མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱི་འཐུས་ཤིག་གིས་དགོངས་པ་ཞུས།

བོད་ཀྱི་དུས་བབ།
༢༠༡༠/༡༢/༢༥
Share on FacebookShare on TwitterShare on EmailShare on Whatsapp

 

དེ་རིང་སྔ་དྲོ་ངྷ་ས་ཆིག་སྒྲིལ་ཚོགས་ཁང་དུ་བོད་མི་མང་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་འོད་ཟེར་ལགས་ཀྱིས་ཁོང་སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་འོས་ཁོངས་ནས་དགོངས་པ་ཞུ་རྒྱུ་ཡིན་པའི་གསར་འགོད་གསལ་བསྒྲགས་བསྐྱངས་སོང་།

ཐེངས་འདིར་ཁོང་གིས་བོད་མི་མང་སྤྱི་འཐུས་ཀྱི་ཁོངས་སུ་བསླེབས་པའི་སྔ་ཕྱིའི་བྱུང་རིམ་དང་། སྐབས་བཅོ་ལྔ་བའི་གྲོས་ཚོགས་ཀྱི་འོས་ཁོངས་ནས་དགོངས་པ་ཞུ་དགོས་པའི་རྒྱུ་མཚན། དེ་བཞིན། དམིགས་བསལ་གཞེན་སྐུལ་ཞིག་དང་འབྲེལ་ཡོད་མང་ཚོགས་ལ་དགོངས་སེལ། དམིགས་བསལ་བཀའ་དྲིན་རྗེས་དྲན་དང་མཐའ་བསྡོམས་ཤིག་བཅས་བཀོད་པའི་དོན་ཚན་དྲུག་ཅན་གྱི་ཡིག་ཆ་ཞིག་བཀྲམས་སོང་།

ཡིག་ཆ་དེའི་ནང་། དབུས་འོས་བསྡུ་ལས་ཁུངས་ཀྱིས་སླབས་བཅོ་ལྔ་བའི་མདོ་སྨད་སྤྱི་འཐུས་ཀྱི་འོས་གཞིར་མི་ ༥༠ ཁྱབ་བསྒྲགས་བྱས་པ་ལས་ཕྲན་ནི་ཨང་རིམ་ ༡༠ བར་བསླེབས་ཡོད་པར་བརྟེན། སྐབས་བཅོ་ལྔ་བའི་སྤྱི་འཐུས་ལ་བསླེབ་རྒྱུ་ཕལ་ཆེར་གཏན་འཁེལ་བ་ཞིག་རེད། དེར་བརྟེན། ད་ལྟ་སྐབས་བཅོ་ལྔ་བའི་སྤྱི་འཐུས་ཀྱི་འོས་ཁོངས་ནས་ཕྲན་གྱིས་དགོངས་པ་ཞུ་བཞིན་ཡོད་པ་དང་། དེ་ཡང་བོད་རྒྱལ་ཁབ་དང་མི་རིགས་ཀྱི་རྩ་དོན་ལ་ཕན་ཐོགས་ཆེན་པོ་ཞིག་འབྱུང་ཕྱིར་དམིགས་ཡོད་པ་ལས། རང་ཉིད་སེམས་ཤུགས་ཆག་པས་མིན་ལ། སྤྱི་དོན་ཆེད་ནུས་ཤུགས་འདོན་རྒྱུར་མ་སྤྲོ་བ་སོགས་ཀྱང་རྩ་བ་ནས་མིན། ཅེས་དང་།

ཁོང་གིས་རྒྱུ་མཚན་གསུམ་བགྲང་ཡོད་པ་དག་ནི། དང་པོ། ང་ཚོའི་སྤྱི་ཚོགས་ནང་བླ་སྤྲུལ་དང་སེར་མོ་བ། སྐུ་དྲག ཁྱིམ་རྒྱུད་ཆེན་པོའི་རིགས་བཀའ་ཁྲི་དང་སྤྱི་འཐུས་སོགས་ཆབ་སྲིད་ཀྱི་ལས་རིགས་ནང་མ་ཞུགས་ན་བཟང་རབས་བཤད་ཀྱི་ཡོད་པའི་རྒྱ་ནག་གི་མངོན་འདོད་དང་མཐུན་པའི་བྱེད་ཐབས་དེ་ལ་ཉེན་བརྡའི་མཚོན་བྱེད་ཅིག་དང་། གཉིས་པ། ཕྲན་གྱིས་རང་ཉིད་སྤྱི་འཐུས་ནང་བསླེབ་ཐབས་སུ་ཁེ་ཕན་ཆེན་པོ་ཞིག་ལ་དམིགས་ཡོད་ཚུལ་དང་། གསེར་རྟ་མདོ་སྨད་མ་རེད་ཟེར་མཁན་ཚོར་ཁ་གཏད་གཅོག་ཆེད་རེད་ཟེར་བ། དེ་བཞིན། སྤྱི་འཐུས་ཀྱི་གོ་གནས་བརྟན་པའི་ཆེད་དུ། ས་གནས་ཉམ་ཐག་དང་རྒས་གསོ་ཁང་སོགས་ལ་རྒྱབ་སྐྱོར་དང་སྐྱོ་གནས་རེ་ཟུང་ཐེར་འདོན་བྱས་ཏེ། ས་གནས་མགོ་འཛིན་སོགས་ལ་གཉའ་གནོན་བྱ་ཆེད་རེད་ཟེར་སོགས་བདེན་པ་ཡིན་མིན་ར་སྤྲོད་ཆེད། གསུམ་པ། ལོ་རྒྱུས་ཐོག་གསེར་རྟ་མདོ་སྨད་ཡིན་པ་གསལ་བོ་ཆགས་བཞིན་པའི་སྐབས་འདིར། ཕྲན་སྤྱི་འཐུས་ནང་ཨུ་ཚུགས་ཀྱིས་ཞུགས་པ་ནི་སྐབས་འཚོལ་བའི་བྱེད་སྟངས་ཆགས་ཉེན་ཡོད་སྟབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མཚན་སྙན་ལ་སྲུང་སྐྱོབ་བྱ་ཆེད་བཅས་སུ་ཐེངས་འདིར་དགོངས་པ་ཞུ་བཞིན་ཡོད། ཅེས་བཀོད་འདུག

 

འབྲེལ་ཡོད་གསར་འགྱུར།

ཡུམ་ཆེན་གདུགས་དཀར་སྒྲོལ་མ་དང་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་། ཟླ་ཚེས་མི་གསལ།
Mobile App

ཧཱུྃ་ཀར་རྡོ་རྗེ་མཆོག་གི་མ་ཡུམ་གདུགས་དཀར་སྒྲོལ་མ་ལགས་སྐུ་གྲོངས།

ཆུ་ཚོད་ ༢༡ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཁྲུལ་ཞིག་བླ་བྲང་དང་གདན་ས་རྫ་རོང་ཐུབ་བསྟན་སྨིན་གྲོལ་མདོ་སྔགས་ཆོས་གླིང་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༥།༥།༡༢
༸གོང་ས་མཆོག གསར་འགྱུར།

འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་མཆོག་གི་ཁྲི་སྟོན་མཛད་སྒོ་སྟབས་བདེ་ཞིག་འཚོགས།

ཆུ་ཚོད་ ༢༢ སྔོན་ལ།
Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩

མཆན། 37

  1. བེ་རུ་བཀྲ་ཤིས says:
    ལོ་ 14 སྔོན།

    སྤྱི་འཐུས་དེ་ཚོ་རྩ་བ་ནས་མཐུན་རྒྱུ་མི་འདུག །ངོ་མ་ཚ་ནས་ཨོ་ཙེ་རེད། གཅིག་གིས་གཅིག་ལ་སྐྱོན་བརྗོད་འདྲ་བྱེད་ནས་སྡོད་དང་ཡག་པོ་རེད། །དུས་ཚོདའདི་འདྲ་ལ་ང་ཚོ་ལ་དགོ་ཡ་དེ་འདི་ཡིན་པ་འདྲ།

    Reply
  2. སྐར་ཁྲི་བཙན། says:
    ལོ་ 14 སྔོན།

    བོད་གཞུང་ལ་བློ་དཀར་ཞིང་༸གོང་ས་མཆོག་ལ་དམ་ཚིག་གཙང་བའི་སྤྱི་འཐུས་ཁོང་ལྟ་བུ་ཉུང་ཉུང་རེད། སྤྱི་ཙོགས་འདིའི་ནང་གི་ཉམ་ཆུང་ཚོར་ཁོང་ལྟ་བུ་དགོས་གལ་ཧ་ཅང་ཆེ་མོད། ཤུ་་་་་་་་ད་ཡིན་ན་་་་་་་་་་་་

    Reply
  3. གྲྭ་རྒོད says:
    ལོ་ 14 སྔོན།

    གསེར་རྟ་ཚུལ་ཁྲིམས་ལགས་ཀྱི་དགོངས་པ་ཞུས་པ་ཡག་པོ་རེད་དེ་ལ་ཐུགས་རྗེ་ཆེ་ཞུ། དྲ་རྒྱ་ནང་མྱོན་པ་དག་གི་ཁྱི་ལྟར་སྐད་ངན་བསྒྲགས་པ་དེ་ཡིད་རེ་སྐྱོ་སོང་བོད་ཁོངས་གང་ཡིན་ནའང་བོད་རེད། དེ་ངོ་འཕྲོད་མེད་པ་འདྲ། རང་གི་ནང་ཁུལ་རྩོད་དོན་ཡོད་དམ། བོད་ཡིན་པ་ཙམ་གྱི་བོད་ལ་ཡོད་ཟེར་ཆོག རྩོད་དོན་མེད། གཞན་ཞུ་རྒྱ་ཞིག་ལ་སེར་མོ་བའི་ཆབ་སྲིད་ཤེས་ཀྱི་མེད་པ་བཤད་པ་དེ་ཚོ་ཕལ་ཁྱེར་དྲིན་ཅན་ལ་དྲིན་ལོག་ཟེར་བ་ལས་མ་འདས། བོད་ཟེར་བ་ཞིག་གནམ་འོག་གི་མི་མང་ཆེ་བ་ཞིག་གི་ངོ་ཤེས་པ་དེ་ཚོ་དང་འབྲེལ་བ་ཡོད་པ་དེ་ཚོ་ཚང་མ་ནང་བསྟན་ཆོས་ལུགས་ལ་རྟེན་བྱུང་བ་རེད་།་འོ་ང་དུས་ཚོད་མེད་འགྲོ་རན་ཐ་རྒྱས་སུ་མཇལ།

    Reply
  4. གནམ་ལྕགས། says:
    ལོ་ 14 སྔོན།

    ཆོལ་ཁ་དང་ཆོས་ལུགས་རྩོད་པ་ནི་ཁྱི་དང་ཕག་གི་རྣམ་ཤེས་སྲོག་ལ་ཞུགས་པའི་གང་ཟག་ཐ་མལ་བ་དེ་ཡིན་ནོ།། གསེར་རྟ་བ་ཚུལ་ཁྲིམས་འོད་ཟེར་གྱིས་གྲོས་ཚོགས་ནས་གསུང་བཤད་ག་རེ་གནང་ཡོད་མེད་དང་དེས་གནད་འགག་ག་རེའི་སྐོར་གསལ་གྱི་ཡོད་ནི་འདས་པའི་ལོ་ངོ་ལྔའི་ཉམས་མྱོང་ལས་མཐོང་བ་དེ་ཡིན། ཁོང་ཨ་མདོ་ཡིན་ཟེར་བས་ཨམ་དོན་སྒྲུབ་པ་གཅིག་ཀྱང་མཐོང་མ་མྱོང་ལ། ཨ་མདོ་ཡིན་པའི་སྦྱངས་བཤད་ཀྱིས་གྲོས་ཚོགས་དཀྲུག་པ་གང་ཡང་གནང་མེད། ཁོང་གིས་མི་མང་གི་ཆེད་དུ་ཕྱག་ལས་མང་དུ་སྒྲུབ་མྱོང་བ་ནི་མིག་ཡོད་པ་དག་གིས་མཐོང་གསལ་ཡིན། ད་དུང་ཨ་མདོའི་ནང་གི་གྲོས་འདྲེ་(གྲོས་འདྲེ་ཟེར་བ་གྲོས་ཚོགས་ལ་གཏོར་བཤིག་རྒྱག་མཁན)ཁ་ཤས་ཀྱི་ཁ་གཏད་བཅག་སྟེ་མདོ་སྨད་གྲོས་མིའི་ནང་ཁུལ་ནས་ཀྱང་ལྟ་ཚུལ་མི་ལེགས་པ་གོ་མྱོང་། དཔེར་ན་གྲོས་འདྲེ་སྤེན་པ་ཚེ་རིང་ལྟ་བུའི་རིགས་ཀྱིས་ཚུལ་ཁྲིམས་འོད་ཟེར་ལ་ལྟ་ཚུལ་མི་ལེགས་པ་ཧ་གོ་ནས་ཡོད། དེ་ནི་ཁོང་གིས་དྲང་བདེན་ལ་ཕྱོགས་པའི་ལས་ཀ་བྱས་པའི་གྲུབ་འབྲས་རེད། ད་རེར་དགོངས་པ་ཞུས་ན་སྤྱི་ཟུར་ཞིག་ཡིན་པའི་ཆ་ནས་མི་མང་གི་དོན་དུ་ལས་ཀར་འབད་རྒྱུའི་འབོད་སྐུལ་ཡོད།

    Reply
  5. བཤད་སྒྲུབ says:
    ལོ་ 14 སྔོན།

    གསེར་རྟ་ཁམས་ཡིན་པ་དང་ཨ་མདོ་མ་ཡིན་པར་དོགས་གནས་མེད་རུང་དཔེ་ན་རྒྱལ་རོང་ལྟར་བུ་ཁམས་པ་ཡིན་ཀྱང་ཆོལ་ཁ་མདོ་སྨད་འོག་ཡིན་པ་དཔྱད་མི་འོས་པ་མ་རེད་། ཡིན་ཡང་དགའ་ཤར་ཚུལ་ཁྲིམས་འོད་ཟེར་ནས་གསེར་རྟ་ཨ་མདོ་རེད་ཅེས་རྒྱུ་མཚན་ཡལ་ནས་མེད་པའི་ལོག་བཤད་འདི་གསལ་པོ་ཆགས་པ་རེད་། གོང་དུ་དྲ་གྲོགས་རྣམས་ནས་གསུངས་པ་བཞིན་ཆོལ་ཁ་གསུམ་པོ་ས་འཚམས་འདི་རེད་ཟེར་བ་ཧ་ལམ་གསལ་པོ་མེད་། དེ་ཡང་སྐད་དང་གོམ་གཤིས་གི་ཆ་ནས་ཀྱང་མ་འཐུན་པ་དང་མ་འདྲ་བ་དེ་འདྲ་མེད་པ་གསལ་པོ་རེད་། སྐད་ནི་བོད་སྐད་དང་ཡིག་གེ་ནི་བོད་ཡིག་རེད་།

    Reply
  6. སྤྲོ་ཚིགས་དགེ་འདུན says:
    ལོ་ 14 སྔོན།

    གང་ལྟར་ཁོས་གྲྭ་བ་ཡིན་དང་གྲྭ་བའི་སྲིད་ཞུ་བསྒྲུབ་ན་མི་ལེགས་པ་སོགས་གསུངས་བ་ལ་དེ་ཙམ་གྱི་དོན་སྙིང་མི་འདུག

    ཁྱེད་ཅག་གི་མཇོན་ན་རྟ་ལམ་བོང་བུའི་བཀག་མེད་ཚོད་ཡིན

    ངའི་ཁོང་གི་ལྷག་བསམ་རྣམ་དག་དང་བདེན་པའི་འུ་ཚུག་སོགས་ལ་ཡི་རིང་བྱེད་བཞིན་ཡོད

    དེ་མིན་༢༠༠༨་ལོ་དོལ་རྒྱལ་རྙོག་གླེང་སྐབས་་་་་་་་་་སྤྱི་འཐུས་མི་སྐྱ་བ་ཚོ་རྩ་འགོའི་ཟིལ་བ་དང་གཅིག་པ་རེད་
    རྐུབ་བཅག་སྲོང་ནས་འདུག་རྒྱུ་ལས་གཞན་ཅི་ཡང་མི་མཇོན་པ་རེད། རང་གི་བུ་ཕྲུག་དང་ཁྱིམ་ཚང་སོགས་ལ་བསམ་དགོས་པའི་སྤྱི་དོན་ཁ་འཁྱེར་དང་རང་དོན་ལྷུར་ལེན་རེད།
    གཏམ་དྲང་མོར་བཤད་ན་འདི་འདི་རེད།

    Reply
  7. འདྲེ་མེ་འབུད། says:
    ལོ་ 14 སྔོན།

    གསེར་རྟ་ཁམས་དང་ཨ་མདོ་གང་ཡིན་ཡང་ང་ཚོས་རྩོད་དགོས་པའི་རྙོག་དྲ་ཆེན་པོ་ཞིག་གཏན་ནས་མ་རེད། ཆོལ་ཁ་གསུམ་དུ་དགོས་པ་ཡང་སོག་པོའི་དབང་སྒྱུར་གྱི་བྱེད་ཐབས་ཤིག་རེད། ད་ལྟ་རྒྱ་ནག་གིས་མཚོ་སྔོན་དང་ཟི་ཁྲོན། ཀན་སུའུ་ཞེས་པ་ཡང་བོད་ནང་དུ་ཚོར་བ་ཅུང་རྣོ་བར་གྱུར་ཡོད། འདི་ཡང་གོང་བཞིན་ཆབ་སྲིད་ཀྱི་དགོས་མཁོའི་བྱེད་ཐབས་ཙམ་ཡིན། མ་འོངས་པར་བོད་ཀྱི་བདེན་མཐའ་སེལ་ཚེ་ཡང་བསྐྱར་སྲིད་དོན་གྱི་ས་གནས་བགོ་འགྲེམས་གསར་བ་ཞིག་བྱེད་སྲིད་ལ། དེ་ཡང་མིང་གསར་བ་ཞིག་ཀྱང་ཡོད་ངེས་པས། དེ་དག་རེ་རེ་བརྩད་ཚེ་ང་ཚོས་ནང་ཁུལ་གྱི་ས་མཚམས་རྩོད་པ་འདི་རྩྭ་ས་རྩོད་གླེང་བྱེད་མཁན་གྱི་བསམ་བློ་ལས་ཀྱང་དོག་པའི་སྣང་ཚུལ་ཞིག་ལས་དགོས་པ་ཅི་ཡང་མེད། དེར་བརྟེན་ང་ཚོས་འདི་རིགས་དགོས་དོན་ཅི་ཡང་མེད་པའི་མི་སྒེར་གྱི་དགོས་མཁོ་ཁོ་ནའི་རྩོད་གཞི་ཞིག་དང་མི་རིགས་ནང་ཁུལ་འཐོར་ཞིག་གི་རྩོད་གཞི་ཞིག་ལས་ཅི་ཡང་མེད་དོ།། འདི་ལྟར་རྩོད་པར་དགའ་བ་ནི་སྐབས་འཚོལ་བའི་སྙིང་ཤེད་ཆེ་དྲགས་པ་དང་རང་དོན་ལ་དགའ་དྲགས་པ། བསམ་བློའི་ཁོར་རྒྱ་དོག་དྲགས་པ་ལས་ཅི་ཡང་མེད་དོ།།

    Reply
  8. བཀྲ་ཤིས། says:
    ལོ་ 14 སྔོན།

    ཚེ་རིང་གིས་བཤད་པར་རྒྱབ་སྐྱོར་ཡོད།
    ཚུལ་ཁྲིམས་འོད་ཟེར་དགོངས་པ་ཞུས་པ་དེ་འུ་ཐུག་ཐབས་ཟད་མ་གཏོགས་གཞན་གང་ཡང་མ་རེད། གསེར་རྟ་་ཨ་མདོ་ཡིན་པའི་ལོ་རྒྱུས་ཁོ་ལ་སྟོན་རྒྱུ་མེད། མདོ་སྨད་ཟེར་བའི་ཚིག་འབྲི་རེ་ཟུང་ཡོད་སྲིད། མདོ་སྨད་ཟེར་བའི་ཚིག་འདི་ཁམས་དང་ཨ་མདོ་གཉིས་ཀའི་སྤྱི་མིང་ལྟ་བུ་ལོ་རྒྱུས་ཡིག་ཁག་ཏུ་གསལ་བསྡད་ཡོད། བོད་གཞུང་ཡིག་ཆ་ཁག་གཅིག་ཏུ་མདོ་སྨད་ཆུ་བཞི་སྒང་དྲུག་ཨ་མདོ་དང་བཅས་པ་ཞེས་བྲིས་ཡོད། ང་ཕོད་ངག་དབང་འཇིགས་མེད་མདོ་སྨད་སྤྱི་ཁྱབ་ཁང་གི་མདོ་སྤྱི་ཟེར་བ་དེ་རེད། མདོ་སྨད་སྤྱི་ཁྱབ་ཁང་ཆབ་མདོར་བཛུགས་ཡོད་པ་ནང་བཞིན་རེད།

    Reply
  9. Choejor says:
    ལོ་ 14 སྔོན།

    ཀོང་དོན་སྙོག་གླེང་ནི་གསེར་རྟའི་སྙོག་གླེང་གི་ཉམས་མྱོང་འདྲ་བོ་རེད།ད་ལྟ་ང་ཚོས་རྩོད་པའི་ངོས་དང་ལོ་རྒྱུས་ཀྱི་ངོས་གང་ནས་གསེར་རྟ་གང་དུ་བཏགས་ཀྱང།མཐོ་སྒང་བོད་ཀྱི་ས་ཆ་ཧྲིལ་བོ་རྒྱ་ནག་གིས་བཙན་འཛུལ་བྱས་ཚར་བ་ཡིན་ཙང།དོན་གནད་འདི་དག་ཁ་བ་གངས་ཅན་པ་ཚང་ཕ་ས་གོར་མོར་ཡུན་དུ་འཚོ་ཆོག་པའི་སྐལ་བ་རེ་ལྡན་སོང་ན།དེ་དུས་ང་ཚོས་ནང་ཁུལ་གྱི་ཙག་ཙིག་འདི་དག་གླེང་ཆོག་གི་རེད།དེ་མིན་ལ་ཕར་རྒྱབ་ཀྱི་རྒྱ་མི་དགོད་ཀི་རེད་ལ།འུ་ཚོའི་གཙུག་གི་མགོན་དེ་སྐྱོ་ན་ཐང།

    Reply
  10. རྭ་རྒྱ་བློ་དབང་། says:
    ལོ་ 14 སྔོན།

    གང་ལྟར་ཆོས་འདུལ་བས་མ་བཀག་ན་མི་ཁོགས་པ་ཞིག་བོད་མི་རིགས་ཨེ་ཡིན་ན།

    Reply
  11. གནམ་ལྕགས། says:
    ལོ་ 14 སྔོན།

    ངས་བལྟས་ན་གསེར་རྟ་བས་དགོངས་ཞུ་གནང་བ་འདིས་གནད་དོན་གཉིས་གསལ་བཤད་བྱས་འདུག

    གཅིག སེར་མོ་བ་འཚོགས་ནས་སྤྱི་འཐུས་གྲོས་ཚོགས་དེ་གྲྭ་ཚང་ཞིག་ཞབས་རྟེན་ལ་ཚོགས་འདུག་པ་ལྟ་བུ་མི་ཡོང་བའི་ཆེད་དུ་དང་། ལྷག་པར་དུ་འདས་ལོའི་གྲོས་ཚོགས་ཀྱི་རྙོག་གླེང་གི་སྐབས་སུ་གྲྭ་བ་རྣམས་ཀྱིས་ཞབས་འདྲེན་ཞུས་པ་ནས་མི་མང་གི་མིག་ནང་ནའང་གྲྭ་བ་སེར་བའི་འཐུས་མི་དེ་དག་གདོན་འདྲེ་རུ་གྱུར་ཡོད་པ་དེ་ཤེས་ཤིང་ཧ་གོ་བས་རེད། དེ་ལྟ་ན་དགེ་སློང་གིས་ཆོས་འདུལ་བ་བཞག་ནས་ཚུལ་མིན་གྱི་གཡོ་འཁྲབ་མི་བྱེད་པའི་སྟོན་པའི་བཀའ་ལ་བཀའ་དྲིན་རྗེས་དྲན་ཞུས་པ་རེད། དེ་ནི་རྒན་ཁོང་གི་ལྷག་བསམ་ལ་རྨ་མེད་པས་སོ།།
    གཉིས། གསེར་རྟ་འདི་མདོ་སྨད་ཡིན་མིན་རྩོད་གཞི་བྲལ་ནའང་། བཙན་བྱོལ་ནང་དུ་གནས་སྐབས་ཀྱི་ཁེ་ཕན་ལ་ལྟོས་ནས་མི་རེ་ཟུང་གིས་གོ་སྐབས་རིང་ལུགས་པའི་གདོང་འབག་གྱོན་གྱི་ཡོད། འོན་ཏང་། རྒན་ཁོང་གིས་མི་དགོས་པའི་ལོ་རྒྱུས་ཀྱི་འཁྱོག་བཤད་དེའི་རྗེས་འབྲས་ཀྱི་རྙོག་གླེང་དེ་ཞུ་འདོད་ན་སྙམ་པའི་ཀུན་སློང་སྔོན་དུ་བསྲིངས་པ་ལོས་ཡིན། ཁོང་གིས་དགོངས་ཞུ་གནང་བ་ཡག་པོ་རེད། རབས་བྱུང་ན་གྲོས་ཚོགས་ནང་གི་གཟན་ཤམས་གྱོན་པའི་གྲྭ་བཙུན་ཚང་མས་དགོངས་པ་ཞུས་ན་ལེགས། སྐབས་བཅོ་ལྔ་བའི་སྤྱི་འཐུས་དེ་གཙང་རིལ་རིལ་གྱི་གྲོས་ཚོགས་ཤིག་ཆགས་ན་ལེགས། མདོར་ན་ཆོས་དང་སྲིད་བྱེད་པའི་གང་ཟག་གི་དབྱེ་བ་དང་མཚམས་ཐིག་དེ་མངོན་གསལ་གྱི་དོད་ན་ལེགས།

    Reply
  12. Choejor says:
    ལོ་ 14 སྔོན།

    རྒན་ལགས་ལ་བརྩི་བཀུར་ཡོད།རྒྱ་ནག་གི་མངོན་འདོད་དང་མཐུན་པའི་བྱེད་ཕྱོགས་ལ་རིག་པ་དང་མཐུན་པའི་ལན་དུ་བཟློ་ཚུལ་ཡིན་མིན་ཁོ་བོར་དོགས་པ་ཡོད།གལ་སྲིད་དེ་ལྟར་ཡིན་དབང་དུ་བཏང་ན་བདེན་པའི་ནང་དོན་མངོན་སུམ་ཆགས་རྒྱུ་ལས།ཆེན་པོའི་ཆེན་པོ་རྣམས་ཀྱིས་ཀྱང་དགོངས་ཞུ་གནང་དགོས་སོང་ན།རིག་པ་དང་འགལ་བའི་གྲུབ་མཐའ་ཁས་བླངས་བ་འདྲ་བོ་མིན་ནམ།མ་གཞི་ནས་རྒན་ལགས་ཀྱི་གསུང་འཕྲིན་ཚང་མ་ལྟ་ཉན་འདོད་བྱུང།

    Reply
  13. འབྲོག་རུ་རྡོ་རྗེ། says:
    ལོ་ 14 སྔོན།

    ཁྱེད་རང་གི་དགོངས་ཞུ་གནང་བ་ཡག་པོ་འདུག།ད་དུང་ངའི་རེ་བ་ཡིན་ན་མདོ་སྨད་སྤྱི་འཐུས་ནང་ན་དགོངས་པ་ཞུ་དགོས་བ་ཁ་ཤེས་འདུག།

    Reply
  14. ཨ་འཇམ། says:
    ལོ་ 14 སྔོན།

    ཁྱོད་ཀྱི་དགོངས་པ་ཞུས་པ་དེས་གསོག་ཟོབ་ཀྱིས་གྲུབ་པའི་མི་མང་བོ་ཞིག་ལ་བསམ་གཞིགས་དང་འགྲམ་ལྕག་ལེགས་པོ་ཞིག་གཞུས་ཡོད་པས། འདི་ལྟ་བུ་ཡང་སྐབས་རེར་དགོས་པ་ཡིན། ཐུགས་རྗེ་ཆེ།

    Reply
  15. འབྲོག་རུ་རྡོ་རྗེ། says:
    ལོ་ 14 སྔོན།

    ཁྱེད་རང་གི་དགོངས་ཞུ་གནང་བ་ཡག་པོ་འདུག།ད་དུང་ངའི་རེ་བ་ཡིན་ན་མདོ་སྨད་སྤྱི་འཐུས་ནང་ན་དགོངས་པ་ཞུ་དགོས་བ་ཁ་ཤེས་འདུག།

    Reply
  16. ཚེ་རིང། says:
    ལོ་ 14 སྔོན།

    ཚུལ་ཁྲིམས་འོད་ཟེར་གྱིས་གསེར་རྟ་མདོ་སྨད་(ཨ་མདོ་)ཡིན་པ་གསལ་པོ་བཟོ་ཆེད་དུ་སྤྱི་འཐུས་ནང་ཞུགས་པ་རེད། དོན་དངོས་སུ་གསེར་རྟ་དེ་ཨ་མདོ་ཡིན་ནམ། གལ་སྲིད་གསལ་པོ་མ་ཆགས་ན་སྐྱོན་ག་རེ་ཡོད། མདོ་སྨད་མ་རེད་ཅེས་བཤད་ཐུབ་རྒྱུ་མ་རེད། གང་ཡིན་ཟེར་ན། བོད་ཀྱི་ས་ཆ་བགོ་སྟངས་བར་ལམ་ཞིག་ལ་ཁམས་ཕྱོགས་སུ་མདོ་སྨད་ཅེས་བརྗོད་པའི་སྐབས་ཤིག་འདུག མདོ་སྨད་སྡེ་དགེ། མདོ་སྨད་ལི་ཐང་ཟེར་བ་ལྟ་བུ་ཡོང་གི་འདུག
    ཨ་མདོ་གསེར་རྟ་ཟེར་བ་ཞིག་སྔོན་གྱི་ལོ་རྒྱུས་ནང་ཧ་ལམ་མེད་པ་རེད། ཁམས་གསེར་རྟ་ཟེར་བ་ཡིག་ཆ་ཁག་གི་ནང་མང་པོ་འདུག
    གང་ལྟར་ཚུལ་ཁྲིམས་འོད་ཟེར་དགོངས་པ་ཞུས་པ་ཡག་པོ་རེད། ཁོང་རང་ད་ལྟ་འོས་ཐོབ་རྒྱུ་ཁག་པོ་རེད། ཁོ་རང་གིས་བཤད་པ་ལྟར། གསེར་རྟ་ཨ་མདོ་ཡིན་པ་གསལ་པོ་ཆགས་སོང་ན། ཁོང་ལ་འོས་ཤོག་བླུག་ཀྱི་མ་རེད། རྒྱུ་མཚན་ཁོང་རྙོག་གྲ་ཚ་བོ་ཡོད་པ་ལས། ཤེས་རྟགས་སྐྱོ་བོ་རེད།
    བཙན་བྱོལ་ནང་གསེར་རྟ་བ་ཚོ་ཨ་མདོ། ཁམས་པ་ཆོལ་ཁོངས་གང་ལ་སོང་ཡང་ཁྱད་པར་ཆེན་པོ་མེད་མོད། ཚུལ་ཁྲིམས་འོད་ཟེར་གྱིས་གཙོས་མི་ཁག་ཅིག་གིས་ནང་ཁུལ་དུ་དཀྲུག་ཤིང་རྒྱག་གི་འདུག དེ་ཡག་པོ་མི་འདུག གསེར་རྟ་རུ་ཁ་པར་བཏང་ནས། གསེར་རྟ་ཨ་མདོ་རེད་མ་བཤད་ན་༧གོང་ས་མཆོག་གི་བཀའ་དང་འགལ་གྱི་ཡོད་སྐོར་བརྗོད་དེ་ཕ་ཡུལ་མི་མང་མགོ་སྐོར་བཏང་བ་སོགས་བྱེད་ཀྱི་འདུག དེ་ཚོ་ཡ་མཚན་རེད།
    ༧གོང་ས་མཆོག་གིས་གསེར་རྟ་བ་མཇལ་ཁ་ཞུ་མཁན་དང་། བླ་མ་དང་གྲྭ་པ་སོགས་མཇལ་ཁ་ཞུ་མཁན་ཚོར་ཕྱག་ཡིག་གནང་བའི་ནང་མདོ་སྨད་བྲིས་པ་དང་། ཁམས་བྲིས་པ་གཉིས་ཀ་འདུག ༧གོང་ས་མཆོག་ལ་ཡར་སྙན་ཞུ་ཕུལ་སྐབས་སོ་སོས་གང་བྲིས་ཡོད་པ་དེ་རང་སོར་བཞག་ནས་ཕྱག་ཡིག་གནང་གི་ཡོད་པ་ལྟ་བུ་འདུག

    Reply
  17. རྭ་རྒྱ་བློ་དབང་། says:
    ལོ་ 14 སྔོན།

    རྒན་ཚུལ་ཁྲིམས་འོད་ཟེར་ཅི་ཞིག་ཡོད་པ་རེད།
    མི་གཞི་བཟང་།
    ཤེས་རབ་ལེགས།
    ལྷག་བསམ་ལྡན།
    ཕྱི་ནང་གཉིས་ཀའི་རིག་གནས་ལ་སྦྱངས་པ་མཆོག་ཏུ་བཟང་།
    མི་རིགས་ལ་ལྷག་བསམ་རྨ་མེད་པ་ལྡན།
    ནམ་ཉིན་ལྟོས་པ་མེད་པའི་བརྩོན་པ་ཆུ་བོའི་རྒྱུན་ལྟར་རིང་།
    ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌མང་པོ་མི་བཤད། འདི་ན་སྐད་ཅོར་ཁྱི་གུ་ལྟར་ཟུག་པ་ཚོར་ཁོའི་གོ་སྐབས་དང་མངའ་ཐང་ལྡན་ཚེ། ད་ལྟ་ནུབ་ཕྱོགས་ན་ཡོད་པ་རེད། ཧ་གོ་སོང་ངམ།

    Reply
  18. རྭ་རྒྱ་བློ་དབང་། says:
    ལོ་ 14 སྔོན།

    ཚུལ་ལྡན་ལུགས་ཡོད་ཀྱིས་དགོངས་ཞུ་གནང་བར་རྟེན་འབྲེལ་ཞུ་དགོས། རྒྱུ་མཚན་འདས་པའི་ལོ་ལྔའི་ཡུན་ཚད་ནང་ཁོང་གིས་ཕྱག་ལས་མང་པོ་ཞིག་གནང་ཡོད། དེ་མཚུངས་ཀྱི་ལས་ཀ་དང་། ལྷག་བསམ་སྤྱི་འཐུས་རེ་རེ་བཞིན་ནས་ཁུར་ཡོད་རྒྱུ་ན་ཞབས་འདྲེན་ཐག་ཆོད་ཀྱི་གླེང་རྙོག་དེ་དག་རྩ་ནས་ཡོང་མི་སྲིད། དེང་སྐབས་གོས་ཀྱི་ཁ་མདོག་དང་། རུས་ཀྱི་དབྱེ་འབྱེད། ལོ་ཚོད་ཀྱི་རྣམ་དབྱེ་བཅས་ལ་ཧ་ཅང་གཙིགས་ཆེ་བར་བརྩི་བཞིན་པའི་སྐབས་འདིར་ཁོང་ལྟ་བུ་མཁྱེན་རྒྱ་དང་ལྷག་བསམ་ཡངས་པ་ཚོས་དོན་མེད་དུ་སྨོད་ཚིག་ཉོ་ངེས་ཡིན་པ་ནི་བཤད་མི་དགོས་པ་ཞིག་རེད། རིགས་མི་གཙོ་རུས་མི་གཙོ་བསླབ་པ་གཙོ་ཟེར་བ་དེ་ཆོས་འདུལ་གཅིག་པུའི་སྐད་ཆ་ཞིག་ཡིན་མི་སྲིད་ལ། རང་རེའི་དུས་རབས་གསར་པའི་བསམ་བློ་ནི་མེད་དང་མུ་གེས་གང་བའི་ཁུག་སྟོང་ཞིག་ཡིན་པ་འདིས་ཡིད་ལ་སུན་སྣང་བརྒྱ་དང་སྟོང་རེ་བསྐུར་ཡོང་གི་འདུག་ཨང་།

    Reply
  19. མི་རབས་གསར་པ་ says:
    ལོ་ 14 སྔོན།

    ཁྱོད་ལ་གསལ་བསྒྲགས་ག་རེ་སྤེལ་ཡ་ཡོད་ཚོད་དུས་འདི་འདྲའི་ནང་ཁྱོད་ལ་གསལ
    བསྒྲགས་སྤེ་ཡ་ཡོད་ན་སུ་ལ་ཡང་ཡོད་ཆོད་
    དགོངས་པ་ཞུ་ཡ་དེ་ཡག་པོ་རེད་ཆོས་པ་ཀྱུས་མ་ཞིག་གིས་གང་ཡང་བྱེད་ཡ་མེད་
    ཐུགས་རྗེ་ཆེ།།

    Reply
  20. རི་བོང། says:
    ལོ་ 14 སྔོན།

    ཤེས་ཡོན་དང་ལྷག་བསམ་གཉིས་ལྡན་གྱི་རྒན་ཚུལ་ཁྲིམས་འོད་ཟེར་མཆོག་གིས་དགོངས་པ་ཞུས་པ་ནིབཙན་བྱོལ་བའི་མི་དམངས་ཉམས་ཐག་ཚོ་ལ་གྱོང་གུད་ཆེན་པོ་ཞིག་རེད། འོན་ཀྱང་སྐྱ་སེར་བར་ལ་དབྱེན་དཀྲུག་བྱེད་མཁན་ཚོ་ནི་ནམ་ཡང་སྤྱི་ཚོགས་ཀྱི་གད་སྙིདས་སུ་རྩི་གིན་ཡོད།

    Reply
  21. བཤད་སྒྲུབ says:
    ལོ་ 14 སྔོན།

    སོ་སོའི་གནས་བབ་ངོས་འཛིན་ཐུབ་པ་འདི་ཡག་པོ་རེད་། དྲང་མོ་བཤད་ན་དེངས་སྐབས་བོད་པའི་ས་ཁོང་བོད་མི་ལ་མི་དབང་པའི་མཚམས་ཅིག་ལ་བསླེབ་དུས་གསེར་རྟ་ཟེར་བ་ལུང་ཚན་ཅིག་གམ་སྡེ་པ་གཅིག་ལ་བརྩོད་པའི་ཡུལ་དུ་འགྲོ་སྲིད་པ་མ་རེད་། ཡིན་ཡང་ཆོས་བྱེད་དགེ་འདུན་པ་ཅིག་འཚམས་དེ་དང་གནས་བབ་དེའི་འོག་རྒྱུ་མཚན་ཡོད་མདོག་ཀྱི་དབྱིན་དཀྲུགས་ནང་འཛུལ་བ་ནི་བརྗོད་དུ་མེད་པའི་སྐྱོན་ཅན་ངོ་མ་རེད་། དེས་ན་ངས་སྐུ་ཞབས་དགའ་ཤར་ཚུལ་ཁྲིམས་འོད་ཟེར་མཆོག་ལ་བཅོས་མིན་ནག་ཉེས་ངོས་འཛིན་འོག་བོད་སྤྱི་དོན་ལ་བསམ་དབྱིན་དཀྲུགས་ར་བ་ནས་མ་དོན་པར་འཚམས་འདྲི་ཡོད་།

    Reply
  22. འབྲུག་སྒྲ་སྐྱབས། says:
    ལོ་ 14 སྔོན།

    ཁྱེད་དགོངས་ཞུ་གནང་པ་ཡག་པོ་འདུག ད་རུང་ངའི་རེ་བ་ཡིན་ན་གསེར་རྟ་ཚུལ་ཁྲིམས་གཞན་པ་དེས་ཡང་ཁམས་གྱི་སྤྱི་མཐུས་ནས་དགོངས་བ་ཞུ་རོགས་གནང་། ཁྱེད་གཉིས་ཀྱིས་སོ་སོའི་ཁེ་ཕན་གྱི་ཆེད་དུ་ཆོག་ཁ་མ་བཀྲུག་རོགས ཁམས་དང་མདོ་སྨད་གཉིས་ཀྱི་མི་མང་གིས་ཀྱང་བསམ་གཞིག་བྱེད་རོགས ས་ཆ་དེ་གཉིས་ནི་ད་ལྟ་རྒྱ་ནག་གི་ཆ་ཤས་སུ་གྱུར་ཡོད་པས་ཁྱེད་གཉིས་ཀྱིས་སྦྲང་བོས་ནམ་མཁའ་རྩོད་མི་དགོས་ ཧ་གོ་སོང་མང

    Reply
  23. བཀྲ་ཤིས། says:
    ལོ་ 14 སྔོན།

    མྱི་དཀྲུགས་འདྲེ་དེ་ཚོ་མེད་ན་ཡག་གི་རེད། ད་སྐབས་ཁོ་སྤྱི་འཐུས་ནང་སླེབས་རྒྱུ་མིན་པ་གསལ་བོ་ཤེས་རྗེས། མགོ་བདེ་འཁྲབ་ནི་རེད། གཞན་ཅང་མ་རེད། འུ་ཐུག་ཐབ་ཟད་བྱུང་ན་དེ་མིན་ལམ་ཁ་ཡོད་མ་རེད།

    Reply
  24. འོད་ཡུག་པའི་འཁྱམས་པོ། says:
    ལོ་ 14 སྔོན།

    ཡག་རྟགས་མིན་འགྲོ། ཁོ་ལ་གཞན་པའི་གདེང་ཚོད་ངེས་ཅན་ཞིག་ཡོད་རྒྱུ་རེད་དེ་མིན་གོ་སྐབས་དེ་བློས་གཏོང་ཁག་པོ་རེད། ངའི་བསམ་པར་བློ་སེང་བཀའ་ཁྲིར་འདེམས་མཐོན་ཡོང་རྒྱུར་རེ་བ་མ་ཟད་ཁོང་ཉིད་ཀྱང་བློ་སེང་གིས་བཀའ་བློན་ཞྀག་ཏུ་བསྐོ་བཞ་ཡོང་བའི་རེ་བ་དང་ཡིད་ཆེས་བྱེད་བཞིན་ཡོད་པ་མིན་འགྲོ། ཧ་ཧ། །།།།།།།།།།།།

    Reply
  25. སྐར་མདའ། says:
    ལོ་ 14 སྔོན།

    ལྷུན་གྲུབ་ལགས།
    གསལ་བོར་ཉོན་ཅིག
    ཡི་གེ་དག་ཆ་ཡག་པོ་མེད་བཞིན་དུ་དྲ་ཐོག་ལ་ཟིན་བྲིས་བཏབ་ན་ངོ་མི་ཚ་འམ།
    དེ་བས་ཁ་བཙུམ་ནས་སློབ་སྦྱོང་ལ་འབད་བརྩོན་མུ་མཐུུད་དེ་གནང་ན་ཡག་པོ་ཡོང་ས་རེད་བསམ་གྱི་ཡོད། གང་ཡིན་ཟེར་ན་ཁྱེད་ཀྱིས་བྲིས་པའི་ཡི་གེ་དེ་དག་ཚང་མའི་དག་ཆ་ནོར་བ་མ་ཟད། ད་དུང་སྡེབ་སྦྱོར་གྱི་རིམ་པའི་ཆ་ལ་རྙོག་དྲ་ཧ་ཅང་ཆེན་པོ་འདུག དེ་བས་ཟིན་བྲིས་འདེབས་རྒྱུ་བཞག་ན་མི་དགའ་འམ།

    ཡི་གེ་གང་ཞིག་བྲིས་ན་ཐོགས་མར་དག་ཆ་དགོས་པ་ནི་ཧ་ཅང་གི་གལ་ཆེན་པོ་ཡིན། གཉིས་པ་ནི་ནང་དོན་གྱི་ཐད་ནས་གོ་རིམ་མ་འཁྲུག་པ་བྱེད་རྒྱུ་དེ་ནི་ཤིན་ཏུ་ལས་ཀྱང་གལ་ཆེན་པོ་རེད། ཁྱེད་ལ་དེ་དག་ཚང་མའི་ཆ་ནས་ཧ་ཅང་གི་སྐྱོ་བོ་དང་། ངོ་ཚ་དགོས་པ་ཞིག་རེད།

    ད་དུང་སློབ་སྦྱོང་གནང་རོགས།
    སློབ་སྦྱོང་ཡག་པོ་ཞིག་བྱས་ཏེ་རྗེས་ནས་དྲ་ཐོགས་ལ་ཕེབས་དང་འགོར་ཡོད་པ་མ་རེད། ཤེས་སོང་ངམ། ཡིད་ལ་བརྟན་བོར་ །

    Reply
  26. སྤྲོ་ཚིགས་དགེ་འདུན says:
    ལོ་ 14 སྔོན།

    ཡིད་སྐྱོ་བ་རང་རེད།

    སྐྱ་སེར་ལ་ཁྱད་པར་མེད་་་་་མདོར་བསྡུས་ན་་་ཉམས་ཐག་མང་མཐོང་མཁན་ཞིག་དང་དེ་དག་ལ་ཕན་ཐོག་པ་ཞིག་དགོས་་་་་་ཁོང་དེའི་ནང་གི་གཅིག་རེད

    སྤྱན་གནམ་མཁའ་ལ་གཟིགས་པ་ལས་མར་ས་ལ་གཟིགས་མི་ཤེས་མཁན་གྱི་སྐུ་ངོ་ཚོའི་དགོངས་པ་མི་ཞུ་བ་ཅི་ཡིན་ནམ

    Reply
  27. ཚང་མ། says:
    ལོ་ 14 སྔོན།

    གསེར་རྟ་མདོ་སྨད་ཡིིན་མིན་ལོ་རྒྱུས་ཀྱིས་བདེན་དཔང་བྱེད་ཐུབ་པ་ཡིན་པས།
    ཁྱེད་ཀྱི་སྤྱི་མཐུས་ནས་དགོངས་པ་ཞུས་བ་བློ་ཕམ་ཡོད།

    Reply
  28. pema karpo says:
    ལོ་ 14 སྔོན།

    བཀྲིས་བདེ་ལེགས་ཞུ་། གང་ཡིན་ཟེར་ན་ཁོང་བཞིན་རིམ་པས་བླ་སྤྲུལ་དགེ་བཤེས་སོགས་ཆ་ཚང་ཆབ་སྲིད་ནས་དགོང་པ་ཞུ་རོགས་། ཕྱི་རྒྱལ་ཁབ་ཁག་ལ་ངོ་ཚ་བོ་འདུག་།. ཅི་སྟེ་ཆབ་སྲིད་གནང་དགོས་ན་གོས་ངུར་སྨྲིག་རྒྱན་དེ་ཕུད་ནས་མི་སྐྱ་དིང་དུས་བཞིན་གནང་རོགས་ཅེས་རེ་བསྐུལ་ཞུ་།.

    Reply
  29. སྐར་མདའ། says:
    ལོ་ 14 སྔོན།

    དངོས་ནས་དགའ་དགོས་པའི་གནད་དོན་ཞིག་འདི་ནས་མཐོང་སོང་།
    ཧ་ཅང་ཡག་པོ་རེད། སྔ་འདང་ཕྱི་འདང་གཉིས་ཀ་ཕོགས་འདུག
    སུས་དགོངས་པ་ཞུས་ན་འང་། བོད་མི་དམངས་ལ་ཕན་པ་མ་གཏོགས། གནོད་པའི་གཞི་སེན་མོའི་རྩེ་ཡི་ནག་ཐིག་ཙམ་ཡང་མེད་པ་གསལ་བོ་ཡིན།
    འོན་ཀྱང་གསེར་རྟའི་ས་ཆ་མདོ་སྨད་ཡིན་དང་མིན་གྱི་རྩོད་གཞི་དེ་ནི་ས་འདིར་བླངས་དགོས་དོན་མི་འདུག གང་ལེགས་ཞེས་ན། གསེར་རྟ་མདོ་སྨད་ཀྱི་ཁོངས་གཏོགས་ཡིན་ན་འང་འདྲ། མིན་ན་འང་འདྲ།
    དེའི་ཐད་ལ་རྩོད་པ་རྒྱག་དགོས་དོན་དང་། ཁེ་ཕན་དུལ་འབྲུ་ཙམ་ཡང་མཐོང་གི་མི་འདུག གང་ཡིན་ཟེར་ན། ད་ལྟ་རྒྱ་ཆེ་ས་ནས་བཤད་ན་བོད་མི་ས་ཡ་དྲུག་བརྟེན་སའི་གངས་ལྗོངས་ཡུལ་གྲུ་ཆེན་མོ་དེ་བདག་དབང་མེད་པར་རྒྱ་ནག་པོའི་ལག་འོག་ཏུ་ཤོར་བས་དེ་ཚུར་ལེན་མ་ཐུབ་པར་ལྷག་ཡོད་པས། ནང་ཁོངས་ནས་ས་ཆ་རྩོད་གླེང་བྱེད་རྒྱུ་དེ་ནི་ཧ་ཅང་གི་ཐབས་སྐྱོ་བའི་གནས་ཤིག་མ་ཡིན་ནམ།

    གཉིས་པ་གསེར་རྟ་ཚུལ་ཁྲིམས་ཀྱི་སྤྱི་འཐུས་འོས་ཁོངས་ནས་དགོངས་པ་ཞུ་བ་དེ་ནི་ཧ་ཅང་གི་ལེགས་པའི་ཆ་ཞིག་དང་། བསམ་བློ་རྒྱ་ཆེ་ས་ནས་བཏང་ཡོད་པའི་གཞོན་སྐྱེ་ཞིག་ལ་ངོས་འཛིན་བྱེད་ཆོག

    གསུམ་པ་དགོངས་པ་ཞུས་ཚར་དུས་དེ་ལ་ཡང་སྐྱོན་བརྗོད་བྱེད་མཁན་ཡང་མང་པོ་འདུག དེ་ཚོས་བསམ་བློ་ཞིབ་ཏུ་བཏང་སྟེ་དགོངས་པ་བཞེས་ན་ལེགས་ཚོད་དུ་མཐོང་།
    དོན་མེད་རྙོག་དྲ་བཟོས་ན་སྤྱི་ཚོགས་འཐོར་བཤིག་འགྲོ་བྱེད་ཀྱི་རྒྱུ་ཆ་ལས་ཕན་པ་ཁབ་ཀྱི་རྩེ་ཙམ་ཡང་མེད་པ་དེ་ནི་ཤེས་དགོས་གལ་ཆེ།

    བཞི་པ་དྲ་ཐོགས་ཀྱི་བསམ་བློའི་སྦྱོང་བརྡར་བྱེད་སའི་ཁྲོམ་རྭ་སྙིང་རྗེ་བོ་འདི་བཙོག་པ་མི་བཟོ་པའི་ཐབས་ལ་འབད་རོགས་གནང་ཞེས་ཞུ་རྒྱུ་ཞིག་དང་།
    སྤྱི་ཚོགས་ཁ་འཐོར་འགྲོ་བྱེད་ཀྱི་སྐད་ཆའི་རིགས་བཤད་ན་ཡག་པོ་མི་འདུག་སྙམ།
    དྲ་ངོས་ལ་རྟ་བཞིན་རྒྱུགས་པའི་སྨྱུག་ཐོགས་པ་རྣམས་ལ་དམིགས་བསལ་ཞུ་འབོད་ཡིན།

    Reply
  30. གངས་ཁྲོད་ཀྱི་བྱིས་པ། says:
    ལོ་ 14 སྔོན།

    ཕྱི་ངོས་ངུར་སྨྲིག་རྒྱན་འདུག་ཀྱང་། ཞེན་སེམས་ནག་པོ་ཁོག་ཏུ་རྒྱས། བོད་མིའི་བདེ་སྡུག་སེལ་འདོག་བྱས། བསླབ་པ་གསུམ་ནི་རྒྱབ་ཏུ་སྐྱུར་ནས། ཆོས་སྲིད་ཟུང་འབྲེལ་ཡིན་ཞེས་བརྗོད། སྤང་བླངས་ཟུང་དུ་བསྐྱོད་ཐབས་མེད། དེ་བཞིན་ཆོས་ནི་རང་ཕབ་གཞན་རྒྱལ་གཙོ། སྲིད་ནི་རང་རྒྱལ་གཞན་ཕམ་ཁོ་ནི་དོན། དེ་གཉིས་ནམ་ཡང་ལམ་གཅིག་བསྐྱོད་ཐབས་མེད། དེ་ལུགས་ཐུགས་དགོངས་ལ་བཞེད་ནས། དབྱིན་པའི་གནས་བསྐྱོད་ན་དགའ། རང་སྡུག་རང་གི་མ་བྱེད་པར། བསླབ་གསུན་འདུན་དུ་བཞག་ན་དགའ། ཡང་ན་ངུར་སྨྲིག་ཡོངས་བརྗེ་ནས། སྲིད་ཀྱི་ལམ་དུ་བསྐྱོད་ན་ཅི་མི་ལེགས། མགོ་གཉིས་ལམ་གཅིག་བསྐྱོད་པ་དེ། རང་སྡུག་རང་སྨྱོ་བྱེད་རེད།

    Reply
  31. ལྷུན་འགྲུབ། says:
    ལོ་ 14 སྔོན།

    དགོང་པ་ཞུས་པ་དེ་ཡག་པོ་བྱུང་འདུག། དུས་ལ་རན་པ་དང་རང་ཚོད་གཟིན་པའི་རྟག་རེད།
    བླ་སྤྲུལ་དང་སེར་མོ་བ་རྣམས་ཁྱབ་སྲིད་ལ་རྔམ་དགོས་དོན་ག་རེ་ཡིན་ན་། ཡང་ན་༧གོང་ས་མཆོག་དང་མཁས་དབང་ཟམ་གདོང་གཉིས་འདྲ་བ་ཕྱོགས་རིས་དང་བྲལ་བའི་ཕྱག་ལས་ཞིག་གནང་ན་མི་འགྲིག་རྒྱུ་མེད་། དེ་མིན་ཁྱབ་སྲིད་གོ་གནས་འདི་བླ་སྤྲུལ་དང་སེར་མོ་བའི་མདུན་ལམ་དང་མཐུན་པོ་མི་འདུག།
    སྔར་ཡང་བླ་སྤྲུལ་དང་སེར་མོ་བ་རྣམས་ཀྱིས་ཁྱབ་སྲིད་ཐད་ཐེ་བྱུས་བྱས་ནས་བྱུང་བའི་གྱོང་གུས་དེས་བོད་མི་རིགས་ཕུང་ལ་སྦྱར་བཞིན་པ་འདི་ཨ་ཁ་ཁཁཁཁཁཁཁཁ།

    Reply
  32. ཀུན་རྟོགས་རི་མོ། says:
    ལོ་ 14 སྔོན།

    ཚུལ་ཁྲིམས་འོད་ཟེར་གྱིས་དགོངས་པ་ཞུས་པ་ནི་ཡག་པོ་རེད།དགའ་བསུ་ཡོད།ཡིན་ཀྱང་རྗེས་མ་ཁོ་གང་ནས་བཞུགས་ཀྱང་སྤྱི་ཚོགས་འགལ་བ་མི་བཟོ་བའི་རེ་བ་ཡོད།

    Reply
  33. ཐོགས་མེད says:
    ལོ་ 14 སྔོན།

    ཐུགས་རྗེ་ཆེ་་་་དུས་བབ་རང་རེད་་་་་་ད་བཞུགས་ན་བཟང་པོ་རེད་

    Reply
  34. ངག་དབང་ says:
    ལོ་ 14 སྔོན།

    རྒྱུ་མཚན་ཡག་པོ་ཐོངས་མ་སོང་

    Reply
  35. ལྷུན་འགྲུབ། says:
    ལོ་ 14 སྔོན།

    དགོང་པ་ཞུས་པ་དེ་ནོར་མི་འདུག།། བླ་སྤྲུལ་དང་སེར་མོ་བ་རྣམས་ཁྱབ་སྲིད་ཀྱི་གོ་གནས་ལ་
    རྔམ་དགོས་དོན་མེད་། དེ་ཡག་རྟག་ཞིག་གཏན་ནས་མིན། ཡང་ན་༧གོང་ས་མཆོག་དང་མཁས་དབང་ཟམ་གདོང་རིན་པོ་འདྲ་བ་དགོས་། དེ་མིན་གྱི་བླ་སྤྲུལ་དང་སེར་མོ་བ་རྣམས་ཀྱིས་ཁྱབ་སྲིད་ཀྱི་ཐོག་ནས་བོད་མི་རིགས་ལ་ཕན་ཐོག་རྒྱུ་ཕལ་རིའི་སྤང་རྒྱན་རེད།།
    སྔར་ཡང་སེར་མོ་བས་བོད་ཀྱི་ཁྱབ་སྲིད་ལ་ཐེ་བྱུས་བྱས་ནས་བྱུང་བའི་ནག་ཉེས་ནི་་་་ཨ་ཁ་ཁཁཁཁཁཁ

    Reply
  36. ཅོ་རི་ཉི་མ། says:
    ལོ་ 14 སྔོན།

    མ་གཞི་ནས་དེ་རིང་གོ་སྐབས་འདིའི་རྒྱུད་ནས་ཁྱེད་ལ་ཞུ་འདོད་པ་ནི་མདོ་སྟོད་དང་མདོ་སྨད་གཉིས་ཀྱི་ས་མཚམས་ཅི་འདྲ་ཡིན་མིན་འ་ཤུག་གསེར་རྟའི་ཡུལ་གྱི་ཨ་འོང་ཉི་མ་རྒྱལ་མཚན་དང་ཏྲེ་ཧོར་ལྕོག་རིའི་མཁར་གསར་སྤྲུལ་སྐུ་རྣམ་གཉིས་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་བཞིན་བཞུགས་ཡོད་པས་ཁྱེད་ཀྱིས་བཙན་བྱོལ་སྤྱི་ཚོགས་ནང་དུ་ས་རྩོད་ཆུ་རྩོད་རྒྱབ་དགོས་མ་མཐོང་།

    ས་དེར་གནས་པའི་ཡུལ་མི་དང་ཡུལ་དེར་ཡོད་པའི་དཔོན་པོ་སྐུ་ཚེ་བརྟན་པའི་སྐབས་སུ་མདོ་སྟོད་སྨད་ཀྱི་བར་དུ་བརྩོད་རྙོག་མེད་ལ་ས་གནས་རང་སྐྱོང་གི་ཁྲིམས་ལུགས་འོག་ཏུ་བོད་མི་རིགས་ལ་རྒྱ་ཡིད་ལ་འཛིན་ནས་རྡོག་རྩ་གཅིག་སྒྲིལ་ཡོད་པས་ཁྱེད་ཀྱིས་བཙན་བྱོལ་སྤྱི་ཚོགས་ནང་དུ་ས་རྩོད་ཆུ་བརྩོད་རྒྱབ་དགོས་མ་མཐོང་།

    ཁྱེད་དགོངས་པ་ཞུས་པར་ངོ་མ་བློ་ཕམ་བྱུང་། དེ་ཡང་ཁྱེད་ཀྱི་རྒྱུད་ལ་རྒྱལ་གཅེས་ཀྱི་འདུན་པ་ཞིག་ཡོད་པར་མཐོང་བས་ཡིན། ཉམ་ཐག་མི་དམངས་ལ་བལྟ་སྐྱོང་བྱས་མཁན་ཞིག་རེད་བསམ་པས་ཡིན། བོད་མི་ཉམ་ཐག་རྣམས་ནི་ག་དུས་ཡིན་ནའང་བསོད་བདེ་མེད་པ་རང་ཡིན།

    བདེ་མོ་ཕེབས།

    Reply
  37. ཅོ་རི་ཉི་མ། says:
    ལོ་ 14 སྔོན།

    ཁྱོད་རང་དབུགས་ཐག་ཐུང་བྱུང་།
    བོད་དོན་བདེན་མཐའ་གསལ་མེད།
    དགོངས་པ་ཞུ་སྟངས་སྐྱོ་བྱུང་།
    འཁོན་འཛིན་བྱས་ནས་ཞུས་འདུག

    ཨ་ཁ་་་་ངོ་མ་ཡག་པོ་མ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese