དེ་རིང་ཕྱི་ཚེས་ ༢༨ ཉིན་༼ ན་གཞོན་མཐུན་ཚོགས ༽ཞུ་བའི་གོ་སྒྲིག་འོག ངྷ་ས་མེག་གྷན་དུ་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་ལ་རྒྱབ་སྐྱོར་གྱི་བརྙན་པར་ཁག་ཅིག་སྟོན་མགོ་བཙུགས་ཡོད་པ་པ་རེད།
ཚོགས་པ་དེས་སྤྱི་ཚོགས་ནང་གི་མི་སྣ་ ༡༦ ཙམ་ལ་མ་འོངས་པའི་བཀའ་ཁྲིའི་འོས་འདེམས་སྐོར་ལ་བསམ་ཚུལ་བསྡུ་རུབ་བྱས་ཡོད་ཅིང་། དེ་དག་ལས་བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་མཆོག་གིས་བརྗོད་ན། ད་ལྟའི་དུས་འདི་ནི་ཆོལ་ཁ་དང་ཆོས་ལུགས། ལུང་ཚན་རྩོད་པའི་དུས་མིན་པར་ལུགས་མཐུན་དང་དྲང་བདེན་ཐོག་ནས་འོས་ལྡུག་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག
ན་གཞོན་མཐུན་ཚོགས་ཟེར་བ་དེ་ནི། སྐབས་བཅུ་བཞི་བའི་བཀའ་བློན་ཁྲི་པའི་འོས་མི་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་ལ་རྒྱབ་སྐྱོར་བྱེད་མཁན་གྱི་དང་བླང་པའི་ཚོགས་པ་ཞིག་ཡིན་འདུག་ལ། ཚོགས་པ་དེའི་ཁོངས་སུ་རྒྱ་གར་དང་། བལ་ཡུལ། ཨ་རི། ཁེ་ན་ཌ། ཡོ་རོབ་སོགས་ཀྱི་སློབ་མ་དང་ལས་བྱེད། ཆེད་ལས་པ་སོགས་ཡོད་སྐོར་བསྒྲགས་འདུག
གསར་འགོད་པ། དཔལ་ལྡན།
རང་གིས་བསམ་བློ་བཏང་ནས་སྐད་ཆར་འགན་འཁུར་དགོས་པ་རེད། འོས་སུ་ལ་ལྡུག་མིན་ནི་རང་འདོད་རེད། གཞུང་དངུལ་ལྐོག་ཟ་བྱེད་པར་ཁྱེད་ཚོས་བཤད་པ་བཞིན་ལས་སླ་པོ་དེ་འདྲ་མ་རེད། བཀའ་བློན་ནི་འཛིན་སྐྱོང་གི་འགན་འཁུར་བྱ་རྒྱུ་དང་། དངུལ་དང་འབྲེལ་བའི་ལས་ཀ་བྱ་མཁན་དངུལ་གཉེར་ཡོད་པ་རེད། ངོ་རྩ་མི་ཚང་བ་ཁྱུ་གཅིག་འདུག་
ཨ་རོགས་ཁྱེད་ཚོས་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་གྱིས་ལྐོག་ཟ་བྱས་པའི་དོགས་པ་ད་དུང་ཡོད་ན་ བོད་མིའི་རང་དབང། བོད་རྒྱལ་ལོ་ ༢༡༢༢ ཤིང་ཕག་ཟླ་བ་ ༣ ཚེས་ ༢ རེས་གཟའ་ཟླ་བ། ཕྱི་ལོ་ ༡༩༩༥ སྤྱི་ཟླ་ ༥ ཚེ་ ༡ ཉིན་གསར་ཤོག་འདི་ཀློགས་དང་དེའི་རྩིས་ཁྲ་གཙང་བྱུང་ཞེས་གསལ་པོ་བྲིས་འདུག
ངས་ཀྱང་དཔུང་ཁག་བསྒྲིགས་མཁན་ཞིག་བཀའ་ཁྲིར་ཏན་ནས་འདེམས་་ཐུབ་ས་མ་རེད།
ཁ་བྱང་འདི་མ་རྗེད་རོགས།
http://www.khabdha.org/?p=13559
བསྟན་འཛིན་རྩོན་འགྲུས་དང་བསོད་ནམས་སྟབས་རྒྱས་སོགས་ཀྱིས་བོད་དོན་ཁ་ལ་འཁྱེར་ནས་། ལམ་ཕྱོགས་དང་དམིགས་ཡུལ་ག་རེ་ཡིན་མིན་ཤེས་དཀའ་ན་ཡང་།
བསྟན་འཛིན་བརྩོན་འགྲུས་སྟར་བུས་སྔོན་འགྲོའི་འོས་མ་བླུག་གོང་བློ་སེང་ལ་རྒྱབ་སྐྱོར་ཡོད་ཁུལ་དང་།
ད་ལྟར་བཀྲས་མཐོང་ལ་ཡོད་ཁུལ་བྱས་པ་ལ་ལྟས་ན་ཁོང་ཆབ་སྲིད་པ་མགོ་གཉིས་མ་ཞིག་ལས་གཞན་མ་མཐོང་ལགས་།
ཧཧཧོ་། jigme་ལགས་ཁྱེད་རང་ཐུགས་ལ་ཕོག་ན་བྱས་ཐབས་བྲལ་།
གུས་པས་གཞུང་དངུལ་ལྐོག་ཟ་བྱ་མཁན་གྱི་མི་ངན་འདི་ཚོའི་རིགས་ལ་ནམ་ཡང་རྒྱབ་བསྐྱོར་མི་བྱེད་།
མི་ངན་འདི་དང་ཁྱེད་ཚོའི་མཁས་དབང་ཟམ་གདོང་རིན་པོ་ཆེའི་ལོ་མང་བསག་པའི་གཞུང་དངུལ་དེ་། ཟ་འདྲེ་ཚོགས་པའི་ཟ་དགོས་བསམ་པ་རྨི་ལམ་ཚུལ་ཆད་ཡང་ཡོད་ཚོད་འདུག་ཧཧཧཧཧཧཧཧ། ཟ་འདྲེ་ཚོགས་པ་ལགས་།
བསྟན་འཛིན་འཕགས་པ་ལགས་ ཁྱེད་རང་རིགས་གནས་གསར་རྗེའི་ནང་ཚར་ལོངས་བྱུང་བ་ཞིག་ཡིན་པ་འདྲ་
གྲལ་རིམ་འཐབ་རྩོད་ནམ་ཡང་རྗེས་མི་རུང་ ཁྱེདརང་་མོའོ་ཀྲུ་ཞིའི་སློབ་ཕྲུག་ཡག་པོ་ཞིག་རེད་
ཕྱོགས་རིས་གདོན་གྱིས་བསླུས་པའི་ཨ་རོགས་ཚོ།
དངོས་གནས་སེམས་པ་ཐང་ཐང་དང་སྤྱི་མི་ཞིག་ཡིན་ན།
བོད་མིའི་རང་དབང། བོད་རྒྱལ་ལོ་ ༢༡༢༢ ཤིང་ཕག་ཟླ་བ་ ༣ ཚེས་ ༢ རེས་གཟའ་ཟླ་བ།
ཕྱི་ལོ་ ༡༩༩༥ སྤྱི་ཟླ་ ༥ ཚེ་ ༡ དེར་ཐེངས་ཤིག་ལྟོས་དང་ཁྱེད་ཚོའི་ལོག་རྟོག་་དག་ཕྱི་མའི་ལམ་དུ་འགྲོ་རྒྱུར་ངེས།
དྲ་གྲོགས་ནད་པ་ལགས། ངས་བཀྲས་མཐོང་ཁོང་དང་ཁོང་ཚང་གི་ལོ་རྒྱུས་ཞིབ་ཕྲ་ཤིས་ཀྱི་ཡོད་ཟེར་ན་བདེན་པ་མ་རེད་དེ་ཁོང་ཚང་གི་ཡོངས་གྲགས་ཀྱི་ལོ་རྒྱུས་ལ་རྒྱུས་ལོན་མི་དམན་ཙམ་ཡོད་པས་དེ་རིང་འདིར་བཤད་དོན་ཡང་ཁོང་གི་དེ་སྔོན་གནང་མྱོང་བའི་གཞུང་གི་ལས་དོན་ནང་དྲངས་བདེན་དང་ལྷག་བསམ་དག་པའི་ལས་དོན་ཡོད་ནའང་ཡོངས་གྲགས་ཐོག་གཞུང་དངུལ་ལྐོག་ཟ་གནང་བའི་གནས་ཚུལ་དེར་ཁ་གསལ་མིན་ཚུལ་གླེང་མཁན་མེད་པ་ཀུན་ཀྱི་མཁྱིན་གསལ་རེད་། ཡིན་ཡང་ཁོང་ལ་ནག་ཉེས་དེ་བདེན་པ་ཡིན་མིན་ལ་བསྟོས་པར་རྒྱབ་སྐྱོར་གནང་མཁན་མི་ཉུང་བ་ཅིག་ཁམས་དང་དབུས་ནས་ཡོང་གི་ཡོད་པ་དེ་ཡང་བཀའ་དྲན་ལ་བསམ་པ་དང་ཕུག་བསམ་ལ་རེ་བ་གང་ཞིག་ཡིན་རུང་སྔོན་འགྲའི་འོས་བསྡུ་སྐབས་ནས་དམིགས་བསལ་ཁོང་ལ་རྒྱབ་སྐྱོར་གནང་མཁན་ཚོས་མདུན་འཆོང་གནང་རང་གི་གདོང་རེས་ངོ་མ་སྟོན་ཡོད་ན་ཡང་གྲུབ་འབྲས་དེ་ཙམ་མ་ཐོན་པ་དེ་མང་ཚོགསཀྱི་ཤིས་རྒྱ་དང་འཇུག་སྡོམ་རྒྱབ་པ་ཅིག་རེད་དྲན་གྱི་འདུ་ག།
ན་གཞོན་མཐུན་ཚོགས་ཟེར་བ་དེ་ཚོས་རྒྱུ་མཚན་ཅི་ཞིག་ལ་བརྟེན་ནས་བཀྲས་མཐོང་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད་པ་ཡིན་ནམ།བཀྲས་མཐོང་ལ་ཡོད་པའི་འཇོན་ཐང་དང་ཉམ་མྱོང་ནི།་དེ་སྔོན་གཞུང་དངུལ་ལྐོག་ཟ་བྱས་པའི་ཉམ་མྱོང་དང་འཇོན་ཐང་ཡོད་པ་ནི་དངོས་གནས་རེད།ད་དུང་བོད་མི་རིགས་ལ་ཅང་བའི་ལྷག་བསམ་ཞིག་ཡོད་པ་ནི།ནང་མི་བུ་ཕྲུག་ཆེད་དུ་བཀའ་ཁྲིའི་དུས་ཡུན་མ་རྫོགས་གོང་ནས་རྩ་དགོངས་ཞུས་པ་ཡིན་ཟེར་བ་དེ་དག་ནི་དངོས་ཡོད་ཀྱི་གནས་ཚུལ་རེད།གལ་སྲིད་བཀྲས་མཐོང་ལ་བོད་མི་རིགས་ཐོག་ལ་ལྷག་བསམ་ཏོག་ཙམ་ཞིག་ཡོད་མཁན་གྱི་བཀའ་ཁྲི་ཟུར་པ་ཞིག་ཡིན་པ་ཡིན་ན།སྐབས་དེའི་ཚེ་དེའི་དུས་ན་གཞུང་དངུལ་ལྐོག་ཟ་བྱས་པའི་གནད་དོན་དག་སེལ་གཙང་མ་བྱ་ངེས་རེད་ཏེ།ཁོང་གི་དག་སེལ་གཙང་མ་ཞིག་མ་བྱས་པའི་རྒྱུ་མཚན་ཅི་ཞིག་ཡིན་མིན་ཐོག་ལ་ཞིབ་འཇུག་ཡག་པོ་ཞིག་གནང་པ་ཡིན་ན།ཚང་མས་ཧ་གོ་དོན་གསལ་རེད།
བཀའ་ཟུར་བཀྲས་མཐོང་མཆོག་ལ་བཀའ་ཁྲིའི་འོས་འཐོབ་རྒྱུ་གཏན་འཁེལ་རེད
བཀྲིས་བདེ་ལེགས་ཞུ།
བཀའ་ཟུར་བཀྲས་ཐང་རྣམ་རྒྱལ་ཞེས། ཉམས་མྱོང་ཕུལ་ཕྱིན་ཡོད་རབས་འདུག ས་ཡ་དྲུག་གི་ལྟེ་གཞུང་ནས། ལྐོག་ཟོས་ཉམས་མྱོང་ཕྱིན་པ་དེ། སླར་ཡང་བོད་ཀྱི་ལྟེ་གཞུང་ནང་། སྒོར་མོ་ས་གཞི་འཁྱིལ་བ་འདྲ། མིག་རིལ་གྱེན་དུ་འདྲེནབཞིན་ངང་། བཀྲས་ཐང་ཕེབས་གསོལ་སྟ་གོན་ཡོད། བསྐྱར་དུ་ཉམས་མྱོང་ལྐོག་ཟོས་ནད། དཔའ་བོ་ནད་རྙིང་གྱེན་དུ་ལངས། མི་རྒན་འཆི་མཐའ་མ་བསུ་བར། ས་དྲུག་སྒོར་མོར་ལམ་དུ་སྤྱོད།
དྲ་གྲོགས་མང་དག་ཞིག་གིས་བགྲོ་གླེང་ལྷུག་པོ་ཡོངས་བའི་རེ་བ་ཆེ་།
གངས་ཕྲུག་བསྟན་འཛིན་འཕགས་པ་ནས་
ཕུལ་།།
ཁྱེད་ཤི་ང་སྲོན་ཟེར་བའི་གཏམ་རྙོག་ཤིག་མི་དགོས་།
མ་འོང་བཀའ་ཁྲི་དེ་གཞིས་བྱེས་གཉིས་ཀའི་རེ་སྨོན་བྱས་ས་ཤིག་དགོས་པ་ལས་མ་ཏོག་།
ཕྱོགས་རིས་ཀྱིས་སྨྱོན་པའི་ཀླད་སྟོང་སྐུ་དྲག་དང་འབྱོར་ལྡན་དཔོན་ངན་ཚོའི་བསམ་པ་བཞིན་མི་དགོས་།
ལྷག་པར་དུ་གོང་༸ས་མཆོག་གིས་ཐུགས་རེ་གནང་བའི་ཤེས་འཇོན་གཉིས་ལྡན་གྱི་གཞོན་སྐྱེས་ཤིག་ངེས་པར་དུ་དགོས་གལ་ཆེ་བ་མཐོང་ངོ་།
སྤོ་སྤོ་བཀྲས་མཐོང་ཁྱེད་ཀྱིས་དགོངས་པ་ཞུ་ན་བཟང་ངོ་།
དྲ་གྲོགས་བཤད་སྒྲུབ་ལགས་ཀྱིས་བཀའ་ཟུར་བཀྲས་མཐོང་ལགས་ཀྱི་ལོ་རྒྱུས་དང་དང་། ཁོང་གི་ཁྱིམ་བརྒྱུད་ཆེན་པོ་ཇི་ལྟར་ཡིན་མིན། ཁྱིམ་བརྒྱུད་དེའི་བྱས་རྗེས་དང་ལས་འཛོལ་ཇི་ལྟར་བྱུང་མིན་ཞིབ་ཕྲ་ཤེས་ཀྱི་ཨེ་ཡོད་དམ།
སྐུ་ངོ་བཀྲས་མཐོང་ལགས་སྔར་གནངས་ཟིན་པའི་ཕྱག་ལས་དག་ལས་བོད་མི་ལ་
མཛད་རྗེས་ཆེ་མོད།་ ད་རེས་སྐུ་ངོ་ལགས་སྐུ་ངལ་གསོས་ན་ཡག་སྙམ
དངོས་འབྲེལ་བཀྲས་མཐོང་ལ་རྒྱབ་སྐྱོར་རྣམས་པ་སྟོན་དགོས་ན་དེ་སྔོན་ཁོང་གི་གཞུང་དངུལ་ལྐོག་ཟ་བྱས་པའི་ནག་ཉེས་གཙང་སེལ་བྱེད་དགོས་པ་ལས་ཁོང་བཀའ་ཁྲི་ཟུར་པ་དང་བོད་གཞུང་ནང་ཕྱག་ལས་དུས་ཡོན་རིང་པོ་གནང་ཡོད་རེད་ཅེས་བཤད་ན་འགྲིག་མི་འདུག། ད་ལྟའི་ཆར་བོད་གཞུང་འདི་ཆེས་དཀའ་ངལ་འོག་གནས་ཡོད་པ་དང་ཟླ་ཤས་རྗེས་༧གོང་ས་མཆོག་བགྲེས་ཡོལ་དུ་ཕེབས་རྒྱུ་བཀའ་གནང་བ་སོགས་ལ་བལྟས་ན་དེ་བས་བཀའ་ཁྲི་དེ་ལབ་གླེང་དང་ཕྱོགས་གཏོགས་དབྱེར་འབྱེད་མེད་པའི་མི་བུ་གཅིག་ལས་བརྩོད་བརྙོག་ལོ་རྒྱུས་ཡོད་པ་ཅིག་བྱུང་ན་ཆོས་སྲིད་དང་དགོས་དབང་གི་ཆ་ནས་བོད་མི་རིགས་དང་གཞུང་ལ་ཕན་ཐོག་མེད་པ་མ་ཚད་ཁོ་རང་སྒེར་དང་སྒེར་གི་ཚོགས་པ་སུ་ལ་ཡང་ཕན་འབྲས་མེད་པ་གསལ་པོ་རེད་། དེ་ཡང་བོད་གཞུང་འདི་འདས་ཟིན་པའི་ལོ་རྒྱུས་ཀྱི་བརྙོག་གླེང་ཡོད་པའི་སྐུ་དྲག་དང་ཁྱིམ་རྒྱུད་ཆེན་པོ་ཅིག་གི་མིང་ཐོག་ནས་བཟུང་ན་ཆེས་འཇིག་སྣང་ཆེ་བའི་ལོ་རྒྱུས་གཅིག་རྗེས་ལ་བཞག་ངེས་པ་ནི་སྨོས་མ་དགོས་པ་རེད་། རྩ་བས་ང་རང་སྒེར་ངོས་ནས་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམས་རྒྱལ་ལ་ནམ་ཡང་སྐྱོན་བརྗོད་གནང་མྱོང་མེད་། ཡིན་ཡང་སྲུབ་ཐབས་བྲེལ་བའི་མང་ཚོགས་ནང་ས་ཁྱབ་རྡོ་ཁྱབ་དུ་ཡོད་པའི་ཁོང་གི་ལོ་རྒྱུས་ལ་བལྟས་ནས་ཐེངས་རྗེས་མ་བོད་གཞུང་གི་བཀའ་ཁྲི་དེ་ཁོང་མི་འོས་ཚུལ་གསལ་པོ་བཤད་གི་ཡོད་། དེས་ན་ཐེངས་རྗེས་མིའི་བཀའ་ཁྲི་ལ་རྒྱལ་སྤྱིའི་འདོད་པའི་མཁས་དབང་བློ་བཟང་སེང་གེ་དང་བོད་མི་མང་ཚོགས་གི་བརྩི་མཐོང་ཆེ་བའི་བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་རྣམས་གཉིས་ལ་ཁྱད་མེད་དུ་ཐེངས་རྗེ་མའི་བཀའ་ཁྲི་རེ་བ་གནང་ན་བཟང་བ་མཐོང་
འདོད་པ་མེད་་་་་་
ཤ་རུས་གཅིག་གི་སྤུན་ཟླ་རྣམས་ཀྱི་སྙན་ལམ་ད་ལྟ་ང་ཚོ་ཆོལ་ཁ་དང་ཆོས་ལུགས་རྩོད་པའི་དུས་མ་ཡིན་ལ་མིང་ཆེན་དང་མཚན་སྙན་རྩོད་པའི་དེ་བས་མ་ཡིན་གུས་པས་བསམ་ཚོར་དང་ལྟ་ཕྱོགས་ལ་བཀྲས་མཐོང་ལགས་ལ་སྔོན་གྱི་ཉམས་མྱོང་དང་མི་རིགས་ལ་ཤ་བཞན་ཡོད་པ་དེ་དངོས་གནས་རེད་ཡིན་ན་ཡང་ད་ལྟ་ང་ཚོ་ལ་སྔོན་གྱི་ཉམས་མྱོང་དང་མི་རིགས་ལ་བཅང་པའི་བརྩེ་དུང་གཅིག་པུས་ཀྱི་ཡོང་མི་ཐོབ་ལ་ཕྱོགས་གཞན་ཞིག་ནས་བཤད་ན་ཁོང་གི་རིག་པའི་་རྩལ་གང་ཡོད་སྔོན་དུ་འདས་ཟིན་པ་ཡིན་ད་ལྟ་ཡང་གསར་སླེབ་ཡག་གང་ནས་ཡོད་ང་ཚོས་རྣམ་རིག་གི་རྩལ་བརྐྱངས་ནས་དུས་ཚམས་ཀྱི་བཀའ་ཁྲི་གཟིགས་རོགས་་་་་་་་་་་
སྤྱིར་ཀྲས་མཐོང་ནི་མི་ཡག་པོ་དང་མི་ཚེི་ཕལ་ཆེ་བ་བོད་མི་རིགས་ཆེད་དུ་བཏང་ཡོད་ལ་། ལས་བྱིད་རིམ་པ་མང་པོ་ཞིག་གནང་ཚར་བ་དང་། ནུས་ཤུགས་གང་ཡོད་ཕུལ་ཟིན་པས། ང་ཚོས་ཁོང་ལ་རྗེས་སུ་ཡི་རང་ཡོད། འང་ཀྱང་ང་ཚོས་ཁོང་གི་འདས་ཚར་བའི་བྱེད་སྟངས་ལ་བལྟས་དུས་། ཁོང་སླར་ཡང་བཀའ་ཁྲི་ལ་ཕེབས་ན་བཟང་བའི་གནས་སྟངས་སྣེ་གཅིག་མ་མཐོང། མ་ཚད་ཁོང་གི་རྒྱབ་སྐྱོར་བ་ཚོས་བཤད་རྒྱུ་གཙོ་བོ་ནི་ཁོང་ལ་ཉམས་མྱོང་ཡོད་པས་སྐོར་རེད།། ང་ཚོ་ལ་དགོས་པ་ནི་གསར་སྟོད་ཀྱི་ཐབས་ལམ་དང་མདུན་སྤྱོད་ཀྱི་སྙིང་སྟོབས་ཡིན་པ་ལས་། སྔར་བྱས་ཟིན་པའི་ནང་ལ་ཡང་སྐྱར་འགྲོ་འདོད་གཏན་ནས་མེད་། འདི་ནི་རྒྱ་མིས་བཙན་བྱོལ་ཞུང་ལ་སྐུ་དྲག་རིང་ལུགས་སྐྱར་གསོ་བྱེད་ཀྱི་འདུག་ཅེས་བཤད་པ་དང་མཚུངས་པ་མ་ཚད་། ༧གོང་ས་མཆོག་གིས་གཞོན་སྐྱེས་ཤེས་ཡོན་ཅན་ཞིག་དགོས་སྐོར་གསུངས་པ་དང་འགྲིག་གི་མི་འདུག།
མཐའ་དོན་ནི།། རྒན་པ་གང་མང་ཡོད་པའི་དུས་འདི་ལ་། ང་ཚོ་མི་རབས་གསར་པས་འགོ་བྱས་ནས་བོད་མི་རིགས་འདིའི་ཆེད་དུ་ལས་འགུར་ཞིག་སྤེར་འདོད་ཡོད་ལ་གོམ་པ་ཞིག་སྤོ་འདོད་ཡོས་པས་། ང་ཚོའི་ནང་ལོག་ནས་དེའི་ཐོག་ལ་བར་ཆད་མི་གཏོང་རོགས་།།
བསྟན་འཛིན་བརྩོན་འགྲུས་ཀྱི་ཚོགས་པ་འདིར་ལམ་ཕྱོགས་དང་དམིགས་ཡུལ་ག་རེ་ཡིན་མིན་ཤེས་མ་སོང་། ལྷག་ཏུ་ཁ་སང་སྔོན་འགྲོའི་འོས་མ་བླུགས་གོང་བློ་སེང་ལ་རྒྱབ་སྐྱོར་གནང་བ་རེད། དངོས་གཞིའི་སྐབས་སུ་བཀྲས་མཐོང་ལ་རྒྱབ་སྐྱོར་གནང་བར་དེ་དྭོག་གནད་ཀྱི་རང་བཞིན་ཞིག་རེད།
ད་ལོངས་ཤོག ད་ལོངས་ཤོག བསམ་བློ་གཏོང་བཞིན་ཡོད།
མང་གཙོའི་འཕེལ་ཁ་རྒྱས་བཞིན་འདུག ཧ་ཅང་དགའ། བོད་མིའི་དཀའ་ཁག་གི་དུས་གནད་འདིར། ཚང་མས་ཡིད་གཟབ་གནང་གལ་མཐོང་། འདི་ནི་ང་ཚོ་སྒེར་གྱི་སྙིང་ཞེན་གྱི་ན་ཟུག་དང་ཟུག་གཟེར་མིན་པས། བོད་མི་སྤྱིའི་རྒྱལ་རབས་ཀྱི་སྐྱོག་མཚམས་གལ་གནད་ཀྱི་གནད་ཅིག་ཡིན་པས། ཡིད་གཟབ། ཡིད་གཟབ། ཡིད་གཟབ། གནང་གལ།