མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་ཁྲིའི་འོས་མི་གསུམ།

བོད་ཀྱི་དུས་བབ།
༢༠༡༠/༡༢/༢༢
Share on FacebookShare on TwitterShare on EmailShare on Whatsapp

 

བཀའ་ཁྲིའི་སྔོན་འགྲོའི་འོས་མི་དྲུག་ལས་གསུམ་གྱིས་དགོངས་པ་ཞུས་པ་དང་གསུམ་བཀའ་ཁྲིའི་དངོས་གཞིའི་འོས་མིར་གཏན་འཁེལ་བྱུང་ཡོད།  

དེ་རིང་འདི་གའི་གསར་འགོད་པས་ངྷ་དབུས་འོས་བསྡུ་ལྷན་ཁང་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཟླ་སྔོན་མའི་ཕྱི་ཚེས་ ༡༢ ཉིན་དབུས་འོས་བསྡུ་ལྷན་ཁང་གིས་ཕྱིར་བསྒྲགས་གནང་བའི་སྐབས་གསུམ་པའི་བཀའ་བློན་ཁྲི་པའི་འོས་མི་དྲུག་ལས། གསུམ་གྱིས་དགོངས་པ་ཞུས་པ་དང་གཞན་གསུམ་ནི། སྐབས་གསུམ་པའི་བཀའ་བློན་ཁྲི་པའི་དངོས་གཞིའི་འོས་མིར་ཞུགས་རྒྱུ་ཡིན་འདུག

ཐེངས་འདིར་དགོངས་པ་ཞུས་པའི་འོས་མི་གསུམ་ནི་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་ལགས་དང་། སྐུ་སྒེར་དྲུང་ཆེ་ཟུར་བ་བློ་བཟང་སྦྱིན་པ་ལགས། འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་ལགས་བཅས་ཡིན་པ་དང་། ཁྲིམས་ལུགས་མཁས་དབང་བློ་བཟང་སེང་གེ་ལགས་དང་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས། བཀའ་ཟུར་བཀྲ་ཤིས་དབང་འདུས་བཅས་ཀྱིས་བཀའ་བློན་ཁྲི་པའི་དངོས་གཞིའི་འོས་མིར་བཞེངས་རྒྱུར་ཐག་གཅོད་བྱུང་འདུག

གསར་འགོད་པ། ཨ་རིག་འགྱུར་མེད། 

འབྲེལ་ཡོད་གསར་འགྱུར།

སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨

མཆན། 15

  1. རྩམ་དགའ་བོད་དགའ། says:
    ལོ་ 15 སྔོན།

    མ་འོངས་པའི་བཀའ་བློན་ཁྲི་པ་དེ་ཤིན་ཏུ་གལ་འགངས་ཆེ་བས་བོད་མི་ཚོས་དོ་ནན་གནང་བར་དགའ་བ་སྐྱེས།
    འོན་ཀྱང། སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་ཞིག་འཇིག་རྟེན་འདིར་ཤིན་ཏུ་ནས་བརྙེད་དཀའ་བས། བོད་པའི་སྤྱི་ཚོགས་ནང་འགན་འཁུར་གནང་མཁན་ཚང་མ་ལ་དམའ་འབེབས་ཁོ་ན་གནང་ན་རན་པོ་རང་ཨ་ཡོད། ཚང་མས་ཐུགས་བསམ་བཞེས་རོགས།

    Reply
  2. ཁམས་སེམས་བཟང་། says:
    ལོ་ 15 སྔོན།

    བློ་བཟང་སེང་གེ་ལགས། ཁྱོད་ནི་ངའི་མ་འོང་པའི་བཀའ་ཁྲིི་ཡིན་ལ་ང་ཚོ་ཚང་མའི་ཡིན། བོད་པ་ཚོ་ཤུགས་རྒྱོབ་དང་ཁོང་ལ།

    Reply
  3. སྐར་མདའ། says:
    ལོ་ 15 སྔོན།

    ལས་རྒྱུ་འབྲས་དང་། འཇིག་རྟེན་འཁོར་བའི་གནས་ཚུལ་འགྱུར་ལྡོག་ཅན་གྱི་ཁ་ཕྱོགས་ལ་ཞིབ་ཏུ་བལྟས་འོང་ན། བཀའ་ཁྲི་དངོས་ནི་བློ་བཟང་སེང་གེ་ཡིན་པ་མོས་མེད་རེད།
    འོན་ཀྱང་འཇོན་ཐང་དང་། ནུས་པ་ཐབས་ཆགས་ཤིག་རྒྱབ་རིར་བཟུང་ནས་དེང་གི་བཀའ་ཁྲིའི་འོས་མིར་བཙན་ཚུགས་ཀྱིས་ལངས་པ་འདི་ནི་བོད་མི་དམངས་ཀྱི་ངོས་ནས་བཤད་ན་ངུ་དགོས་པ་ཞིག་དང་། བཀྲ་ ོས་མཐོང་བསྟན་འཛིན་རྣམ་རྒྱལ་ལ་མཚོན་ན་དགའ་དགོས་པའི་གནད་དོན་ཞིག་ཡིན་སྲིད། ཡིན་ན་འང་ཁོ་བོད་སྤྱི་བའི་བདེ་སྡུག་ལ་བསམ་བློ་གཏོང་མཁན་ཞིག་ཡིན་ན་ད་ལྟ་ནས་བཟུང་བཀའ་ཁྲིའི་འོས་གཞི་ནས་དགོངས་པ་ཞུ་ན་ལེགས་ཚོད་དུ་སྣང་།

    ལོ་ཚོད་ཀྱི་ཐོག་ནས་བཤད་ལོ་ན་ཡོལ་ཟིན་པ་ཞིག་རེད། བཀའ་ཟུར་གྱི་གནས་བབ་ཀྱི་ཐད་ནས་བཤད་ན་འཇོན་ཐང་གང་ཡང་སྟོན་ཐུབ་མེད་པར་ལྐོག་ཟ་རུལ་བསུང་གི་སྐྱེས་པ་བཞེས་པ་ཀུན་ཀྱིས་མཁྱེན་གསལ་རེད། ད་དུང་ཨུ་ཚུགས་བྱས་ཏེ་བཀའ་ཁྲིའི་འོས་འཚང་ཁ་བྱེད་དགོས་དོན་མི་འདུག་སྙམ། གང་ཞིག་བསམ་གྱིན་ཡོད་མེད་ཤེས་ཐུབ་པ་ཧ་ཅང་གི་ཁག་པོ་རེད། གང་ཡིན་ཟེར་ན་ཁ་བདེ་མགོ་བདེའི་རྒྱུད་པ་དང་། ལྐོགས་གཡོ་བསླུ་བྲིད་ཀྱིས་རིགས་ལ་བྱང་བར་སོང་རིགས་རྒྱུད་ཡིན་ཙང་། སེམས་ལ་ཁྱད་མཚར་བོ་ཞིག་དྲན་ནས་བཀའ་ཁྲིའི་འོས་གཞི་ལ་ལངས་ཀྱིན་ཡོད་པ་གཏན་ཁེལ་རེད།

    འདི་ཚོའི་རིགས་ཀྱིས་སྔོན་ཆེད་ནས་བཟུང་ཐམས་ཅད་ཁྱུར་མིད་དུ་བཏང་སྟེ་གོམས་བྱང་ཐེབས་ཡོད་པ་སོང་ཙང་། ད་དུང་གདོན་སེམས་དེའི་མཇུག་སྒྲིལ་མེད་པ་འདྲ། ད་ནི་ཧ་ཅང་གི་གྱང་པོ་འཁྲབ་ཡ་དེ་མཚམས་བཞགས་ན་ཡག་པོ་ཡོད་རེད།
    འཇོན་ཐང་མེད་ཀྱང་ཁ་བདེ་པོ་སྤྱི་བའི་རྒྱན་དུ་བཞག་སྟེ་རང་སྲོག་ཀྱང་སྤྱི་བའི་དོན་དུ་བཏང་གི་ཡོད་ཅེས་པའི་ཁ་ཚིག་གསོན་པོ་ཙམ་ལས་དོན་ལ་རང་ཉིད་དང་རང་གི་ཁྱིམ་ཚང་ཡར་རྒྱས་གཏོང་བ་ལས་བསམ་བློ་གཞན་གང་ཡང་མེད་པ་ཁ་གསལ་གཏིང་གསལ་རེད།

    དེ་འདྲ་སོང་ཙང་། བཀའ་ཁྲི་ལ་འཚང་ཁ་མ་གནང་རོགས་ཞུ་རྒྱུ་ཡོད།
    བློ་བཟང་སེང་གེ་ལ་གོ་སྐབས་ཤིག་སྤྲོད་དང་། འདི་ནི་ངའི་རེ་བ་ཙམ་ཡིན།

    Reply
  4. yama says:
    ལོ་ 15 སྔོན།

    ཤེས་ཡོན་དང་ལྷག་བསམ་ལྡན་པའི་མཁས་དབང་བློ་སེང་ལགས་འོས་ཤོག་ཐོབ་པའི་སྨོན་འདུས་ཞུས་།

    Reply
  5. གླང་དར་མ། says:
    ལོ་ 15 སྔོན།

    བོད་རིགས་མི་དམངས་གི་འོས་འདེམས་བྱས་པའི་སྔོན་འགྲོའི་འོས་མི་གསུམ་ལ་མཚམས་འདྲི་དང་བཀྲིས་བདེ་ལེགས་གྲངས་མེད་ཞུ། གཞོན་སྐྱེས་དང་ལྷག་བསམ ཤེས་ཡོན་གི་ཕྱུག་པའི་མཁས་དབང་བློ་བཟང་སེང་གེ་རྒྱས་རྒྱུར་ཅིག། བོད་རྒྱལ་ལོ།

    Reply
  6. བསྟན་འཛིན་འཕགས་པ། says:
    ལོ་ 15 སྔོན།

    གཞིས་བྱིས་གཉིས་ཀའི་མ་འོང་བཀའ་ཁྲི་རེ་འདུན་བྱས་ས་།
    སློབ་དཔོན་ཆེན་པོ་མཁས་དབང་བློ་བཟང་སེང་གེ་མཆོག་
    རྒྱས་གྱུར་ཅིག་།

    Reply
  7. བསྟན་འཛིན་འཕགས་པ། says:
    ལོ་ 15 སྔོན།

    གོང་དུ་དྲ་གྲོགས་འགའ་ཞིག་གིས་
    དགེ་འདུན་པ་ཚོའི་དངོས་གཞི་སྐབས་འོས་འཕེན་ལ་འགྱུར་བ་འགྲོ་ངེས་རེད་ཅེས་།
    རྫོན་གཏམ་དང་རྙོག་གླེང་དེ་དག་ཚང་མས་ཡིད་གཟབ་གནང་དགོས་།

    མི་ངན་འགའ་ཞིག་གིས་དགེ་འདུན་པ་ཁ་གང་རྒྱུར་དང་། སྣེ་གང་འཕྲད་རེད་བསམ་པ་ཧ་ཅང་ནོར་ཕྲུག་རེད་།

    Reply
  8. འོད་ཡུག་པའི་འཁྱམས་པོ། says:
    ལོ་ 15 སྔོན།

    གལ་ཏེ་བློ་བཟང་སེང་གེས་ང་ལ་ཨ་མའི་བུ་ལ་ཡོན་ཏན་ཡོད་ན། དགའ་ལྡན་ཁྲི་ལ་བདག་པོ་མེད། ཟེར་ན། ངས་ལན་ཞིག་འདེབས་ནས་འདོད། དེ་ནི་རང་ཡོན་ཏན་ཡོད་མཁན་ཞིག་ཡིན་པས་བཀའ་ཁྲིིར་རྩོད་པ་ལས། ཅིའི་ཕྱིར་དགའ་ལྡན་ཁྲི་ལ་བདག་པོ་མ་རྒྱབ་བམ། ཅེས་འདྲི་ནས་འདོད།

    རེ་བར་མིག་བཙུམས་ནས་ད་རེས་ཀྱི་གོ་སྐབས་ལེན་ཀྱང་བྱེད་དགོས་རེད་ད།
    འོན་ཀྱང་གང་གཟབ་མ་བྱས་ན་༼གསར་པ༽དང་། ༼ ཉམས་མྱོང་མེད་པ༽ཞེས་པའི་སྤྱི་ཚོགས་ནང་གི་ཤེས་ལྡན་པ་དང་རྒན་རབས་པའི་སྐད་ཆ་འདི་ཚོར་བསམ་ཤེས་གྱིས། ཁྱེད་ལ་ལམ་སྟོན་བྱེད་བཞྀན་པ་རེད་དོ།

    Reply
  9. དོན་འགྲུབ་ says:
    ལོ་ 15 སྔོན།

    གོང་དུ་འོད་ཡུག་པའི་འཁྱམས་པོས་གསུངས་པ་བཞིན་ལྷོ་ཕྱོགས་གདན་སའི་དགེ་འདུན་པའི་ནང་བཀའ་ཁྲིའི་དངོས་གཞིའི་འོས་འཕེན་ལ་འགྱུར་བ་འགྲོ་སྲིད་པའི་དྭོགས་པ་དངོས་ཡོད་ཡིན་ཚོད་འདུག མཁས་དབང་བློ་བཟང་སེང་གེས་་་་་་་་ཨ་མའི་བུ་ལ་ཡོན་ཏན་ཡོད་ན། དགའ་ལྡན་ཁྲི་ལ་བདག་པོ་མེད། ཞེས་དོན་དངོས་ཐོག་ཁོ་པའི་རྒྱབ་ལྗོངས་ཀྱི་ལོ་རྒྱུས་དེའི་ཐོག་ནས། ད་ལྟའི་བཀའ་ཁྲིའི་འོས་མི་ཆགས་པ་ནི་བོད་པའི་གཏམ་དཔེ་དེ་བདེན་དཔང་བྱས་པ་ཞིག་རེད་ཞེས་གསུངས་འདུག འདི་ནི་དཔེ་དང་དཔེ་ཅན་གཉིས་ཤིན་ཏུ་ནས་མ་མཐུན་པ་རྒྱབ་འགལ་གྱི་གནས་ཚུལ་ཞིག་སྟེ། ༧དགའ་ལྡན་ཁྲི་པ་དེ་ལྷ་རམ་དགེ་བཤེས་ཐོན་པ་ཙམ་མ་ཡིན་པར་གདན་ས་གང་ཞིག་གི་དབུ་ཆོས་མཁན་ལས་ཐེམ་པ་ཡར་འཛེགས་ཀྱི་བརྒྱུད་རིམ་འགྲིམས་ཏེ་བུ་ཡོན་ཏན་བླ་ན་མེད་པ་གོང་ན་མེད་པ་ཞིག་ལ་གནང་སྲོལ་ཡོད་པ་ཡིན་ངེས་ལ། ཡོན་ཏན་ཕུལ་དུ་བྱུང་བའི་ལྷ་རམ་དགེ་བཤེས་ཐོན་མ་ཐག་པ་ཞིག་ལ་ཁྲི་པ་གནང་སྲོལ་ཡོད་པ་ངས་མི་ཤེས། དགོངས་པ་བཞེས་དགོས་ཡས་ཞིག་མི་འདུག་གམ།

    Reply
  10. ནད་པ says:
    ལོ་ 15 སྔོན།

    ཕྱི་ལོ་ ༡༩༥༩ ལོའི་ཡར་སྔོན་བོད་རང་བཙན་གཙང་མའི་རྒྱལ་ཁབ་གཅིག་ཡིན་པའི་སྐབས་སུ་ཤར་དར་རྩེ་མདོ་ནས་་་་་ནུབ་ལ་དགས་དང་། བྱང་སོག་པོའི་ས་མཚམས་ནས་་་་ལྷ་མོན་གྱི་བར་བོད་ཀྱི་ས་ཁོངས་རང་བདག་ཅན་ཞིག་རེད།

    ཕྱི་ལོ་ ༡༩༥༩ ལོར་བོད་ཤར་ཕྱོགས་ས་ཁུལ་དུ་རྒྱ་མི་གུང་ཁྲན་གྱི་བཙན་འཛུལ་བྱེད་སྐབས་སུ་མདོ་སྟོད་ཀྱི་བོད་མི་གསར་བརྗེ་ཅན་ཟེར་བའི་འབའ་བ་ཕུན་ཚོགས་དབང་རྒྱལ་སོགས་ཀྱིས་སྣེ་འཁྲིད་དེ་རྒྱ་མིའི་དམག་དཔོན་དང་དམག་མི་སོགས་ལ་སྐད་བསྒྱུར་དང་། ལམ་བརྒྱུད། རོགས་རམ། མཁལ་རྟ། བཟའ་འབྲུ་སོགས་ཕྱོགས་མང་པོར་མཐུན་རྐྱེན་རོགས་སྐྱོར་བྱས་སྟབས་བོད་དེ་རྒྱ་མིས་དཀའ་ཚེགས་མེད་པར་ལས་སླ་པོར་བཙན་འཛུལ་བྱས་ཏེ་བོད་དེ་རྒྱ་མིར་བསྐྱལ་ཡོད།

    ད་ཆ་བཙན་བྱོལ་སྤྱི་ཚོགས་ནང་འཚར་ལོངས་བྱུང་བའི་མདོ་སྟོད་ཀྱི་བུ་རབས་ཚ་བརྒྱུད་བློ་བཟང་སེང་གེས་བོད་དེ་རྒྱ་མིའི་ལག་ནས་ལེན་རྒྱུའི་སེམས་ཤུགས་གསར་པ་གཅིག་བསྐྱེད་པ་དེ་ཡང་ལས་རྒྱུ་འབྲས་དང་འབྲེལ་བ་ཧ་ཅང་ཆེན་པོ་ཡོད་ལ་ངེས་པར་དུའང་གཞུམ་མེད་ཀྱིས་སྙིང་སྟོབས་སྐྱེད་དགོས་ལ་དོན་སྙིང་ལྡན་ཡོད།

    དེ་བཞིན་ཕྱི་ལོ་ ༡༩༥༩ ལོར་ཆབ་མདོར་བཅིངས་གྲོལ་བཏང་ནས་བཟུང་བོད་ས་ཡོངས་རྫོགས་རྒྱ་མིས་བཙན་འཕྲོག་བྱེད་དུས་སྡེ་པ་གཞུང་གིས་བཀས་བཀོད་བརྒྱུན་འཛིན་པ་སྤྱི་དང་ལས་ཀྱི་སྣེ་མོར་གཏོགས་པའི་སྲིད་ཞུ་བ་ཚོས་བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱི་ལས་དབང་ལ་འགན་འཁུར་མེད་པའི་བྱ་སྤྱོད་དེའི་རིགས་ཀྱིས་བོད་དེ་རྒྱ་མིའི་ལག་ཏུ་བསྐྱལ་ཡོད།

    དེ་འདྲ་སོང་ཙང་བཀྲས་མཐོང་ཚང་གི་མི་རབས་གོང་མའི་སྐབས་སུ་བསྐྱལ་བའི་བོད་དེ་བཙན་བྱོལ་སྤྱི་ཚོགས་ནང་འཚར་ལོངས་བྱུང་བའི་བུ་བསྟན་འཛིན་རྣམ་རྒྱལ་གྱིས་ད་ཆ་བོད་དེ་རྒྱ་མིའི་ལག་ནས་ལེན་རྒྱུའི་སེམས་ཤུགས་གསར་པ་གཅིག་བསྐྱེད་པ་དེ་ཡང་ལས་རྒྱུ་འབྲས་དང་ཧ་ཅང་འབྲེལ་བ་ཆེན་པོ་ལ་ངེས་པར་དུའང་གཞུམ་མེད་ཀྱིས་སྙིང་སྟོབས་བསྐྱེད་དགོས་ལ་དོན་སྙིང་ལྡན་ཡོད།

    གང་ལ་ཞེ་ན་ཕ་གཞིས་བུ་འཛིན་བྱེད་དགོས་པ་དེ་འཇིག་རྟེན་སྤྱིའི་ཆོས་ཉིད་ཅིག་ཡིན་ལ་ལར་ནས་ཕ་ནོར་བུ་ལ་འཇོག་པ་དེ་ལུགས་དང་མཐུན་ཡོད་ལ་ཕ་ཡིས་བུ་ལོན་ཡིས་སྤྲོད་འཇལ་བྱེད་དགོས་པ་ཡང་འཇིག་རྟེནའཁོར་བའི་ལས་ཀྱིས་ཆོས་ཉིད་གཅིག་ལོད་ཡིན།

    Reply
  11. འོད་ཡུག་པའི་འཁྱམས་པོ། says:
    ལོ་ 15 སྔོན།

    གོ་ཐོས་ལྟར་ན་ལྷོ་ཕྱོགས་སུ་གདན་སའི་དགེ་འདུན་པ་རྣམས་ཀྱི་སེམས་ལ་འགྱུར་བ་ཕྱིན་ཏེ་ད་ཆ་ཕལ་ཆེ་བས་བཀྲས་མཐོང་འོས་འདེམས་ཞུ་འཆར་ཡོད་སྐོར་འདུག་ན་བློ་མེ་བདེ་ཡ།

    Reply
  12. ཤག་སྒང་པ། says:
    ལོ་ 15 སྔོན།

    མཁས་དབང་དང་མྱོང་བ་ཅན་གཉིས་ཀྱི་བར་ན་འོས་མི་གསར་པ་དམིགས་བསལ་བ་ཞིག་ཕེབས་པ་འདིས། ངེས་ཅན་གྱི་འགྱུར་བ་ཞིག་གཏང་ངེས་སྙམ། འོན་ཀྱང་འདྲེ་མི་འབུད་ཀྱིས་ལབ་པ་བཞིན་བློ་སེང་གི་གྲངས་ཚད་ལ་འགྱུར་བ་ཆེན་པོ་ཞིག་གཏང་དཀའ་བ་ཞིག་ཡིན།

    Reply
  13. གནམ་ལྕགས། says:
    ལོ་ 15 སྔོན།

    ད་རེའི་སྐབས་གསུམ་པའི་བཀའ་ཁྲིའི་འོས་བསྡུ་ཆེན་མོ་འདིའི་ཁྲོད་ནས་ང་ཚོའི་མི་མང་གིས་ཅི་ཞིག་གསལ་བོར་མཐོང་སོང་ཟེར་ན། སྤྱི་འཐུས་ཚོགས་གཙོ་གཞོན་གཉིས་ཀྱིས་གདོང་འབག་མཐུག་པོ་རེ་གྱོན་ཡོད་པ་དེ་རེད། ངས་སྤྲང་གླེང་བར་གྱི་སྐད་ཆ་སྟེ། གཅིག་ཤོས་ཀྱི་འོས་ཤོག་གཅིག་གིས་འཐོར་དུ་འཇུག་གི་ཡོད་པའི་སྐོར་གྱི་ས་འོག་དར་འཐག་གི་གཏམ་རྒྱུད་དེ་མི་གླེང་། གཙོ་བོ་ཁོང་གཉིས་ཀྱིས་ཐོག་མར་དང་བླངས་ཀྱིས་བཀའ་ཁྲིར་ལངས་པ་དང་མཐའ་མར་ཡང་རང་འདོད་ཀྱིས་དགོངས་ཞུ་གནང་བ་དེས་ཅི་ཞིག་མཚོན་ནམ་ཞེ་ན། བོད་ཀྱི་གཏམ་དཔེར”མགོ་ལ་རུ་དར་བཙུགས་ནས་ཤྭ་གྲལ་ལ་སོང་།།རྐུབ་ལ་རྩམ་སྐྱ་བྱུགས་ནས་རྒོ་གྲལ་ལ་སོང་”ཟེར་བ་ཆགས་ཡོད། བཀའ་ཁྲིའི་འོས་བསྡུ་ལས་ཡོངས་སུ་ཕམ་རྒྱུ་ཡིན་པ་ཤེས་བཞིན་དུ་ལངས་ཟིན་རྗེས། ཡང་གསར་འགོད་གསལ་བསྒྲགས་དང་བཅས་ཏེ་དགོངས་པ་ཞུ་སྲོལ་འདི་ངོ་ཚ་རྒྱུ་མེད་པའི་རྟགས་ཤིག་མངོན་པ་མིན་ན་ག་རེ་རེད། ཕྱོགས་གཞན་ཞིག་ནས་མི་མང་རྩེད་སྤྱད་བྱས་པའང་རེད།

    རང་རེའི་སྤྱི་འཐུས་ཏེ་མི་མང་གི་ངོ་ཚབ་མཚོན་བྱེད་ཀྱི་མི་སྣ་གལ་ཆེན་གཉིས་ཀྱིས་འདི་ལྟར་བྱས་ན། ཕར་ཕྱོགས་དགྱ་ནག་གི་ཕྱོགས་ནས་ཀྱང་ཧ་གོ་རྒྱུ་ཞིག་དང་གདེང་ལོན་རྒྱུ་ཞིག་ཆགས་པ་མ་རེད་དམ། ཡར་ན་ཟ་རྒྱུ་ཞིག་ཡོད་དེར་འཚང་། མར་ན་འཐུང་རྒྱུ་ཞིག་ཡོད་ནའང་དེར་རྒྱུག་ན་མི་ཞིག་གི་ཀུན་སྤྱོད་དང་ཡང་མཐུན་ནམ། དེའི་སྟབས་ཀྱིས་ད་རེའི་བཀའ་ཁྲིའི་འོས་གཞིའི་མཐའ་མའི་གསལ་བསྒྲགས་འདི་ཧ་ཅང་ངོ་ཚ་དང་བློ་ཕམ་གྱི་རང་བཞིན་ཞིག་ཡིན་པར་ངོས་འཛིན་ཞུ་རྒྱུ་ཡིན།

    མི་མང་གིས་ཀྱང་ད་དུང་འཛུམ་འཚེར་འཚེར་གྱིས་དེ་ནི་ཁོང་རྣམ་པ་གཉིས་ཀྱི་གནང་སྟངས་ཡག་པོ་ཞིག་ཏུ་ངོས་འཛིན་གྱི་ཡོད་པ་མིན་འགྲོ། དེ་ལྟར་ཡིན་ན། ཧ་ལས་པའི་བསམ་བློའི་ཆུ་ཚད་ཀྱིས་མ་འདང་བ་ཁོ་ནའོ།།

    བློ་ཕམ་དང་ངོ་ཚ་གཉིས་ཕན་ཚུན་འགྲན་པ་བཞིན་བྱུང་ནས་དེ་རིང་གི་མཆན་བུ་འདི་མི་འབྲི་ག་མེད་བྱུང་སོང་། སྒེར་ལ་ཕོག་པའི་སྐད་ཆ་ལ་འགན་འཁུར་ཡོད།

    Reply
  14. ནད་པ says:
    ལོ་ 15 སྔོན།

    སྤེན་པ་ཚེ་རིང་། བསོད་ནམས་སྟོབས་རྒྱལ། བསྟན་འཛིན་སྦྱིན་པ། རྒྱ་རི་སྒྲོལ་མ་བཅས་ཀྱིས་དུས་ཚོད་དང་སོ་སོའི་གནས་བབ་བཅས་ལ་བསྟུན་ནས་དགོངས་ཞུ་གནང་བ་དེར་བསྔགས་བརྗོད་ཞུ་འོས་པ་ཞིག་རེད།

    ཡིན་ནའང་ད་དུང་བཀའ་ཟུར་བཀྲིས་དབང་འདུས་ཀྱིས་རང་ཉིད་ལའང་འོས་ཤོག་མི་འཐོབ་པ་ཤེས་བཞིན་དུ་སྡོག་པ་མིག་བཙུམ་བྱེད་པ་དེ་རྩ་བ་ནས་ཡག་པོ་མ་རེད།

    ཐེངས་འདིའི་བཀའ་ཁྲིའི་འོས་གཞིར་འོས་ཤོག་གི་རྒྱ་ཆ་ངེས་ཅན་ཞིག་ཚད་ལོངས་ཆེད་དམངས་གཙོའི་གཞི་རིམ་དང་ཡར་ཐོན་ཅན་གྱི་རྒྱལ་ཁབ་ལྟར་བཀྲིས་དབང་འདུས་ངེས་པར་དུའང་གང་མགྱོགས་དགོངས་ཞུ་བྱེད་དགོས།

    བཀའ་ཁྲིའི་འོས་གཞིར་དོན་དངོས་དང་མཐུན་པར་བཞུགས་རྩིས་ཡོད་ཚེ་ཐོག་དང་པོར་མི་དམངས་ཀྱིས་རེ་བ་དང་ཡིད་ཆེས་བྱས་པ་ལྟར་ཁས་ལེན་བྱས་ཏེ་སྔོན་མ་ནས་འོས་གཞིར་ལངས་དགོས་ཀྱང་གློ་བུར་དུ་རྨི་ལམ་ལྟར་ད་ལྟ་སྟོང་བསམ་ཇི་ཙམ་བཅངས་ཀྱང་འོས་ཐོབ་རྒྱུ་ཕར་ཞོག་མི་དམངས་ཀྱི་སེམས་ལ་རྨ་ཁ་བཟོ་བཞིན་ཡོད་སྟབས་ཁོང་གིས་ངེས་དུའང་དགོངས་ཞུ་གནང་དགོས།

    དེ་ནས་བཀྲས་མཐོང་དང་བློ་བཟང་སེང་གེ་གཉིས་ཀྱིས་མུ་མཐུད་སྔར་བཞིན་སོན་ཤུགས་གསར་བ་རེ་བསྐྱེད་དེ་ཐེངས་འདིའི་བཀའ་ཁྲིའི་འོས་ཐོབ་ཆེད་འབད་བརྩོན་རྒྱུན་འཁྱོངས་བྱེད་དགོས།

    དེས་ཡང་དག་པའི་དམངས་གཙོའི་རིང་ལུགས་ཕྱོགས་སུ་གོམ་གང་མདུན་སྤོས་བྱེད་བཞིན་པའི་བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱི་འབྱུང་འགྱུར་སྲོག་ཤིང་གི་ལེའུ་ཚན་གསར་པ་གཅིག་དམངས་གཙོའོ་དར་ཆ་མཐོན་པོར་བསྒྲེང་ཐུབ་རྒྱུའི་མངོན་རྟགས་གསལ་སྟོན་བྱེད་ཐུབ།

    དེ་ནི་ཇི་སྲིད་བོད་རིགས་མི་དམངས་དག་མ་སྟོང་གི་བར་དུ་དེ་སྲིད་དུ་བོད་ཀྱིས་རྩ་དོན་དེ་མུ་མཐུད་གནས་ངེས་པ་མ་ཟད་བོད་མི་རིགས་ཀྱི་འབྱུང་འགྱུར་ཕུགས་བསམ་དེའང་འོད་སྟོང་གསར་པའི་ལམ་དུ་སྣེ་འཁྲིད་དེ་བོད་རིགས་མི་དམངས་རྣམས་ཆེས་རྗེས་ལུས་ནས་ཆེས་མངོན་ཐོན་ཅན་དུ་འཛམ་གླིང་སྤྱི་དང་མཐུན་པར་དཔུང་བསྐྱོད་བྱེད་ཐུབ་མིན་གྱི་འགག་རྩར་ཐུག་ཡོད།

    ཇི་སྲིད་ཉམས་ཆུང་བོད་རིགས་མི་དམངས་རྣམས་ཤེས་ཡོན་དང་། དཔལ་འབྱོར། འཇོན་ཐང་། གསར་གཏོད་བཅས་ཀྱིས་ཕྱོགས་སུ་བྱ་གཞག་གང་སར་ནུས་པ་ཚད་ལྡན་གཅིག་སླེབས་མ་ཐུབ་པར་བོད་རྒྱལ་ཁབ་དང་བོད་མི་རིགས་ཟེར་བ་དེ་དུས་ནམ་ཡང་ཡར་ལངས་ཐུབ་རྒྱུའི་བསམ་བློ་འཁོར་ཚེ་དེ་ནི་དོན་དངོས་ཐོག་སྟོང་བསམ་ཡིན་པ་ལས་གཞན་ཅི་ཡང་མིན།

    གསར་དུའང་གདམས་ཐོན་བྱུང་བའི་བཀའ་ཁྲི་དེས་འབྱུང་འགྱུར་བོད་རིགས་མི་དམངས་ཀྱི་རེ་བ་ལྟར་རིམ་པས་ཡར་ལངས་ཐུབ་རྒྱུའི་སླད་དུ་སྣེ་འཁྲིད་གསར་པ་གཅིག་བྱེད་དགོས།
    བོད་རྒྱལ་ལོ།

    Reply
  15. འདྲེ་མེ་འབུད། says:
    ལོ་ 15 སྔོན།

    བཀའ་ཟུར་བཀྲ་ཤིས་དབང་ལགས་ནི་བཀྲས་མཐོང་གི་འོས་ཤོག་ཆག་བྱེད་ཅིག་མ་གཏོགས་རང་ཉིད་ལ་རེ་བ་གསོན་པོ་ཞིག་ད་ནི་རྒྱས་དཀའ་བར་གྱུར་མོད། ཆབ་སྲིད་པ་འདི་དག་རྒྱབ་ཕྱོགས་སུ་ཆེས་མི་མངོན་པའི་འཐེན་ཤུགས་ཕྲ་མོ་རེ་ཡོད་པ་འདྲ། ཨེ། ད་ནི་བློ་སེང་གི་གྲངས་ཚད་དེ་ཆེས་ཆེར་བརྒལ་བར་ངེས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese