རྒྱ་ནག་གཞུང་གིས་བོད་ནས་རྒྱ་གར་ནང་སྐྱབས་བཅོལ་དུ་ཡོང་མཁན་གྱི་བོད་མི་བཞི་འཛིན་བཟུང་བྱས་ཏེ། དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་འདུག སྔར་ལོའི་ཕྱི་ཟླ་ ༨ པའི་ནང་རང་ལོ་ ༢༣ ཡིན་ཞིང་ལྷ་སའི་སྙེ་མོ་ནས་ཡིན་པའི་ཚེ་དབང་དང་འདམ་གཞུང་ནས་ཡིན་པའི་བློ་བཟང་དོན་རྡོར། ལོ་ ༤༠ ཡས་མས་ཡིན་པའི་འདམ་གཞུང་དབང་གྲགས་ཉི་མ། ལྷ་སའི་ཉག་ར་ནས་ཡིན་པའི་དོན་འགྲུབ་རྡོ་རྗེ་བཅས་མི་བཞི། ལྷ་ས་ནས་ལམ་ལ་ཆས་རྒྱ་གར་ལ་ཡོང་སྐབས། སྐབས་མ་ལེགས་པར་གཞི་རྩེ་ས་ཁུལ་ས་དགའ་རྫོང་ཁོངས་ནས་རྒྱ་ནག་མཐའ་སྲུང་དམག་མིས་འཛིན་བཟུང་བྱས་ཡོད་འདུག་ལ། ད་བར་ཁོང་ཅིག་གི་གནས་ཚུལ་ཅི་ཡང་ཤེས་རྟོག་ཐུབ་མེད་ཀྱང་། ཟླ་སྔོན་མའི་ཕྱི་ཚེས་ ༢༢ ཉིན་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཁོང་ཅག་གིས་ཁ་བྲལ་བའི་རྗེས་འབྲང་བྱས་ཏེ། ཁྲིམས་འགལ་ཐོག་རྒྱལ་མཚམས་བརྒལ་རྩིས་བྱས་པའི་ཉེས་མིང་འོག ཚེ་དབང་དང་བློ་བཟང་དོན་རྡོར་གཉིས་ལ་ལོ་ ༢ རེ་དང་། དབང་གྲགས་ཉི་མ་ལ་ལོ་ ༣ བཅས་ཀྱི་ཁྲིམས་ཐག་བཅད་ཡོད་པར་མ་ཟད། ཁོང་ཚོའི་ཁྲོད་ཀྱི་དོན་གྲུབ་རྡོ་རྗེ་ལ་ཐེངས་འདིའི་བྲོས་བྱོལ་དུ་འཁྲིད་ཡོང་མཁན་གྱི་སྣེ་ཁྲིད་པའི་ཉེས་མིང་འོག་ལོ་ ༤ བཅས་ཀྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་སྐོར། དེ་རིང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གིས་རྒྱང་སྲིང་བྱས་སོང་།
གསར་འགོད་པ། དོན་གོ
ཧ་ཅངབཟང་པོ་རེད་བྱ། རྒྱ་ནག་ཚང་ལ་བཀའ་དྲིན་ཆེ་ཞུ།
ལྷ་ས་བས་རྐང་པ་གཉིས་འཛུགས་བྱས་ཡོད་པ་ཤེས་ཀྱིན་འདུག