མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕ་སྐད་གཙང་མ།

བོད་ཀྱི་དུས་བབ།
༢༠༡༠/༡༢/༡༥
Share on FacebookShare on TwitterShare on EmailShare on Whatsapp


ཉེ་ཆར་མཚོ་སྔོན་ཞིང་ཆེན་མང་ར་བོད་རིགས་རང་སྐྱོང་རྫོང་དུ་ཡོད་པའི་མཐོ་ལས་དགོན་རྣམ་རྒྱལ་ཕུན་ཚོགས་ཆོས་རྫོང་གླིང་གི་དགེ་འདུན་པ་མཐོ་ལས་ཕུན་ཚོགས་གཙོས་དགེ་འདུན་པ་ཁག་ཅིག་གིས། ༼ ཕ་སྐད་གཙང་མ ༽ ཞེས་པའི་བོད་རྒྱ་ཤན་སྦྱར་གྱི་རྣམ་པའི་ཐོག་ནས་བསྡུ་སྒྲིག་བྱས་པའི་རྒྱུན་བཀོལ་ཐ་སྙད་དང་གསར་བྱུང་ཐ་སྙད་དག་བསྒྲིགས་བྱས་པའི་དཔེ་དེབ་གསུམ་པར་སྐྲུན་བྱས་ཡོད་འདུག 

ཕྱི་ལོ་ ༢༠༠༨ ལོའི་ཕྱི་ཟླ་ ༤ བའི་ནང་དགེ་འདུན་པ་ཚོས་ཐོག་མར་དགོན་པའི་ཁོར་ཡུག་ལ་དམིགས་ཏེ་ཕ་སྐད་གཙང་མ་ཞེས་པའི་སྐྱ་དཔར་དཔེ་དེབ་ཅིག་བསྒྲིགས་ཡོད་པ་དེ་ལ། ས་གནས་མང་ཚོགས་ཀྱིས་དགའ་བསུ་དང་སློབ་གྲྭ་ཁག་གི་སློབ་ཕྲུག་ཚོས་ཆ་འཇོག་ཆེན་པོ་གནང་ཡོད་སྟབས། ཕྱིས་སུ་ཁོང་ཚོས་དཔེ་དེབ་དེ་ཇེ་རྒྱས་སུ་བཏང་སྟེ་ ༢༠༠༨ ལོའི་ལོ་མཇུག་ཏུ་ཕ་སྐད་གཙང་མ་ཞེས་པའི་དཔེ་དེབ་གཉིས་པ་གྲངས་  ༤༠༠༠ ཙམ་པར་བསྐྲུན་བྱས་ཏེ་རིན་མེད་ཐོག་དགོན་སྡེ་དང་སློབ་གྲྭ་ཁག མང་ཚོགས་ཁྲོད་བཅས་སུ་བཀྲམས་ཏེ་ནུས་པ་ཆེན་པོ་ཐོན་ཡོད་པ་དང་། རྗེས་སུ་དགོན་སྡེ་གཞན་དག་ནས་ནང་བསྟན་སྐོར་གྱི་ཐ་སྙད་དང་སློབ་གྲྭ་ཁག་གི་རྒྱུན་བཀོལ་ཐ་སྙད་སོགས་སྐུར་ཡོང་སྟེ་དཔར་སྐྲུན་གྱི་རེ་བ་ཞུས་དོན་ལྟར། མཐོ་ལས་དགོན་རྣམ་རྒྱལ་ཕུན་ཚོགས་ཆོས་རྫོང་གླིང་གིས་དགེ་འདུན་པ་ཁག་ཅིག་གི་སྣེ་ཁྲིད་འོག ཕ་སྐད་གཙང་མ་ཞེས་པའི་དེབ་གསུམ་པ་པར་སྐྲུན་བྱས་ཏེ། དཔེ་དེབ་ ༦༠༠༠ ལྷག་རིན་མེད་ཐོག་མང་ཚོགས་དང་སློབ་གྲྭ་ཁག་ཏུ་འགྲེམ་སྤེལ་བྱེད་བཞིན་ཡོད་འདུག  

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

ཆུ་ཚོད་ ༡༧ སྔོན་ལ།
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

ཆུ་ཚོད་ ༡༨ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༢༠ སྔོན་ལ།
The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༩/༠༣
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

༢༠༢༦/༠༩/༠༣
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

༢༠༢༦/༠༩/༠༣

མཆན། 8

  1. ཞི་བདེ་ says:
    ལོ་ 16 སྔོན།

    ཕ་སྐད་གཙང་མ་དེ་དྲ་ཐོག་ཏུ་གཟིགས་ཐུབ་གི་ཨེ་ཡོད།
    དེབ་དེ་མཐོང་ན་མ་གཏོགས་རིག་པ་འདོན་ཐུབ་ས་མ་རེད།

    Reply
  2. རྒྱ་རྙི། says:
    ལོ་ 16 སྔོན།

    རང་མི་རིགས་ཀྱི་ཆེད་དུ་ཡོད་ཚད་བློས་བཏང་བྱེད་ཕོད་པའི་བོད་ནང་གི་གྲ་བཙུན་རྣམས་ཀྱིས་སེམས་ཤུགས་དང་མཛད་རྗེས་ལ་སྙིང་ཐོགས་པ་ནས་ཡིད་རངས་བྱེད་རྒྱུ་དང་། བོད་པ་ཡིན་ཚད་གྱིས་དེ་ལ་ཁ་ཙམ་མིན་པར་སྙིང་ཐོག་པ་ནས་རྒྱབ་སྐྱོར་དང་གུས་བཀུར་ཞུ་འོས།།

    Reply
  3. འཁེར་སྐྱ། says:
    ལོ་ 16 སྔོན།

    བོད་ནང་གི་བོད་པ་འདི་དག་གི་སྙིང་སྟོབས་དང་ཤ་ཞེན་ལ་རྗེས་སུ་ཡི་རངས་ཞུ།

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    ཕ་སྐད་གཙང་མ། མ་སྐད་གཙང་མ། བོད་སྐད་གཙང་མ་གསུམ་གང་དག་གམ།

    Reply
  5. སྐྱ་རིད། says:
    ལོ་ 16 སྔོན།

    ཆོལ་ག་དང་ལུང་ཚན་གྱི་ཕྱོགས་སུ་མ་སོང་བ་བོད་སྤྱིའི་སྐད་དང་ཐ་སྙད་གཅིག་གྱུར་གྱི་ཕ་སྐད་ཅིག་བསྐྱོན་ཐུབ་ན་དགེ་ཚན་ཆེ།

    Reply
  6. ཤེས་རབ། says:
    ལོ་ 16 སྔོན།

    གྲྭ་བ་ཚོ་ང་ཚོའི་སྤྱི་ཚོགས་ཀྱི་མུན་པའི་སྒྲོན་མེ་ཡིན། ནམ་རྒྱུན་ཡིད་སྨོན་བྱེད་ས་དགེ་འདུན་པ་ཚོ་ཡིན། ཕྱག་ལས་ཅི་ཞིག་གནང་ཡང་མི་རིགས་འདིའི་ཆགས་འཇིག་ལ་འབྲེལ་བ་ཡོད། དགེ་འདུན་པ་ཚོ། གུས་ཕྱག་འཚལ། ཕ་སྐད་གཙང་མར་བཤད་ཀྱི་ཡིན། ས་མཐའ་ནས་མཐོ་ལས་ཕུན་ཚོགས་གཙོས་དགེ་འདུན་པ་ཚོ་སྙིང་ཐག་པ་ནས་རྗེས་སུ་ཡིད་རིང་ཞུ། བོད་རྒྱལ་ལོ།།།།

    Reply
  7. སྤྲོ་ཚིགས་དགེ་འདུན says:
    ལོ་ 16 སྔོན།

    རྗེས་སུ་ཡི་རིང་བྱད་བཞིན་ཡོད།་ཐུགས་རྗེ་ཆེ།

    ཕ་སྐད་གཙང་མར་འགྱུར་པར་གཙོ་བོ་འཁོར་ཡུག་གཙང་མ་ཞིག་དགོས།
    གཞན་གྱི་རྒྱ་རིགས་རང་རིགས་ནས་བསྲེ་གང་ཐུབ་བྱས། རང་གི་རིགས་ཕྱི་ཡུལ་དུ་གཏོར་གང་ཐུབ་བྱས་ན།
    འཁོར་ཡུག་དེ་ནམ་ཡང་གཙང་མར་ཆགས་མི་ཐུབ་།
    དེ་བརྟན་སྐྱབས་བཅོལ་གཞུང་ལ་ཕ་སྐད་གཙང་མ་སྤྱོད་སའི་འཁོར་ཡག་ཐད་འགན་ཡོད

    Reply
  8. འདྲེ་མེ་འབུད། says:
    ལོ་ 16 སྔོན།

    འདི་ཡང་ཕ་སྐད་གཅིག་གྱུར་གྱི་ལག་རྗེས་ཆེན་པོ་ཞིག་ཏུ་ངོས་འཛིན་ཆོག་ལ། བཙན་བྱོལ་ནས་ཐ་སྙད་གསར་སྒྲིག་བྱེད་བཞིན་པ་དག་གིས་ཀྱང་དཔེ་དེབ་འདི་དག་དང་གཤིབ་བསྡུར་བྱས་ཏེ། མ་འོངས་པའི་ཐ་སྙད་གཅིག་གྱུར་ཕྱོགས་སུ་འབད་རྒྱུ་ཡང་གལ་ཆེ་བར་འདོད། དེ་མིན་མཁས་མདོག་གི་རང་ལུགས་རེ་རེ་དྲུད་ཡོང་ཚེ། མ་འོངས་པར་སྐད་ཡིག་ཉམས་རྒུད་ཀྱི་རྐྱེན་དུ་མི་འགྲོ་བའི་ཉེན་ཁ་ཡང་གཏན་དུ་མེད་པ་མིན་ནོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese