འདས་པའི་ལོ་མང་རིང་ཨ་རིའི་ནེའུ་ཡོག་དང་ཝ་ཤིན་ཊོོན། ཡུ་རོབ་ཀྱི་ས་གནས་ཁག་ཅིག་བཅས་སུ་བོད་སྐད་བོད་ཡིག་དང་། ཡུལ་སྲོལ་གོམས་གཤིས་སོགས་སློབ་སྦྱོང་བྱེད་སའི་འཛིན་གྲྭ་གསར་འཛུགས་གནང་ཡོད་པ་ལྟར། ཉེ་ཆར་བྱང་ཨ་རིའི་ཝར་མོན་ཌེལ་ Vermont ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་དང་ས་གནས་གཞོན་ནུ་གཉིས་མཉམ་འབྲེལ་ཐོག་དེ་གའི་བོད་རིགས་གཞོན་སྐྱེས་ཚོར་གཟའ་ཉི་མའི་འཛིན་གྲྭ་ཞིག་འཛུགས་གཏན་འཁེལ་ཡོད་འདུག
འཛིན་གྲྭ་དེ་ཟླ་འདིའི་ཕྱི་ཚེས་ ༩ ཉིན་དངོས་སུ་མགོ་འཛུགས་བྱ་རྒྱུ་ཡིན་འདུག་ལ། ད་སྔ་སློབ་ཕྲུག་ ༡༣ དང་། དང་བླངས་དགེ་རྒན་ ༢ བཅས་ཡོད་འདུག འཛིན་གྲྭ་དེས་འཛིན་སྐྱོང་གི་ཕྱོགས་ནས་ས་གནས་རྒྱུན་ལས་གཅིག་པུ་མ་ཡིན་པར་ཕ་མའི་འཐུས་ཚབ་ ༢ རེ་བཞག་ཡོད་ཅིང་། ཨ་རིའི་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས་ཀྱིས་ལས་དོན་དེར་བསྔགས་བརྗོད་དང་འབྲེལ་མ་འོངས་པར་མཐུན་རྐྱེན་དང་རོགས་སྐྱོར་གནང་འཆར་ཡོད་སྐོར་ཡང་བརྗོད་འདུག
གསར་འགོད་པ་དོན་གོས་བསྡུ་སྒྲིག་བྱས།
སོ་སོའི་མི་རིགས་ཀྱི་འགན་སོ་སོ་རང་གིས་འཁྱེར་བར་དམིགས་བསལ་ཐུགས་རྗེ་ཆེ་ཞུ་དགོས་མེད་ཀྱང་། དུས་བསྟུན་རྣམ་འགྱུར་བཟང་པོར་རྗེས་སུ་ཡིད་རངས་ཞུ།
མགོ་འཛུགས་པ་བཟང་མོད། མཇུག་འཁྱོང་བ་གལ་ཆེ།
དྭངས་བླང་ཡིན་པ་ཡག་མོད། སྤུས་ཚད་ལེགས་པ་གལ་ཆེ།
འོན་ཀྱང་རྒན་ལགས་ཚོས་ཕྲུ་གུར་དགོས་མེད་ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་འཁྱེར་མ་བསླབ་རོགས་གནང་། བོད་པ། བོད་རིགས། བོད་མི།
མི་རིགས་ཀྱི་ལ་རྒྱ་དགོས་ཀྱང་། ཆོལ་ཁའི་འཐེན་འཁྱེར་མི་དགོས།
དགེ་རྒན་རྣམ་པ་ཚོ་བོད་ཡིག་ཡག་པོ་ཤེེས་ཀྱིན་ཡོད་དམ།
བདུན་ཕྲག་ཁ་ཤས་སྡོན་ལ་ཨི་སི་ཀྲི་ལེ་ཡའི་གྲོང་ཁྱེར་མལ་སྦོན་དུ་བོད་ཡིག་
འཛིན་གྲྭ་གསར་འཛུགས་སྐོར་གྱི་གནས་ཚུལ་ཞིག་བོད་ཀྱི་དུས་བབ་དྲ་རྒྱའི་
ཁ་བྱང་ཐོག་བསྐུར་པ་ཡིན་ཡང་གནས་ཚུལ་དེ་མ་འབྱོར་བ་ཡིན་ནམ་ཡང་ན་མ་བཀོད་པ་ཡིན་གང་ལྟར་གནས་ཚུལ་དེ་དུས་བབ་ཚགས་སྟེང་ཐོན་མ་སོང་།
གལ་ཏེ་མ་འབྱོར་བ་ཡིན་ན་གནས་ཚུལ་ཐ་དད་རེད་འབྱོར་ནས་བཀོད་ཡིན་ན་ཉེ་རིང་དབང་དུ་སོང་པ་ཡིན་ན་བོད་ཀྱི་དུས་བབ་ཚགས་ཤོག་ནི་བོད་ཀྱི་དུས་བབ་ཡིན་མི་སྲིད་ལ་མི་སྒེར་རེ་ཟུང་གི་ཚགས་ཤོག་ཅིག་ཡིན་ངེས།
སྤྱིར་བཤད་ན་ཡག་པོ་རེད།
འོན་ཀྱང་རང་གི་ཕ་སྐད་དེ་གཙིག་སུ་བཟོང་མི་འདུག
བྱ་བཞགས་སོགས་གཙོ་ཆེར་རྣམས་བསྒྲུབས་ཟིན་ནས་དེའི་ཟ་དང་ཟུར་གྱི་ཙག་ཙིག་དེ་དག་གཟའ་ཉི་མའི་ཉིན་གོང་སེང་དང་བརྟུན་བསྒྲུབ་རྒྱུ་མ་རེད་དམ་་་་་་་་བོད་ཡིག་
ཛིན་གྲྭ་ཡང་དེ་དང་བརྟུན་འདུག
ཁྱེད་ཅག་གིས་ཉིན་དེ་དང་མ་བརྟུན་ན་་སློབ་གྲྭ་འགྲོ་དགོས་པ་སོགས་ཆུ་ཚོད་སོགས་མེད་ཟེར་རྒྱུ་རེད
དེའི་ལན་དུ་་་་་གཙོ་ཆེར་མ་བཟུང་བའི་སྐྱེན་རེད་ཟེར་རྒྱུ་ཡིན།
དངོས་གནས་ཡག་པོ་འདུག ད་ཡིན་ན་རེ་བ་ཡོད་ས་རེད་དྲན་གྱི་འདུག