མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སློབ་གྲྭ་ཁག་ཏུ་ཁྲིམས་ལུགས་དང་ཆབ་སྲིད་འཁྲིད་ཀྱི་འདུག

བོད་ཀྱི་དུས་བབ།
༢༠༡༠/༡༢/༡༨
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་བོད་ནས་གསར་དུ་འབྱོར་མཁན་ཞིག་གིས་ཁམས་བྲག་མགོ་ས་ཁུལ་གྱི་ས་བྱི་ཞི་རྒོལ་ཆེ་མོའི་གནས་ཚུལ་དང་། ད་ལྟའི་བོད་ནང་སློབ་གྲྭའི་ཤེས་ཡོན་གྱི་གནས་སྟངས་སོགས་ངོ་སྤྲོད་གནང་ཡོད།

འདས་པའི་ལོ་ངོ་དུ་མའི་རིང་ནས་བཟུང་རྒྱ་ནག་གཞུང་གིས་བོད་གཞིས་བྱེས་གཉིས་ཀྱི་བོད་མི་ཚོས་གཉེན་འཕྲལ་སོགས་ཀྱི་འགྲོ་འོང་ལ་བཀག་སྡོམ་ནན་མོ་བྱས་ཏེ། བོད་མི་ཚོ་བཙན་བྱོལ་དུ་འབྱོར་ཐུབ་ཀྱི་མེད་ཀྱང་། འདི་ལོའི་ཕྱི་ཟླ་ ༡༡ ཡས་མས་ནས་སྔ་ཕྱི་བོད་མི་མང་པོ་ཞིག་རྒྱལ་མཚམས་བརྒལ་ཏེ་སྐྱབས་བཅོལ་དང་གནས་མཇལ་སོགས་སུ་ཡོང་བཞིན་ཡོད་པ་ལྟར། ཉེ་ཆར་དབུས་སྣེ་ལེན་ཁང་དུ་བོད་མི་ ༡༠༠ ལྷག་གསར་དུ་འབྱོར་འདུག ཕྱི་ཚེས་ ༡༤ ཉིན་འདི་གའི་གསར་འགོད་པ་བཞུགས་སྒར་དབུས་སྣེ་ལེན་ཁང་དུ་ཕྱིན་སྟེ། ཉེ་ཆར་བོད་ནས་གསར་དུ་འབྱོར་བའི་བྲག་མགོ་རྫོང་ལྕོག་རི་དགོན་པའི་གྲྭ་བསམ་འཕེལ་ལགས་སུ་ ༢༠༠༨ ལོའི་རྗེས་ནས་བྲག་མགོ་ས་ཁུལ་གྱི་དགོན་སྡེ་དང་སློབ་གྲྭ མི་མང་བཅས་ཀྱི་གནས་སྟངས་ཐད་བཅར་འདྲི་ཞུས་པ་ཡིན།   

 

གྲྭ་བསམ་འཕེལ་ལགས་ཀྱིས་ ༢༠༠༨ ལོར་ཁོང་ཚོའི་དགོན་པའི་རྒྱ་གཞུང་ལ་ངོ་རྒོལ་བྱས་པའི་སྐོར་ངོ་སྤྲོད་གནང་དོན། ༢༠༠༨ ལོར་བོད་ས་ཁྱོན་ཡོངས་སུ་ངོ་རྒོལ་སྐད་འབོད་བྱས་པ་ལྟར། ང་ཚོ་བྲག་མགོ་རྫོང་ལྕོག་རི་དགོན་པའི་དགེ་འདུན་པ་དང་མི་མང་མཉམ་རུབ་ཀྱིས་ངོ་རྒོལ་སྐད་འབོད་བྱས་པ་རེད། སྐབས་དེར་རྒྱ་ནག་གི་དམག་མི་འབོར་ཆེན་བསླེབས་ཏེ། ང་ཚོའི་དགོན་པའི་དགེ་འདུན་པ་གཅིག་དམར་གསོད་བཏང་སོང་བ་མ་ཟད། ཁོང་གི་བེམ་པོ་ཡང་ནང་མི་ལ་བདག་པོ་རྒྱག་ཏུ་མ་བཅུག་པར་དམག་མིའི་འཕྲོགས་སོང་། སྐབས་དེར་སྐྱ་སེར་གཉིས་ཀར་དཀའ་ངལ་དང་འཇིགས་དངངས་མང་པོ་བྱུང་བ་རེད། ཕྱིས་སུ་དགོན་པའི་དགེ་འདུན་པ་རྣམས་དགོན་པ་ནས་འདུག་མ་ཐུབ་པར་ཟླ་ ༦ ཙམ་གྱི་རིང་ས་གནས་གཞན་དང་རི་མགོ་སོགས་སུ་འབྲོ་དགོས་བྱུང་བའི་ཤུལ་དུ། རྒྱ་དམག་མང་པོ་དགོན་པར་འཛུལ་ཏེ་དགོན་པའི་འདུ་ཁང་དང་གྲྭ་ཤག་སྔོག་བཤེར་བྱས་ཏེ། ༸གོང་ས་མཆོག་གི་པར་ ༤༠༠༠ ལྷག་བཙན་འཕྲོག་འཁྱེར་བྱས་ཡོད་པ་རེད།

 

རྙོག་ཟིང་དེ་དག་ལ་རྐྱེན་བྱས་ཏེ། སྐབས་དེ་ནས་བཟུང་ལོ་ ༡༨ མ་ལོན་ཚེ་དགོན་པར་ཞུགས་མི་ཆོག་པའི་ཁྲིམས་བཟོས་ཡོད་པ་མ་ཟད། གྲྭ་བར་ཚད་འཛིན་དང་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ལས་འགུལ་རྒྱུན་མི་ཆད་དུ་སྤེལ་བ། ལྷག་པར་དུ་བར་སྐབས་དེ་ནས་བཟུང་དགོན་པའི་ཆོས་ཕྱོགས་ཀྱི་མཛད་སྒོ་ཁག་ཚང་མ་རྫོང་གི་འབྲེལ་ཡོད་ལས་ཁུངས་ལ་ཆོག་མཆན་ཞུ་དགོས་པ་དང་། རྫོང་གི་ཆོག་མཆན་མེད་པར་བྱེད་སྒོ་རྣམ་བཞག་གཅིག་ཀྱང་སྤེལ་མི་ཆོག་པ་བཟོས་སོང་། དགོན་པ་ཙམ་མ་རེད། གྲོང་སྡེ་ཁག་ཏུ་ཡང་མི་མང་འདུ་འཛོམས་ཀྱི་རང་དབང་ཡང་མེད་པ་བཟོས་འདུག ད་ཆར་དགོན་གྲོང་གཉིས་ཀ་རྒྱ་གཞུང་གི་དམ་དྲག་དང་བཙན་གནོན་འོག་གནས་ཡོད་པ་རེད། ཅེས་ངོ་སྤྲོད་གནང་བྱུང་།

 

ཡང་ཁོང་གིས་མུ་མཐུད་སློབ་གྲྭ་ཁག་གི་ད་ལྟའི་གནས་སྟངས་ཐད་བརྗོད་དོན། ང་ཚོའི་ས་ཁུལ་གྱི་སློབ་གྲྭ་ཁག་ལ་མཚོན་ན་ཡང་། སྔར་དང་མི་འདྲ་བའི་སྲིད་བྱུས་འདྲ་མིན་ཞིག་ལག་ལེན་དུ་བསྟར་གྱིན་འདུག  སྔོན་མ་བོད་སྐད་ཡིག་ཙམ་དུ་མ་ཟད། བསམ་བློའི་ཀུན་སྤྱོད་དང་ལོ་རྒྱུས་སོགས་སློབ་ཚན་མང་ཆེ་བ་བོད་ཡིག་ཐོག་འཁྲིད་ཀྱི་ཡོད་ཀྱང་། ཉེ་བའི་ལོ་ཤས་རིང་དེ་དག་ལ་བསྒྱུར་བཅོས་བཏང་སྟེ། ད་ཆར་སློབ་ཚན་ཕལ་ཆེ་བ་རྒྱ་ཡིག་ཁོ་ནའི་ཐོག་འཁྲིད་བཞིན་འདུག་ལ། སློབ་གྲྭའི་སློབ་ཚན་ཙམ་དུ་མ་ཟད། ད་ཆར་སློབ་ཕྲུག་ཚོར་རྒྱ་ནག་གི་ཁྲིམས་ལུགས་དང་སྲིད་ཇུས་སྣ་ཚོགས་ངོ་སྤྲོད་བྱེད་ཀྱིན་འདུག་ལ། དེ་དང་མང་ཆེ་བ་རྒྱ་ནག་གི་ཆབ་སྲིད་ཀྱི་དགོས་མཁོ་སྒྲུབ་བྱེད་ཤ་སྟག་རེད། གནས་སྟངས་དེར་དགེ་སློབ་དག་དང་། སློབ་ཕྲུག་གི་ནང་མི་ཚོ་ཚོ་བློ་འཚབ་སྐྱེས་ཏེ། གོང་རིམ་ལ་སྙན་ཞུ་དང་ཞུ་གཏུག་ཐེངས་མང་བྱས་ཀྱང་གྲུབ་འབྲས་སོན་མེད་པ་མཟ་ད། གོང་རིམ་ནས་རྒྱ་ཡིག་ཤུགས་ཆེ་རུ་གཏོང་དགོས་པའི་བཀའ་ཁྱབ་བསྟུད་མུར་བཏང་སྟེ། སློབ་ཆུང་ལོ་རིམ་དང་པོ་ནས་རྒྱ་ཡིག་གཙོར་བཟུང་བྱ་དགོས་པའི་བཀོལ་ཁྱབ་བཏང་འདུག ཅེས་བརྗོད་བྱུང་།

 

མཐའ་མར་ཁོང་ལ། དེང་སྐབས་རྒྱ་གར་ལ་ཡོང་མཁན་ཚོའི་ལམ་ཁའི་གནས་ཚུལ་གང་འདྲ་ཡིན་སྐོར་དྲིས་པར་ཁོང་གིས། ང་རང་ཡར་ཁོང་ཁར་ལ་ས་ནས་རྩད་གཅོད་བྱས་སྐབས། དེང་སྐབས་ལྷ་ས་ནས་བལ་ཡུལ་བར་གྱི་ལམ་གླར་རྒྱ་སྒོར་ ༡༥༠༠༠ ནས་ ༢༠༠༠༠ ཙམ་རེད་ཟེར། ལམ་བར་གྱི་འགག་སྒོ་ཁག་ཀྱང་སྔར་ལས་དམ་དྲག་ཤུགས་ཆེ་རུ་ཕྱིན་འདུག ང་རང་ཐེངས་འདིར་རྒྱ་ནག་གི་ཕྱི་སྐྱོད་ལག་འཁྱེར་བརྒྱུད་དེ་ཡོང་བ་ཡིན། ཡིན་ནའང་ལག་འཁྱེར་དེ་བལ་ཡུལ་ནང་འགྲོ་བྱེད་རེད། ལམ་བར་གྱི་འགག་སྒོ་ཁག་བརྒྱུད་དུས་བོད་པ་ཚོར་ཞིབ་བཤེར་དང་དྲི་བ་སྣ་ཚོགས་གཏོང་གི་འདུག བལ་ཡུལ་དུ་འགྲོ་དགོས་པའི་རྒྱུ་མཚན་དང་ཉིན་གྲངས་ག་ཚོད་འདུག་རྒྱུ་ཡིན་མིན། བལ་ཡུལ་ནང་གཉེན་ཉེ་གང་དུ་ཡོད་མེད་སོགས་རྩད་གཅོད་ཞིབ་མོ་བྱེད་ཀྱི་འདུག དེ་བཞིན་རྒྱབ་ཁུག་དང་ལག་ཐོགས་ཁ་པར་སོགས་ལ་ཤིབ་བཤེར་བྱས་ཏེ། པར་དང་དཔེ་དེབ་རིགས་ཡོད་ཚད་འཕྲོག་འགྲོ་བཞིན་འདུག ཅེས་བརྗོད་བྱུང་།  

གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ཕྱི་ལོ་ ༢༠༠༨ ལོ་ནས་བཟུང་རྒྱ་ནག་གཞུང་གིས་བོད་ཕྱི་ནང་གཉིས་ཀྱི་འགྲོ་འོང་ལ་བཀག་སྡོམ་ནན་མོ་བྱས་ཡོད་ཀྱང་། ཉེ་ཆར་ནམ་ཟླ་ཇེ་འཁྱག་ཏུ་སོང་བ་དང་བསྟུན་ཏེ། བོད་མི་མང་པོ་ཞིག་ས་མཚམས་ཁག་ནས་བགྲོད་ཐུབ་ཀྱི་ཡོད་ཚུལ་འདུག་ལ། བལ་ཡུལ་སྣེ་ལེན་ཁང་དུ་ཡང་མི་མང་པོ་ཞིག་འབྱོར་ཡོད་རིབས་འདུག

 

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

ཆུ་ཚོད་ ༤ སྔོན་ལ།
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

ཆུ་ཚོད་ ༦ སྔོན་ལ།
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

ཆུ་ཚོད་ ༢༤ སྔོན་ལ།
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༣
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

༢༠༢༦/༠༤/༢༣
Himachal Pradesh University (HPU), Shimla. File photo
Mobile App

རྒྱ་གར་གྱིས་འཕགས་བོད་ས་མཚམས་ཀྱི་འབྲེལ་ལམ་སྐོར་ལ་ཞིབ་འཇུག་བྱ་རྒྱུ་ཡིན་འདུག

༢༠༢༦/༠༤/༢༣

མཆན། 2

  1. བསྟན་འཛིན་ཚེ་དཔག says:
    ལོ་ 15 སྔོན།

    གསར་འགོད་པ་ལགས།

    བོད་ཕྱི་ནང་གི་བདེ་འཇགས་རྐང་ཚ་ཟེར་བ་བཀླགས་མཇུག་ཁྱོད་ཀྱི་གསར་འགྱུར་འདི་བཀླགས་པ་ཡིན། གཤམ་གྱི་ནོར་བ་འདི་བཅོས་སྐུལ་ཞུ་ཡི་ཡོད་ལགས།

    བོད་མི་ཚོས་གཉེན་འཕྲལ་༼འཕྲད༽
    དབུས་སྣེ་ལེན་ཁང་དུ་ཕྱིན་སྟེ༼ཏེ༽།
    ཁོང་ཚོའི་དགོན་པའི་༼པས༽རྒྱ་གཞུང་ལ་ངོ་རྒོལ
    མི་མང་པོ་ཞིག་འབྱོར་ཡོད་རིབས་༼རབས༽འདུག

    Reply
  2. ཤག་སྒང་པ། says:
    ལོ་ 15 སྔོན།

    རྒྱ་གར་དུ་ཕེབས་ཐུབ་པར་འཚམས་འདྲིའི་བཀྲིས་བདེ་ལེགས་ཡོད། བོད་ནང་གི་བོད་མི་རྒྱ་གར་དུ་ཕེབས་ཐུབ་དང་མ་ཐུབ་ཟེར་བ་ནི། ང་ཚོའི་འཐབ་རྩོད་དང་མི་རིགས་གནས་ཐུབ་དང་མ་ཐུབ་ཀྱི་དཀའ་གནད་ཅན་གྱི་སྲིད་ཅིག་ཡིན་པས། གནས་ཚུལ་འདི་ཐད་ཚང་མས་མནོ་བསམ་གྱིས་རིག་པ་སྤེལ་རེ་གནང་དགོས་གལ་མཐོང་། བཙན་བྱོལ་བོད་མིའི་ཉེ་འཆར་གྱི་མི་འབོར་ཞིབ་བཤེར་ལ་གཟིགས་དང་། བོད་མི་ཕྱི་རྒྱལ་དུ་ཤོར་བར་ལྟོས་དང་། བཙན་བྱོལ་བོད་མིའི་སློབ་གྲྭའི་གྲངས་འབོར་དང་གནས་ཚད་ལ་ལྟོས་དང་། དགོན་སྡེ་ཁག་ཏུ་འདུ་ཁྲིམས་སྲུང་ཤིང་། ཚུལ་མཐུན་གྲྭ་བཙུན་གྱི་ཚབ་ཏུ་ཚུལ་མིན་ཁྲིམས་མེད་ལུགས་མེད། བོད་མིའི་གོམས་གཤིས་བཟང་པོའི་དྲི་ངད་ཀྱི་ཤུལ་ཙམ་ཡང་མེད་པའི་བོིད་མིན་མཐའ་མཚམས་གྲྭ་གསར་དེ་དག་གི་བྱེད་སྟངས་ལ་ལྟོས་དང་། འདི་ཀུན་མིག་གིས་མཐོང་རིམ་བཞིན་མནོ་བསམ་རེ་གཏོང་གིན་སེམས་པ་གཏིང་ནས་སྐྱོ་བའི་སྣང་བ་ཞིག་ངང་གིས་འོང་བཞིན་གདའ། དེས་ན། གཞིས་ལུས་བོད་མི་གང་མང་རྒྱ་གར་དུ་ཕེབས་ཐུབ་དགོས་པ་ནི་ང་ཚོའི་རྒྱལ་རབས་གནས་དང་རྫོགས་ཀྱི་གནད་ལ་ཐུག་པ་མཐོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese