མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞུང་འབྲེལ་ཆགས་མེད།

བོད་ཀྱི་དུས་བབ།
༢༠༡༠/༡༢/༢༨
Share on FacebookShare on TwitterShare on EmailShare on Whatsapp

 

ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་ཁེ་ན་ཌའི་མི་སེར་དང་ཡུལ་མི་གནས་སྤོར་ལས་ཁུངས་ཀྱིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། འབྱུང་འགྱུར་གྱི་ལོ་ ༥ རིང་རྒྱ་གར་ཤར་ཕྱོགས་ཀྱི་ཨ་རུ་ན་ཅལ་མངའ་སྡེ་ནས་བོད་མི་ ༡༠༠༠ ཙམ་ཁེ་ན་ཌའི་ནང་སྐྱབས་བཅོལ་དུ་ལེན་རྒྱུ་ཡིན་སྐོར་ཕྱིར་བསྒྲགས་བྱས་ཡོད་ལ། གནས་ཚུལ་དེའི་ཐད་བཙན་བྱོལ་སྤྱི་ཚོགས་ནང་སླེང་སློང་ཤུགས་ཆེན་བྱུང་ཡོད་སྟབས། ཕྱི་ཚེས་ ༢༢ ཉིན་འདི་གའི་གསར་འགོད་པས་བོད་གཞུང་བཀའ་དྲུང་མི་འགྱུར་རྡོ་རྗེ་མཆོག་ལ་བཀའ་འདྲི་ཞུས་སྐབས་ཁོང་གིས། གནས་ཚུལ་དེ་འདྲ་ཞིག་གསར་འགྱུར་ནང་བསླེབས་ཡོད་པ་དངོས་ཡོད་རེད། འོན་ཀྱང་གཞུང་འབྲེལ་དེ་འདྲ་མ་རེད་ལ། ད་སྔ་ཁེ་ན་ཌ་གཞུང་གིས་གནས་ཆུལ་འདིའི་ཐད་བཙན་བྱོལ་བོད་གཞུང་དང་གྲོས་བསྡུར་གང་ཡང་བྱུང་མེད་སྟབས། འཛིན་སྐྱོང་བཀའ་ཤག་ལ་འདིའི་སྐོར་ལ་ཞུ་རྒྱུ་གང་ཡང་མེད་གསུངས་སོང་།

དེ་རིང་ཡང་བསྐྱར་འདི་གའི་གསར་འགོད་པ་བོད་གཞུང་ནང་སྲིད་ལས་ཁུངས་སུ་བཅར་ཏེ། དྲུང་ཆེ་དངོས་གྲུབ་རྡོ་རྗེ་མཆོག་ལ་ཁེ་ན་ཌ་གཞུང་གི་གསལ་བསྒྲགས་དེའི་སྐོར་ཁ་གསལ་ཆགས་ཡོད་མེད་བཀའ་འདྲི་ཞུས་སྐབས། ཁོང་གིས་ཀྱང་གོང་ལྟར། གནས་ཚུལ་འདི་ཕྱི་ལོགས་ནས་གོ་བསྡད་པ་ཙམ་ལས་ད་ལྟའི་ཆར་འདིར་གཞུང་འབྲེལ་ཐོག་འབྱོར་བའི་གནས་ཚུལ་དེ་འདྲ་ཡོད་པ་མ་རེད། དཔེར་ན། གང་འདྲ་བྱས་ཏེ་ལེན་རྒྱུ་ཡིན་པ་དང་། གང་ནས་ལེན་རྒྱུ་ཡིན་པ། འགྲོ་ལུགས་འགྲོ་སྟངས། ཆ་རྐྱེན་གང་འདྲ་ཡོད་མེད་སོགས་ཀྱི་གནས་ཚུལ་མང་བོ་ཡོང་སྲིད་ཀྱང་། འདིའི་སྐོར་ལ་ད་དུང་གནས་ཚུལ་གང་ཡང་མེད་པར་བརྟེན། གནས་ཚུལ་འདི་ད་ལྟའི་ཆར་གཞུང་འབྲེལ་ཆགས་ཡོད་པ་མ་རེད། ཅེས་གསུངས་བྱུང་།

གསར་འགོད་པ། ཨ་རིག་འགྱུར་མེད།

འབྲེལ་ཡོད་གསར་འགྱུར།

A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

ཆུ་ཚོད་ ༥ སྔོན་ལ།
བོད་པའི་ཚོང་ཁང་ ༡༡ ལ་མེ་སྐྱོན་དོན་རྐྱེན་བྱུང་། དྲ་ལམ་གྱི་པར།
Mobile App

བོད་པའི་དགུན་ཚོང་ཁང་ ༡༡ ལ་མེ་སྐྱོན་བྱུང་།

ཆུ་ཚོད་ ༦ སྔོན་ལ།
Trump on Wednesday signed a proclamation withdrawing the US from 31 United Nations organisations.
Mobile App

ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་སྡེ་ ༣༡ ནས་ཕྱིར་འཐེན་བྱ་རྒྱུ་ཡིན་འདུག

༢༠༢༦/༠༡/༠༨
Protesters wave pre-1979 Islamic Revolution flags of Iran during a demonstration against the Iranian regime's crackdown on protests, in central Paris, on January 4, 2026. (Photo by Blanca CRUZ / AFP)
Mobile App

ཨི་རན་ནང་སྲིད་འགྱུར་འབྱུང་ཉེན་འདུག

༢༠༢༦/༠༡/༠༧
The routes come from Indrunag, Gallu Devi, and Chamba over the Indrahar Pass
Mobile App

ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུག

༢༠༢༦/༠༡/༠༧
གསར་འགྱུར།

རྒྱ་ནག་གིས་བོད་ནང་གཞུང་ལམ་འཛུགས་སྐྲུན་གྱིས་བོད་ཀྱི་རང་བྱུང་ཐོན་ཁུངས་སྔོག་འདྲེན་བྱེད་པར་དམིགས་ཡོད།

༢༠༢༦/༠༡/༠༧

མཆན། 7

  1. བདེན་ཚིག་སྨྲ་བ། says:
    ལོ་ 15 སྔོན།

    མི་ནག་ཚང་ལུང་རིགས་རྒྱལ།་་་དང།
    ཀརྨ་རྡོ་རྗེ།
    གཉིས་ཀྱི་བཤད་དོན་ལ་་་་་བཙན་བྱོལ་བོད་མི་༡༠༠༠་ཕྱི་རྒྱལ་གཏོང་ཕྱོགས་ལ་བཙན་བྱོལ་བོད་གཞུང་འདི་རྒྱ་གཞུང་དང་མཚུངས་ཚུལ་མཇོད་འདུག་པ་ངོ་ཚར་ཆེ།

    Reply
  2. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    ག་རེའི་ཆེད་ཡིན་མིན་མ་ཤེས། ཀརྨ་རྡོ་རྗེའི་སྐད་ཆ་འདི་སྣང་བར་འགྲོ་སོང་།

    Reply
  3. བདེན་ཚིག་སྨྲ་བ། says:
    ལོ་ 15 སྔོན།

    དེང་སང་བཙན་བྱོལ་བོད་མིའི་ནང་།་་་་ཉེ་ཆར་ཁེ་ཎ་ཌ་གཞུང་ནས་གཞུང་འབྲེལ་འབྲེལ་ཡོད་བློན་ཆེན་ནས་གསར་འགོད་གསལ་བསྒྲགས་སྤེལ་དོན་རྒྱ་གར་བྱང་ཤར་ཨ་རུ་ཎ་ཅལ་ཁུལ་གནས་སྡོད་བཙན་བྱོལ་བོད་མི་༡༠༠༠་ཐམ་པ་ཁེ་ཎ་ཌར་འབྱུང་གྱུར་ལོ་ལྔའི་ནང་ལེན་རྒྱུ་ཞེས་གསལ་བར།་་་རང་རིགས་བཙན་འབྱོལ་ནང་བསམ་ཚུལ་འདྲ་མིན་ཡོང་བཞིན་འདུག་་་་ཐུགས་ཁ་མེད།
    ་་་་་གུས་པའི་བསམ་པར་ཁེ་ཎ་ཌའི་གཞུང་གི་དེ་དོན་ཐུགས་ཐག་མ་ཆོད་གོང་༧སྤྱི་ནོར་༧གོང་ས་སྐྱབས་མགོན་མཆོག་ལ་དགོངས་སྐོར་སོགས་ཞུས་ཡོད་ཤག་ཡིན།
    ་་་་་་༧གོང་ས་མཆོག་གི་ཐུགས་དགོངས་སུ་ཨ་རུ་ཎ་ཅལ་ཁུལ་གནས་སྡོད་བཙན་འབྱོལ་བོད་མི་རྣམས་ཀྱི་གནས་སྟངས་ཛ་དྲག་གཟིགས་ཡོད་ཚེ་དོན་སྨིན་ཡོང་རྒྱུར་སྨོན་འདུན་ཞུ་དགོས་པ་ལས།་་་་་ཕྱི་རྒྱལ་འགྲོ་རྒྱུའི་འདོད་ཧམ་ཀྱིས་རང་རིགས་ནང་ཁུལ་ཅ་ཅོག་སྒྲོགས་རེ་རྩེད་ནས་ཅི་ཕན།
    ་་་་་་་དེ་བས་(རང་ལས་གཞན་གལ་ཆེ་)ལྟ་སྤྱོད་བསྒོམས་དགོས།

    Reply
  4. བདེན་ཚིག་སྨྲ་བ། says:
    ལོ་ 15 སྔོན།

    ཁ་སང་ངས་གླེང་སློང་འདིར་རང་གི་བསམ་འཆར་ཞིག་བྲི་གཏོང་ཞུས་ཀྱང་འདོན་སྤེལ་མིན་འདུག་པ།་་་་་་་སྐྱར་དུ་ཐུང་ཙམ་བྲིས་སྐྱོར་ཞུ་ན་དྲན་བྱུང།
    ཅི་སྟེ།་་་་

    Reply
  5. སྐར་མདའ། says:
    ལོ་ 15 སྔོན།

    ས་ཕྱོགས་གང་སར་གནས་པའི༎བོད་རིགས་ཉམ་ཐག་གང་མཆིས༎
    ཁེ་ན་ཊེ་ལ་གཏང་བ༎ ཧ་ཅང་ཡག་པོ་རེད་འདུག།
    འོན་ཀྱང་བོད་ཀྱི་ལས་བྱེད༎ དྲངས་བདེན་ལས་ཀ་བྱས་ན༎
    འགྱོད་པ་སྤུ་ཙམ་མི་འདུག། ཕྱོགས་རེས་ལས་ལ་འཇུག་ན༎
    ཉམ་ཐག་ལྷ་ཡུལ་བསྐྱལ་ཡང་༎ དགའ་མགུ་སྐྱེས་རྒྱུ་མི་འདུག།
    བོད་གཞུང་ལས་བྱེད་ཁ་ཤས༎ གཞུང་དོན་ཁ་ལ་འཁྱེར་ནས༎
    རང་དོན་ལྐོགས་ནས་སྒྲུབ་པ༎ མིག་མཐོང་ལག་ཟིན་ཡིན་ནོ༎
    དོན་ཆེན་མདུན་དུ་སླེབས་དུས༎ གཡོ་སྒྱུའི་སྡེར་མོ་བསྟན་འོང་༎
    དཀའ་ངལ་དོང་ལ་ལྷུང་དུས༎ ཡིད་བཞིན་ནོར་བུ་དྲན་ནོ༎
    ཕྱོགས་རེས་འཐེན་འཁྱེར་རྩ་བ༎ གཞུང་གི་ལས་བྱེད་སྟེང་ནས༎
    མི་དམངས་མང་ཚོགས་ནང་ལ༎ ཡུན་གྱི་མེ་བཞིན་སྤར་སོང་༎
    དེ་དག་ཡིད་ལ་དྲན་ན། སྐྱབས་བཅོལ་ས་ཆ་འདི་ནས༎
    འདུག་པའི་རེ་བ་བྲལ་ལོ༎ སྐྱབས་མགོན་ཡིད་བཞིན་ནོར་བུ༎
    དྲན་ན་འདུག་འདོད་སྐྱེས་འོང་། མི་ངན་ཕྲམ་པ་བསམ་ན༎
    གངས་ཅན་ཡུལ་ལ་ལོག་སྟེ༎ རང་བདེ་ལས་ལ་འབད་འདོད༎

    Reply
  6. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    བཙན་བྱོལ་རང་གཞུང་ལ་འདེམས་ཕྱོགས་རང་དབང་ཡོད་ན་རྒྱ་བལ་འབྲུག་གསུམ་ནང་སྐྱོ་བོ་ཡོད་ཚད་ཐོག་མར་བདམས་དགོས་རེད། དེ་མིན་ན་བཙན་བྱོལ་སྒྲིག་འཛུགས་ཀྱང་རྒྱ་གཞུང་དང་མཚུངས་འདྲ་བ་དྲང་པོ་མ་ཆགས་པ་རེད།

    Reply
  7. ཤག་སྒང་པ། says:
    ལོ་ 15 སྔོན།

    གཞུང་འབྲེལ་མིན་ཚོད་རེད། གཞུང་འབྲེལ་ཡིན་ན། ཅིས་ཀྱང་ཐེངས་འདིར་བོད་མི་ཉམས་ཐག་ལ་དྭགས་བྱང་ཐང་དུ་གནས་པ་ད་དུང་ཡང་གདོད་མའི་མིའི་སྤྱི་ཚོགས་བཞིན་ཡར་རྒྱས་མ་འགྲོ་བའི་བོད་མི་དག་ལ་གོ་སྐབས་ཤིག་ངེས་པར་སྤྲོད་ངེས་ཡིན་པས། དེ་ལྟར་རང་ཡིན་པ་འདྲ། ཨ་རུ་ན་ཅན་དང་ལ་དྭགས་གཉིས་བསྡུར་ན་ལ་དྭགས་ཧ་ཅང་ཞན་ཅིང་རྗེས་ལུས་ཀྱི་རྗེས་ལུས་ཡིན་པའི་ཕྱིར། གང་ལྟར་མི་མང་གི་འཚོ་གནས་སྐྱོ་ས་ནས་བླངས་ཐུབ་ན། བཙན་བྱོལ་བོད་མི་སྤྱིའི་གནས་སྟངས་ལ་ཕན་ངེས་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese