མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྩོམ་པ་པོ་ཞིག་ལ་མནར་གཅོད།

བོད་ཀྱི་དུས་བབ།
༢༠༡༡/༠༡/༡༠
Share on FacebookShare on TwitterShare on EmailShare on Whatsapp

 

གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། མགོ་ལོག་གི་རྩོམ་པ་པོ་འཇིགས་བྱེད་ཚེ་རིང་ལགས་རྒྱ་གཞུང་གིས་འཛིན་བཟུང་གིས་ཉིན་ ༡༡ རིང་གཅར་རྡུང་འདྲི་རྩད་བྱས་མཐར་དངུལ་གཏའ་མར་བཞག་པའི་འོག་ནས་ཀློད་གྲོལ་ཙམ་བཏང་ཡོད་ཀྱང་། ཁོང་གི་སྔར་གྱི་ལས་གནས་ལས་ཕྱིར་ཕུད་བཏང་ཡོད་འདུག  

འཇིགས་བྱེད་ཚེ་རིང་ལགས་ཟླ་སྔོན་མའི་ཕྱི་ཚེས་ ༢༠ ཉིན་ས་གནས་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་དང་། ཉེན་རྟོག་པ་འབྱོར་སྐབས་ཁོང་གིས་གློག་ཀླད་ནང་ལས་ཀ་བྱེད་ཀྱི་ཡོད་པ་དང་ཁེལ་ཏེ། ཉེན་རྟོག་པ་ཚོས་ཁོང་གི་གློག་ཀླད་དང་ལས་ཁུངས་ནང་སྔོག་བཤེར་བྱས་ཡོད་པ་མ་ཟད། གློག་ཀླད་ནང་གི་གླེང་མོལ་དང་སི་ཁེབ་པི་༼ skype༽ཟིན་ཐོ་སོགས་ཀྱི་གསང་ཚིག་བཙན་འཕྲོག་བྱས་ཏེ། ཡིག་ཆ་དང་རྩོམ་ཡིག་ཚང་མར་ཞིབ་བཤེར་གྱིས་༧གོང་ས་མཆོག་གི་སྐུ་པར་ཞིག་ཀྱང་ཉེན་རྟོག་པའི་ལག་ཏུ་ཚུད་ཡོད་འདུག


ཁོང་ཉེན་རྟོག་ལས་ཁུངས་སུ་ཁྲིད་དེ་འདྲི་རྩད་མནར་གཅོད་ཚད་མེད་བཏང་ཡོད་པ་མ་ཟད། ཕྱི་ལོག་གི་མི་སུ་དང་སུ་ལ་འབྲེལ་བ་ཡོད་མེད་དང་། ཁ་བྲལ་བྱ་འགུལ་སྤེལ་པའི་རྩོམ་གྲོགས་དག་གིོ་མིང་དང་ལས་གནས་གསལ་བོ་བཤད་ན། བྱ་དགའ་གྱ་ནོམ་པ་སྤྲོད་རྒྱུ་ཡིན་སྐོར་སོགས་ཀྱང་བཤད་ཡོད་འདུག མཐར་དངུལ་གཏའ་མར་བཞག་སྟེ་ཟླ་སྔོན་མའི་ཕྱི་ཚེས་ ༣༡ ཉིན་ཁྱིམ་ཏུ་བཏང་ཡོད་ཀྱང་། ད་ཆར་ཁོང་གི་གཟུགས་པོའི་གནས་སྟངས་ཧ་ཅང་སྐྱོ་བོར་ཆགས་ཏེ། ཉེན་རྟོག་པའི་ལྟ་རྟོག་འོག་སྨན་བཅོས་བྱེད་ཀྱི་ཡོད་འདུག


ད་དུང་། རྩོམ་པ་པོ་འཇིགས་བྱེད་ཚེ་རིང་ལགས་ཀྱི་གློག་ཀླད་མ་ལགས་དང་བཅས་པ་ཉེན་རྟོག་པའི་ལག་ཏུ་ཤོར་ཡོད་སྟབས། ཁོང་དང་འབྲེལ་བ་ཡོད་མཁན་ཚོས་དེ་སྔ་གློག་ཀླད་བརྒྱུད་ཁོང་ལ་འབྲེལ་བ་གནང་བྱེད་ཀྱི་བརྒྱུད་ལམ་ཁག་ལ་དོགས་ཟོན་བྱ་དགོས་པའི་འབོད་སྐུལ་ཡང་ཞུས་འདུག

འབྲེལ་ཡོད་གསར་འགྱུར།

དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

༢༠༢༦/༠༤/༢༥
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

༢༠༢༦/༠༤/༢༣
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༣
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

༢༠༢༦/༠༤/༢༣

མཆན། 3

  1. རྡོ་རྗེ་ཚེ་རིང་། says:
    ལོ་ 15 སྔོན།

    གནས་ཚུལ་ཐོས་པར་ལྟར་ན་འདི་ཟླའི་ཚེས་༥ཉིན་དིང་རི་ས་ཁོངས་སུ་བལ་ཡུལ་ནས་སླེབས་པའི་གྲྭ་བཙུན་ལྔ་བཅུ་ང་གྲངས་ཞིག་རྗོང་ཉེན་རྟོགས་པས་འཛིན་བྱས་ཡོད་འདུག ཕྱི་ཚེས་༥ཉིན་ནས་དིང་རི་རྫོང་ཉེན་རྟོགས་པས་དིང་རིའི་ས་ཁོངས་སུ་བལ་ཡུལ་ནས་སླེབས་པའི་གྲྭ་བཙུན་ལྔ་བཅུ་ང་གྲངས་ཞིག་ག་ཡིན་མེད་པར་འཛིན་བཟུང་ཀྱིས་ཉིན་བཞི་ཙམ་རིང་དིང་རི་རྫོང་ཉེན་རྟོགས་ཁང་དུ་བཅུག་ཡོད་འདུག ས་གནས་མང་ཚོགས་ཀྱིས་འགྲེལ་བརྗོད་དུ་ད་ཐེངས་འཛིན་བཟུང་གིས་རྐྱེན་གཙོ་བོ་ནི་༸གོང་ས་མཆོག་གིས་གསུང་ཆོས་གནང་གིན་ཡོད་པས་རེད་ཟེར། གང་ལྟར་རྒྱུ་རྐྱེན་གང་ཡིན་མེད་པར་གློ་བུར་དུ་བཙན་འཁྲིད་བྱས་པས་མ་ཚད་ཉིན་གཉིས་ཀྱི་གོང་དུ་གྲྭ་བཙུན་རྣམས་གཞི་རྩེ་ཉེན་རྟོགས་ཁང་དུ་འཁྲིད་དེ་ད་ལྟ་འཐུག་འཕྲད་བྱེད་བཅུག་གི་མིན་འདུག་ཟེར། 
    རྒྱ་གཞུང་གིས་བཙན་འཁྲིད་བྱས་པ་ནི་ད་ཐེངས་ཙམ་མ་ཡིན་པར་ཟླ་གཅིག་ཙམ་གྱི་གོང་དུ་དིང་རི་ནས་ཡིན་པའི་ཁྱོ་གའི་མིང་ལ་ནོར་བུ་དང་ཁོང་གི་བཟའ་ཟླ་གཉིས་བལ་ཡུལ་དུ་འགྲོ་མཁན་གྱི་གནས་སྐོར་བ་ཁག་གཅིག་ལ་རོགས་པ་བྱས་ཚུལ་སྐྱོན་བཙུགས་ཏེ་ཉེན་རྟོགས་པས་འཛིན་བྱས་པས་མ་ཚད་ནག་ཉེས་ཚབས་ཆེན་བསགས་པས་ཚེ་བཙོན་དུ་བཅུག་རྒྱུའི་ཁྲིམས་ཐག་བཅད་འདུག ནོར་བུ་བཟའ་འཚོ་གཉིས་ལ་མཚོན་ན་རང་ཉིད་ཇ་ཁང་ཆུང་ཆུང་ཞིག་ལ་བརྟེན་ནས་འཚོ་བ་སྐྱེལ་བཞིན་ཡོད་ལ་ད་ཆ་ཁོང་གཉིས་ལ་ཕྲུ་གུ་གཉིས་གསུམ་ཡོད་སྐད་འདུག རྒྱ་གཞུང་གིས་དིང་རིའི་ས་ཁོངས་སུ་མི་ཁ་ཤས་ཟླ་ཕོག་སྤྲད་དེ་གསང་མྱུལ་བྱེད་བཅུག་གིན་པའི་གནས་ཚུལ་འོག་ད་ཆ་ག་ཡིན་མེད་པར་འཛིན་བཟུང་དང་ཉེས་ཆད་གཏོང་གིན་པའི་གནས་ཚུལ་འདུག

    Reply
  2. སྐར་མདའ། says:
    ལོ་ 15 སྔོན།

    རྩོམ་པ་པོ་འཇིགས་བྱེད་ཚེ་རིང་ལགས་རྒྱ་གཞུང་གིས་འཛིན་བཟུང་བྱས་པ་དེ་ལ་ངའི་ངོས་ནས་བློ་འགྱོད་ཆེན་པོ་དང་། རྒྱབ་སྐྱོར་གཙང་ཐག་ཆོད་པའི་ཐོག་ནས་མྱུར་དུ་གློད་གྲོལ་ཡོང་པའི་རེ་འདུན་ཞུ་རྒྱུ་ཡོད། ཚིག་སྐམ་པོ་གཅིག་གིས་སྨོན་ལམ་འདེབས་པ་ལས་གཞན་ཕན་ཐོགས་གང་བྱེད་ཐུབ་ཀྱིན་མི་འདུག་པས། བློ་མ་ཕམ་ཞེས་པའི་གསོལ་འདེབས་ཤིས་ཚིག་ཅིག་ཕུལ་ན་འདོད་བྱུང་།

    རྒྱ་སྟག་ངར་མ་རྒྱ་རྫོང་ནགས་གསེབ་ནས༎
    བློ་འགྱོད་མེད་པའི་རིགས་ཀྱི་མགོ་འཕང་ཆེད༎
    རང་སྲོག་དོར་ནས་རང་རིགས་ལ་རྒྱའི་ཆེད༎
    ཁྲག་གི་སྙན་ངག་བྲིས་པ་ཨེ་མ་མཚར༎

    སྙིང་ལ་རུས་པ་བཅུགས་པའི་དཔའ་པོ་ཁྱེད༎
    ཡུན་རིང་སྙིང་ལ་བཅངས་པའི་ལ་རྒྱ་དེ༎
    མ་བཟོད་ཕྱི་རུ་སྐྱུར་པ་གདོང་མཆོངས་ཁྱེད༎
    ཕྱི་ཕྱོགས་བོད་རིགས་ཡོངས་ཀྱི་གུས་བརྩི་ཡོད༎

    Reply
  3. GYAMTSO says:
    ལོ་ 15 སྔོན།

    སླར་ཡང་གཉིས་སྟོང་བཅུ་གཅིག་གི་ལོ་འགོ་ནས་དམར་དམག་གི་བོད་ནང་འགྲོ་བ་མའི་ཐོབ་ཐང་ལ་རྩིས་མེད་གཉེས་བཅོས་བྱེད་རན་སོང་། ཨ་ཁ་ཁ་ཤུ་རེ་གོ མཉམ་འ
    བྲེལ་རྒྱལ་ཚོགས་གང་ན་ཡོད་མགོན་མེད་སྐྱབས་མེད་ཚོར་མི་མཐོང་ངམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese