མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉེས་རྡུང་འོག་གི་ནད་གཅོང་།

བོད་ཀྱི་དུས་བབ།
༢༠༡༠/༡༡/༢༦
Share on FacebookShare on TwitterShare on EmailShare on Whatsapp

 

བོད་མདོ་ཁམས་ཏྲེ་ཧོར་ཁུལ་བཀྲ་ཤིས་དར་རྒྱས་དགོན་གྱི་ཉེ་འཁོར་ཉ་རྒྱས་དགོན་གྱི་བཙུན་མ་བཀྲ་ཤིས་དབྱངས་མཚོ་ལགས། རྒྱ་ནག་གིས་བཙོན་ཁང་ནང་ཉེས་རྡུང་ཚབས་ཆེན་བཏང་བའི་རྐྱེན་གྱིས་ཛ་དྲག་གི་སྨན་བཅོས་གནང་དགོས་བྱུང་ཡོད་འདུག

ལྷོ་ཕྱོགས་སེར་བྱེས་ཏྲེ་གྲྭ་དཀར་མཛེས་པདྨ་ཚེ་དབང་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། བཙུན་མ་བཀྲ་ཤེས་དབྱངས་མཚོ་འམ་༼མཚན་གཞན་བཀྲ་དགའ་༽དང་ཁོང་གི་ཆོས་གྲོགས་གསེར་ཆོས་སྐྱིད་དང་།  ཨ་ཆོས་གསུམ་གྱིས་ཕྱི་ལོ་ ༢༠༠༨ ལོའི་ཕྱི་ཟླ་ ༥ པའི་ཚེས་ ༢༠ ཉིན་གྱི་མཚན་མོའི་བོད་ནང་གི་ཆུ་ཚོད་དང་པོ་ཙམ་ལ་དར་རྒྱས་ནས་བརྩམས་ཏེ། དཀར་མཛེས་རྗོང་ཐོག་བར་སྤྱི་ལེ་  ༢༠  ཙམ་གྱི་སར་གོམ་བགྲོད་ཀྱིས་ཞོགས་པ་ནམ་ལངས་ཁར་དཀར་མཛེས་རྫོང་ཐོག་ཏུ་འབྱོར་ཡོད་ཅིང་། དེའི་རྗེས་ཆུ་ཚོད་༩ པ་ཡས་མས་ཤིག་ལ་དཀར་མཛེས་རྫོང་གི་ཁྲོམ་གཞུང་དུ་མི་མང་འདུ་འཛོམས་ཆེ་སར་ཞི་རྒོལ་གྱི་འབོད་ཚིག་སྒྲོག་བཞིན་རྒྱ་ནག་ལ་ངོ་རྒོལ་ཤུགས་ཆེན་བྱས་པར་བརྟེན།    དྲག་ཆས་ཉེན་རྟོག་པས་ས་དེ་ནས་བཅར་རྡུང་ཚད་མེད་བཏང་མཐར་འཛིན་བཟུང་གིས་་དཀར་མཛེས་རྫོང་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་། རྒྱ་ནག་ཁྲིན་ཏུའུ་ནས་ལམ་ཐག་ཉེ་བའི་སར་བཙོན་ཁང་ཞིག་བཅས་སུ་བཀག་ཉར་བྱས་འདུག་པ་དང་། ལོ་གཅིག་ཙམ་གྱི་རྗེས་བཙུན་མ་བསོད་ཆོས་སྐྱིད་དང་བཙུན་མ་ཨ་ཆོས་གཉིས་གཟུགས་པོ་ནད་གཅོང་ཆགས་ཏེ། རྒྱ་གཞུང་ནས་འཆི་ཉེན་ལ་འགན་ལེན་མ་ཐུབ་པར་ཀློད་གྲོལ་བཏང་ཡོད་འདུག 

 

བཙུན་མ་བཀྲ་ཤིས་དབྱངས་མཚོ་ལགས་ལོ་ངོ་གཉིས་དང་ཟླ་བ་དྲུག་ཙམ་བཀག་ཉར་བྱས་མཐར་ད་ལོའི་ཕྱི་ཟླ་ ༡༡ ཚེས་༡༩ ཉིན་བཙོན་ཁང་ནས་ཀློད་གྲོལ་བཏང་འདུག་ཀྱང་། ཁོང་རྒྱ་ནག་གི་བཙོན་ཁང་ནང་ལོ་གཉིས་ལྷག་བཀག་ཉར་བྱས་རིང་ལ་རྒྱ་དམར་ནས་ཡ་ང་སྙིང་རྗེ་མེད་པར་མི་སྤྱོད་ལས་འདས་པའི་ཉེས་རྡུང་ཚད་མེད་བཏང་བའི་རྐྱེན་གྱིས་ཁོང་གི་སྐུ་གཟུགས་ཕྱི་ནང་གཉིས་ཀར་སྐྱོན་ཆེན་པོ་བཟོས་ཏེ། ད་ལྟ་རྒྱ་ནག་གི་གྲོང་ཁྱེར་ཁྲིན་ཏུའུ་རུ་སྨན་བཅོས་བྱེད་བཞིན་ཡོད་པ་དང་། དེ་ཡང་ཁོང་ལ་ཉེས་རྡུང་འདྲ་མིན་བཏང་བའི་རྐྱེན་གྱིས་ཁོང་མོའི་མཁྲིས་པར་གནོད་སྐྱོན་ཚབས་ཆེན་བཏང་ཡོད་པ་མ་ཟད། ལག་པ་གཡོན་པ་ཐེངས་གཉིས་ལ་བཅག་ཧྲུག་བཏང་ཡོད་པ་དང་། ཨ་ཅོག་གཡོན་པ་སྐྱོན་ཅན་ཆགས་ཏེ་སྒྲ་རྩ་བ་ནས་མི་ཐོས་པར་གྱུར་ཅིང་། ཤ་པགས་གཉིས་ཀྱི་མཚམས་ལ་ཤ་རྡོག་རྡོག་ཆགས་པ་དང་། གློ་ནད་ཊི་བི་ན་ཚ་སོགས་ཀྱི་དཀའ་སྡུག་ཚད་མེད་མྱོང་བཞིན་ཡོད་འདུག

རང་ལོ་ ༣༠ ཡིན་པའི་བཙུན་མ་བཀྲ་ཤེས་དབྱངས་མཚོ་ལགས་ནི་དཀར་མཛེས་རྫོང་འདན་མ་ཤང་།༼འདུས་ཡར་དར་རམ་བདེ་སྐྱིད ༽གྲོང་ཚོའི་ཕ་བློ་བཟང་རིན་ཆེན་དང་མ་བདེ་ཆེན་མཚོ་མོ་གཉིས་ཀྱི་བུ་མོ་ཡིན་ཡང་། ཕ་མ་གཉིས་འདས་གྲོངས་སུ་སོང་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

26 Trade Passes Issued As India-Tibet Border Trade Resumes Photo (ETV Bharat Archives)
Mobile App

འཕགས་བོད་གཉིས་ཀྱི་ལི་པུ་ལེག་ཚོང་ལམ་སྒོ་ཕྱེ་ནས་རྒྱ་གར་གྱི་ཚོང་པ་ཤར་གཏོང་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༣ སྔོན་ལ།
TTT
Mobile App

སྲི་ཞུའི་ལས་བྱེད་གཉིས་ལ་ཕྱི་ལོ་ ༢༠༢༥ ལོའི་ལས་དོན་གཟེངས་ཐོན་གྱི་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༣ སྔོན་ལ།
Mobile App

རྒྱ་གར་གྱིས་རྒྱ་ནག་ལ་བརྟེན་མི་དགོས་པར་རང་སྐྱ་འཕེར་བའི་ཉི་གློག་བཟོ་སྐྲུན་གྱི་སྲིད་ཇུས་གསར་པ་ཞིག་སྤེལ་རྒྱུ་རེད།

ཆུ་ཚོད་ ༢༣ སྔོན་ལ།
TT
Mobile App

ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གིས་ཨ་རིའི་གཞུང་ཚབ་ཁང་གི་ཆབ་སྲིད་སྡེ་ཚན་གྱི་ལས་བྱེད་དང་མཇལ་འཕྲད་གནང་།

ཆུ་ཚོད་ ༢༣ སྔོན་ལ།
Sakkar Tashi’s profile on X. Screenshot taken on 24 June 2026.
Mobile App

རྒྱ་ནག་གཞུང་གིས་ས་དཀར་བཀྲ་ཤིས་ལགས་ཀྱི་བོད་ནང་གི་ནང་མི་རྣམས་ནག་ཉེས་ཅན་གྱི་ཐོ་གཞུང་དུ་བཅུག་འདུག

ཆུ་ཚོད་ ༢༤ སྔོན་ལ།
སྲིད་སྐྱོང་མཆོག་གི་ཨ་རི་དང་ཡུ་རོབ་ཀྱི་གཞུང་འབྲེལ་ཕྱོགས་ཕེབས་མཇུག་བསྒྲིལ། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༦།༦།༢༤
Mobile App

སྲིད་སྐྱོང་མཆོག་གི་ཨ་རི་དང་ཡུ་རོབ་ཁུལ་གྱི་ཕྱོགས་ཕེབས་མཇུག་བསྒྲིལ། 

༢༠༢༦/༠༦/༢༤

མཆན། 8

  1. ཁམས་སེམས་བཟང་། says:
    ལོ་ 16 སྔོན།

    ཨ་ནེ དེང་སང་ཁྱོད་ཅི་འདྲའི་སེམས་པ་ཆེ་བ་ལ ངའི་བསམ་པར ཁྲོད་ད་དུང་ནམ་ཡང་ཞུམ་པར་མེད་ཆེད་སེམས་སྔར་བཞིན་དང་དེ་ལས་ཀྱང་ལྷག་པར་གནས་ཡོད ཁྱོད་ཀྱི་སྨན་བཅོས་ལ་བར་ཆེད་མེད་པར་སྨོན ང་ཚོ་ཡིག་ཆོས་ཡོད་ཁྱོད་མན་ཡང་བདེ་ཐང་ངང་འཚོ་ཐུབ སེམས་མ་སྡུག་ཨ ང་ཚོ་སྐྱི་སྡུག་མཉམ་མྱོང་ཡིན དྲང་པོར་བཤད་ན་ནི་ཁྱོད་ཀྱི་སྤུན་མཆེད་གཅིག་ཡིན དེང་སང་ལྷོ་ཕྱོགས་རྒྱ་མཚོའི་ཉེ་འགྲམ་དུ་ཁྱོད་ཀྱི་བདེ་ཐང་གི་གཏམ་བཟང་ལ་རེ་སྒུག་བྱེད་བཞུན་དུ་རྒྱང་ལྟ་བྱེད་བཞིན་དུ་ཡོད ང་དང་ང་ཚོའི་ལས་དབང་མ་བརྗེད་ཨ།

    Reply
  2. སེར་ཏྲེ་མཁར་སྒང་བསོད་ནམས་དབང་ལྡན། says:
    ལོ་ 16 སྔོན།

    མི་རིགས་ཀྱི་དཔའ་མོ་ལགས། ཁྱེད་ལ་གདུང་སེམས་མཉམ་སྐྱེད་དང་། ཁྱེད་རང་སྐུ་གཟུགས་བདེ་ཐང་ཡོང་བའི་སྨོན་འདུན་ཞུ། ཁྱེད་ཀྱིས་བཞག་པའི་ཞབས་རྗེས་ནི་བསྟན་སྲིད་ཀྱི་གངས་རིའི་ངོས་སུ་ནམ་ཡང་ཟུབ་མེད་ཅིག་ཡིན་པས། ཁྱེད་རང་བློ་བདེ་བག་ཕེབས་ངང་བཞུགས་ཆོག

    Reply
  3. སེར་ཏྲེ་མཁར་སྒང་བསོད་ནམས་དབང་ལྡན། says:
    ལོ་ 16 སྔོན།

    མི་རིགས་ཀྱི་དཔའ་མོ་ལགས། ཁྱེད་མྱུར་དུ་བདེ་ཐང་ངང་བསམ་དོན་ཆོས་བཞིན་འགྲུབ་པའི་སྨོན་འདུན་ཞུ། ཁྱེད་ཀྱིས་བཞག་པའི་ཞབས་རྗེས་ནི་བསྟན་སྲིད་ཀྱི་གངས་རིའི་སྟེང་ན་ནམ་ཡང་ཟུབ་མེད་ཅིག་ཡིན་པས། ཁྱེད་རང་བློ་བདེ་བག་ཕེབས་གྱིས།

    Reply
  4. གངས་རིའི་བུ says:
    ལོ་ 16 སྔོན།

    ཨ་ནེ་བཀྲ་ཤིས་དབྱངས་མཚོ་ལགས་ཁྱེད་ཀྱི་སྐུ་གཟུགས་བདེ་ཐང་ཡོང་བའི་སྨོན་འདུན་གྲངས་མེད་ཞུ་་་་་་ཞུ།

    Reply
  5. རྒྱ་སེ་དཀར་པོ says:
    ལོ་ 16 སྔོན།

    ཨ་ནི་བཀྲ་ཤིས་དབྱངས་མཚོ་ལགས་ཁྱོད་མྱུར་དུ་བདེ་ཐང་ངང་སྔར་བཞིན་བཙུན་དགོན་དུ་འབྱོར་བར་སྨོན།་

    Reply
  6. ཡུལ་གྱལ་བ says:
    ལོ་ 16 སྔོན།

    ཨ་ནེ་ལགས་མགྱོགས་ནས་མྱུར་དུ་དྲག་སྐྱེས་ཡོང་བ་མ་ཚད་རྒྱལ་བ་མཆོག་གི་ཞལ་མཇལ་གསུང་ཐོས་ནས་བདེ་སྐྱིད་ཀྱི་ཉི་མ་ཤར་བའི་སྨོན་ལམ་ཞུ།

    Reply
  7. ངས་པོའི་ལྷ་སྲས། says:
    ལོ་ 16 སྔོན།

    མགྱོགས་ནས་མྱུར་དུ་ནད་གཞི་དྲག་སྐྱེས་ཡོང་བར་སྨོན་ནོ།

    Reply
  8. ཁྲ་གླག་སྤྱང་གསུམ། says:
    ལོ་ 16 སྔོན།

    ཨ་ནེ་ལགས་སུ་གདུང་སེམས་མཉམ་སྐྱེད་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese