲི་བཀྲིས་བདེ་ལེགས་ཀྱི་མདུན་བསུ་སྟེ། མ་འོངས་ཁྱེད་རྣམས་པའི་དྲང་ཚུག་བསྟེན་པོ་ངང་ནས་བོད་སྤྱི་བའི་ཙ་དོན་ལ་འབད་པ་གནང་རོགས་ཞུ།
᪠᪽᪄་᪠ྱོལ་བ་ལགས་
ཁྱོད་ཀྱིས་དགེ་བཤེས་བློ་བཟང་གི་ལོ་རྒྱུས་མཐོང་མ་སོང་ངམ་ ཡང་ན་དེའི་ལོ་རྒྱུས་དེ་རྫུན་མ་རེད་དམ་ ཁྱོད་ཀྱིས་ཁོང་ཉིདཀྱིས་ས་རྟགས་ཡང་རྒྱབ་མི་ཤེས་པ་གང་ནས་ཤེས་སོང་
ང་ལ་གསལ་བོ་ཞིག་གསུང་རོགས་གནང་
ཁྱོད་རང་ལ་བདེན་སྤངས་ཡོད་ན་ངས་ཁྱོད་ཁས་ལེན་ཆོག་
ཁྱོད་རང་ལ་གསལ་བོ་གསུང་ཡ་མེད་ན་ངས་ཁྱོད་དྲ་འབུ་ངོ་མ་ཞིག་ཏུ་ངེས་འཛིན་གྱིན་ཡིན།
ད་ལོ་སྔོན་དང་མ་འདྲ་བའི་སྤྱི་མཐུས་རྣམས་གང་ཚམ་ཡག་པོ་བྱུང་འདུག་ཀྱང་དབུས་གཙང་སྤྱི་འཐུས་ཟླ་བ་ཚེ་རིང་། མདོ་སྨད་སྤྱི་འཐུས་འཕེལ་རྒྱས་སྒྲོལ་མ་མཚོ་མོ། མདོ་སྟོད་སྤྱི་འཐུས་དགེ་བཤེས་གཡུ་དྲུང་རྒྱལ་མཚན་སོགས་མ་སླེབས་པའི་རེ་བ་ཡོད།
དེར་བརྟེན་བོད་རིགས་སྤུན་ཟླ་རྣམས་ཀྱིས་ཐུགས་བསམ་ཡག་པོ་བཞེས་ནས་མི་ཡག་པོ་ཞིག་སླེབས་ཐུབ་པའི་འབད་བརྩོན་གནང་རོགས། ཁོང་རྣམས་པ་གསུམ་ནི་ཆོལ་ཁའི་ཞེན་ཁོག་གི་དྲ་རྒྱ་རུ་ཚུད་པའི་མི་ཞིག་ཡིན་ལ་ཤེས་ཡོན་དང་འཇོན་ཐོང་སོགས་ནི་དེ་ལས་ཀྱང་མེད།
ཁྱེད་རྣམས་ཀྱིས་དགེ་ལུགས་སྤྱི་འཐུས་གྲས་སུ་སྔར་གོ་མྱོང་ཐོས་མྱོང་མེད་པའི་དགེ་བཤེས་བློ་བཟང་ཟེར་བ་གློ་བུར་ཐོབ་རྒྱག་ལ་ཨང་བཞི་པར་སླེབས་པ་དེའི་སྐོར་ཤེས་ཀྱི་ཨེ་ཡོད་ ང་ནི་ངོ་མ་ཧོན་འཐོར་སོང་ མི་དེ་འདྲ་བ་ཞིག་བོད་གཞུང་གི་སྤྱི་འཐུས་ཚོགས་ཁང་ནང་དུ་སྐྱེལ་ཕོས་པ་དེ་ཞེ་དྲག་ངན་པ་རེད་ ང་ཁོང་ལ་སྒེར་གྱི་འཁོན་འཛིན་གང་ཡང་མེད་ འོན་ཀྱང་བསམ་གཞིག་མང་པོ་བྱེད་དགོས་ ཤེས་འཇོན་ལྷག་བསམ་ཕར་ཞོག་ ཐ་ན་རང་གི་མཚན་རྟགས་རྒྱག་མི་ཤེས་མཁན་ཞིག་བསྐོས་ཕོས་པ་དེ་ཞེ་དྲག་རེད་ བྱས་ཙང་སྤྲོས་བཤད་ཞེ་དྲག་བྱེད་མི་དགོས་པའི་ཐོག་ནས་དངོས་གཞིའི་ནང་དུ་མི་དེ་འདྲ་བ་མ་བླུགས་པའི་ཡིད་ཆེས་ཡོད་ ཁོང་ལ་འོས་བླུགས་མཁན་རྣམས་ཀྱིས་རང་མདོག་མ་སྟོན་ན་ལེགས་སྙམ་ འོས་བླུགས་མཁན་གང་ཟག་སུ་ཡིན་ དགོན་པ་གང་ནས་ཡིན་ ཕལ་ཆེར་མི་ཤེས་པ་མེད་ ཐ་ན་ཅོལ་བྱུང་བྱིས་པ་ཡིན་ན་ཡང་ཤེས་ཚོད་རེད་