མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་ས་ལྡི་ལི་ཁུལ་གྱི་མཛད་འཕྲིན།

བོད་ཀྱི་དུས་བབ།
༢༠༡༠/༡༡/༡༩
Share on FacebookShare on TwitterShare on EmailShare on Whatsapp

ཉི་ཧོང་ནང་གི་༧གོང་ས་མཆོག་གི་མཛད་འཕྲིན་ལེགས་པར་གྲུབ་རྗེས་ཕྱིར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཞབས་སོར་བཀོད་ཡོད་པ་དང་། ཁ་སང་ཕྱི་ཚེས་ ༡༨ ཉིན་རྒྱལ་ས་ལྡི་ལི་རུ་རྟེན་གཞི་བྱས་པའི་མཐུན་སྒྲིལ་ཐེབས་རྩ་ཁང་གིས་ ༢༠༡༠ ལོའི་ལོའི་མཱ་ངྷིར་ཁྲི་རེ་སཱའི་ Mother Teresa དྲན་རྟེན་གྱི་རྒྱལ་སྤྱིའི་དྲང་བདེན་སྤྱི་ཚོགས་ཞབས་ཞུའི་གཟེངས་རྟགས་ཐེངས་ ༤ དེ་༸གོང་ས་མཆོག་ལ་ཕུལ་ཡོད་ཅིང་། ཐེངས་འདིའི་མཛད་སྒོའི་སྟེང་རྒྱ་གར་གྱི་ཆེས་མཐོད་ཁྲིམས་དཔོན་ཟུར་པ་སྐུ་ཞབས་བྷོལ་མ་མཆོག་གཙོས། བྷར་ཛིལ་དང་པོ་ལན་ཌི་བཅས་རྒྱལ་ཁབ་ཁག་གི་གནད་ཡོད་མི་སྣ་དང་། ཀ་ལི་ཀ་ཏའི་ཡུ་ཤུ་དགེ་རྩ་ཚོགས་པའི་བཙུན་མ་དང་རྒྱ་གར་གྱི་འཁྲབ་སྟོན་པ་གྲགས་ཅན་རཱ་ནེ་མོའུ་གྷི་བཅས་ཕེབས་ཡོད་འདུག

གཟེངས་རྟགས་འབུལ་བཞེས་སྐབས་༸གོང་ས་མཆོག་གིས། ཆོས་ལུགས་འདྲ་མིན་ཁག་ཚང་མར་མིའི་རིན་ཐང་གོང་མཐོ་རུ་གཏོང་བའི་ནུས་པ་ཞིག་ཡོད་པ་དེ་བྱམས་བརྩེ་དང་མི་ཚེར་བདེ་སྐྱིད་སྐྲུན་ཐབས་ཀྱི་སྐོར་ཡིན། འདས་པའི་མི་ལོ་དུ་མའི་རིང་ཡུ་ཤུ་ཨ་ནེ་གྲགས་ཅན་མཱ་ངྷིར་ཁྲི་རེ་སྰ་ཡིས་དེའི་ཐོག་ལ་རླབས་ཆེན་གྱི་ཕྱག་ལས་གནང་སྟེ། སྐྱེ་བོ་ཁྲི་ཕྲག་མང་པོའི་སྡུག་བསྔལ་སེལ་ཡོད། མ་འོངས་པར་ཡུ་ཤུ་ཨ་ནེ་རྣམས་པས་ཀྱང་མཱ་ངྷི་ཁྲི་རེ་སཱ་ཡིས་སྙིང་སྟོབས་མིག་དཔེར་བཟུང་སྟེ། དབུལ་ཞིང་ཕོངས་པའི་མི་མང་ལ་ཞབས་ཞུ་གང་ཡོང་བསྒྲུབ་དགོས་པའི་ལམ་སྟོན་བཀའ་སློབ་གནང་ཡོད་པ་རེད།

དེ་རིང་ཕྱི་ཚེས་ ༡༩ ཉིན་ནས་ཉིན་གྲངས་ལྔའི་རིང་༸གོང་ས་མཆོག་གིས། རྒྱ་གར་རྒྱལ་ཡོངས་ཀྱི་གསར་ཁང་གྲགས་ཅན་ཧིན་རྡུ་སི་ཐན་དུས་བབ་ (Hindustan Times) ཀྱི་སྐབས་བརྒྱད་པའི་དབུ་ཁྲིད་ལྷན་ཚོགས་ཀྱི་དབུ་འབྱེད་མཛད་སྒོར་ཆིབས་བསྒྱུར་གྱིས་ ༼དཀའ་རྙོག་ཅན་གྱི་དུས་ཚོད་ནང་བདེ་སྐྱིད་ཀྱི་ཐབས་ལམ༽ ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་རྒྱུ་དང་། ལྡི་ལི་གསར་པའི་སྤྱི་ཚོགས་ཚན་རིག་སློབ་གཉེར་ཁང་དབུ་བརྙེས་ཏེ་ལོ་ངོ་ ༢༥ འཁོར་བའི་དུས་དྲན་མཛད་སྒོར་ཆིབས་སྒྱུར་གྱིས་༼ འགྲོ་བ་མིས་འཛམ་གླིང་གི་ཞི་བདེ་བསྐྲུན་ཐབས ༽ ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་རྒྱུ། དེ་བཞིན། ཕྱི་ཚེས་ ༢༠ ནས་ ༢༣ བར་ཉིན་གྲངས་བཞི་རིང་སེམས་དང་སྲོག་གི་ཚན་རིག་པའི་ཚོགས་འདུ་ཐེངས་ཉེར་གཉིས་པའི་ཐོག་མཉམ་ཞུགས་གནང་འཆར་ཡོད་པ་དང་། སྐབས་དེ་དག་དང་སྟབས་བསྟུན་ཏེ་ཇ་མི་ཡ་མི་ལི་ཡ་ཨི་སི་ལ་མི་ཡ Jamia Millia Islamia ཞེས་པའི་ཁ་ཆེའི་གཙུག་ལག་སློབ་གཉེར་ཁང་གིས་༸གོང་ས་མཆོག་ལ་མཁས་དབང་གི་ཆེ་བསྟོད་ཀྱི་ཕྱག་འཁྱེར་ཞིག་ཀྱང་འབུལ་འཆར་ཡོད་འདུག 

གསར་འགོད་པ་དོན་གོས་བསྡུ་སྒྲིག་བྱས།

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༢༠ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༠ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༢༤ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

མཆན། 6

  1. ཁར་ལྷུན says:
    ལོ་ 16 སྔོན།

    ཨ་རིག་དགེ་མཐོང་ལགས་ ༼རྒྱ་གར་གྱི་ཁོང་ལ་༽ཟེར་བ་དེ་ག་རེས་འདང་གི་མི་འདུག་གམ་
    མཚན་བྲིས་ན་རྐྱོན་གང་འདུག་མགོ་ཞུགས་ཤེས་ན་ལེགས་

    Reply
  2. སྣང་གསལ། says:
    ལོ་ 16 སྔོན།

    ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ད་ལན་་་མ་ཏ་ཀྲལ་རི་སིའི་
    དྲན་རྟན་གཟེངས་རྟག་་འབུལ་བཞེས་གནང་བར་འཚམས་དྲིན་
    བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།།

    Reply
  3. ཨ་མྱེ་རྫ་རྒྱ་ says:
    ལོ་ 16 སྔོན།

    ༸སྐུ་ཉིད་ཀྱིས་གཟེངས་རྟགས་བཞེས་པར་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།
    གཟེངས་རྟགས་ཕུལ་མཁན་ཚོ་གཙོས་མཛད་སྒོར་ཆེད་ཕེབ་ཀྱི་སྐུ་མགྲོན་རྣམ་པར་ཐུགས་རྗེ་ཆེ་ཞུ་ལགས།

    Reply
  4. རིགས་བཟང says:
    ལོ་ 16 སྔོན།

    དགའ་བ་འབུམ་གྱིས་མྱོས་ཏེ་རྟེན་འབྲེལ་ཞུ། ༸གོང་ས་མཆོག་རྒྱལ་གྱུར་ཅིག

    Reply
  5. འཇམ་ཚུལ། says:
    ལོ་ 16 སྔོན།

    ང་ལ་ཡང་དགེ་མཐོང་གི་ཤེས་འདོད་དེ་ཡོད། མ་ཟད་ད་ཐང་གི་གཟེངས་རྟགས་འདི་ཡང་གཞུང་འབྲེལ་རེད་དམ་སྒེར་བ་རེད།

    Reply
  6. ཨ་རིག་དགེ་མཐོང་། says:
    ལོ་ 16 སྔོན།

    རྟེན་འབྲེལ་ཞུ། རྒྱ་གར་གྱིས་ཁོང་ལ་གཟེངས་རྟགས་འདིའི་མཚོན་ག་ཚོད་ཅིག་ཕུལ་ཡོད་པ་ཤེས་ནི་ཡོད་ན་ཅིག་ལབ་རོགས། ང་ཚོས་དེའི་སྟེང་ནས་བསམ་བློ་གཏོང་རྒྱུ་ཞིག་རག་གི

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese