མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཐོ་རིམ་སློབ་མའི་ཚོགས་ཆེན་ལ། – གཉན་པོ།

བོད་ཀྱི་དུས་བབ།
༢༠༡༡/༠༡/༡༥
Share on FacebookShare on TwitterShare on EmailShare on Whatsapp

བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་སྟེང་གླེང་འདོད་འགའ།

 

བོད་ཀྱི་ན་གཞོན་ཤེས་ཡོན་པའི་འགན་འཁྲི།

 མི་རིགས་ཤིག་དང་རྒྱལ་ཁབ་གང་ཞིག་ལ་མཚོན་རུང་། ན་གཞོན་རྣམས་ནི་ཧ་ཅང་གལ་ཆེན་ཡིན་པར་མ་ཟད་རེ་བའི་ས་བོན་རྡོག་པོ་དེ་ཡིན་ལ། ཁོ་བ་ཚོའི་འགན་འཁྲི་ཡང་དེ་ལྟར་རྔམ་ཆེ་བར་ཡོད། དེ་བས་ང་ཚོ་སད་པའི་འགོ་རྩོམ་ས་ནི་ན་གཞོན་རྣམས་ཡིན་འོས་པར་མ་ཟད། མི་རིགས་འདི་ཉིད་སད་པར་སྐུལ་བའི་འགན་འཁྲི་རླབས་པོ་ཆེ་དེ་ཡང་ན་གཞོན་རྣམས་ལ་ཡོད་པ་ཡིན། དེ་བས་བོད་ཀྱི་ན་གཞོན་དག་གི་འགན་འཁྲི་ཞེས་པ་འདི་ནི་ང་ཚོ་ན་གཞོན་རྣམས་དང་ལྷག་པར་དུ་འུ་ཚོ་མཐོ་རིམ་སློབ་མ་དག་གིས་ངེས་པར་དུ་གླེང་དགོས་པ་ཞིག་དང་གླེང་འོས་པ་ཞིག ཡང་ན་ཤིན་ཏུ་གླེང་རིན་ཡོད་པ་ཞིག་བཅས་ཡིན་པས་ན། འདིའི་ཐད་ལ་རང་གི་བསམ་ཚུལ་ཁ་ཤས་བཤད་འདོད་བྱུང་། འདི་ལ་དོན་ཚན་བཞི་ཡོད་པ་དང་དེ་དག་ནི། ༡ མི་རིགས་དང་བོད་ཀྱི་ན་གཞོན་ཤེས་པའི་འགན་འཁྲི་ཞེས་པ་དང་། ༢ བསམ་བློ་དང་བོད་ཀྱི་ན་གཞོན་ཤེས་པའི་འགན་འཁྲི་ཞེས་པ། ༣ རིག་གནས་དང་བོད་ཀྱི་ན་གཞོན་ཤེས་ཡོན་པའི་འགན་འཁྲི་ཞེས་པ། ༤ སྐད་ཡིག་དང་བོད་ཀྱི་ན་གཞོན་ཤེས་ཡོན་པའི་འགན་འཁྲི་ཞེས་པ་བཅས་ཡིན།

 

དང་པོ། མི་རིགས་དང་བོད་ཀྱི་ན་གཞོན་ཤེས་པའི་འགན་འཁྲི།

བོད་མི་རིགས་ནི་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་རིག་པའི་གནས་གང་མང་དར་མྱོང་བའི་རླབས་ཆེན་གྱི་མི་རིགས་ཤིག་ཡིན་ལ། ཨེ་ཤ་ཡའི་གླིང་ཆེན་འདིའི་དབུས་སུ་བཙན་དང་སྟོབས་ཀྱི་དཔུང་ཤུགས་ངོམ་མྱོང་བ་ལོ་རྒྱུས་ཀྱི་ཤོག་ལྷེའི་ངོས་ན་ཤིན་ཏུ་གསལ་བས་དེ་རིང་ཡང་བསྐྱར་མི་གླེང་། འདི་རུ་བདག་གིས་བཤད་པར་འདོད་པ་ནི་བོད་ཀྱི་ན་གཞོན་ཤེས་ཡོན་པ་དག་གིས་རང་གི་མི་རིགས་འདི་ལ་འགན་ཁུར་ཏེ་རང་གི་སྤུན་ཟླ་དག་ལ་བདག་པོ་རྒྱག་དགོས་ཟེར་བ་དེ་ཡིན། དེ་ཡི་རྩ་བའི་ཆ་རྐྱེན་དུ་དགོས་པ་ནི་སོ་སོ་མི་རིགས་འདི་ལ་བརྩེ་བ་དང་ཡིད་ཆེས། དགའ་སྣང་དང་དུང་བ་ཡོད་དགོས་པ་ཡིན་ལ། མི་རིགས་འདི་ཡི་ཆེད་དུ་གདུང་ཚོར་དང་ན་ཟུག་སྐྱེ་དགོས་པ་ཡིན། དེ་བས་ཁ་ཐོར་གྱི་བོད་རིགས་སྤུན་ཟླ་དག་གི་ཆེད་དུ་ཕན་ཚུན་ལ་རོགས་འདེགས་བགྱི་དགོས་པ་ཡིན་ལ། མཐུན་འབྲེལ་གྱི་ཕྱག་གིས་སྦྲེལ་དགོས་པ་ཡིན། དེ་ལྟ་མ་ཡིན་པར་རང་གི་མི་རིགས་ལ་སེམས་གཏིང་ནས་དགའ་ཞེན་མེད་པ་དང་བོད་ཡུལ་ཆོལ་ཁ་གསུམ་པོའི་ནང་ཁག་དུ་ཡིད་ཆེས་དང་རུས་དུང་མེད་པ་དག་གིས་མི་རིགས་འདིའི་གནས་བབ་དང་སྐྱིད་སྡུག་གླེང་རྒྱུ་ཡིན་ཟེར་ན་ཡོངས་ཐུབ་མེད་པ་ཞིག་རེད། ཚོགས་སྡེ་འདི་དང་འདི་བཙུགས་ཏེ་ཕྱག་ལས་དེ་དང་དེ་གནང་བར་ལབ་རྒྱུ་ལུང་བ་གང་རེ་ཡོད་མཁན་ཧ་ཅང་མང་མོད། དོན་དངོས་སུ་རང་གི་སྤྱི་ཚོགས་དངོས་ཀྱི་བདེ་སྡུག་བསམ་པ་དང་། བོད་ཀྱི་འཚོ་བའི་དཀའ་ཁག་དངོས་ལ་གདོང་གཏོད་ཡོད་པའི་མི་ག་ཚོད་ཅིག་ཡོད་ཨང་། བདག་ནི་གཏམ་བར་སྣང་ནས་བཤད་མཁན་དང་རང་གི་སྐད་ཆར་འགན་མི་འཁུར་བའི་མགོ་བདེ་བའི་ཚོགས་ལ་ཡི་ག་འགག་ནས་ཡོད། ཡིད་སུན་ནས་ཡོད། དེ་བས་ང་ཚོས་རང་གི་མི་རིགས་འདི་ལ་ཞབས་འདེགས་བགྱི་བའི་འགོ་མི་རིགས་འདི་ལ་ལར་ཞེན་ལྷད་མེད་ཅིག་ཡོད་པ་ནས་བརྩམ་དགོས་ལ། མི་རིགས་ལ་ལ་ཞེན་སྐྱེ་ཚུལ་འདི་ཡང་མི་རིགས་ཀྱི་འདུ་ཤེས་ཟབ་མིན་གྱིས་ཐག་གཅོད་འགྲོ་ན། ད་ནི་ང་ཚོ་ལ་མི་རིགས་ཀྱི་འདུ་ཤེས་དགོས་པར་མ་ཟད། མི་རིགས་ཀྱི་སྙིང་སྟོབས་དགོས་པ་ཡིན། འདི་ནི་ཆབ་སྲིད་ཀྱི་སྐད་ཆ་མ་ཡིན་པར་ང་ཚོའི་སད་རྟོགས་ཀྱི་ངོས་ན་བཤད་ཀྱི་ཡོད། ཕྱི་ཕྱོགས་འདི་རུ་མི་ཡ་མ་རླ་གང་མང་ཞིག་བསྐྱེད་ཟིན་པ་འདི་ཡང་གཙོ་བོ་ཁོ་བ་ཚོའི་མི་རིགས་ཀྱི་འདུ་ཤེས་སྐྱེད་སྲིང་བྱེད་མ་ཐུབ་པས་ལན་ཡོད། རང་གི་མི་རིགས་ལ་འཕྱ་སྨོད་བྱེད་པ་དང་རང་གི་མི་རིགས་ལ་ཁོ་ནག་གཏིང་ནས་ཆད་སོང་དུས། མི་རིགས་དེ་ཡི་ཆེད་དུ་མང་པོ་བྱེད་མི་ཐུབ་པ་ཤིན་ཏུ་གསལ་བས་ང་ཚོས་མི་རིགས་ཀྱི་འདུ་ཤེས་སྐྱེད་སྲིང་བྱས་ན་མི་རིགས་ཀྱི་འགན་འཁྲི་ཞེས་པ་ངང་གིས་འབྱུང་གི་རེད།

 

གཉིས་པ། བསམ་བློ་དང་བོད་ཀྱི་ན་གཞོན་ཤེས་པའི་འགན་འཁྲི།

བསམ་བློ་ནི་ང་ཚོའི་ཡོད་ཚད་རེད་ལ། བོད་མི་རེ་རེའི་བསམ་བློའི་ནུས་ཕྱོད་ཇི་ལྟར་གོང་འཕེལ་དུ་སོང་ཚེ། ང་ཚོའི་མི་རིགས་འདི་སད་རྟོགས་དང་མདུན་སྐྱོད་ཀྱི་གོམ་པ་ཇེ་མགྱོགས་སུ་འགྲོ་ངེས་བ་ཡིན། བསམ་བློ་མེད་པའི་མི་རིགས་ནི་འཕེལ་རྒྱས་མེད་པའི་མི་རིགས་དེ་ཡིན་ལ། བསམ་བློའི་ཆུ་ཚད་དམའ་བའི་མི་རིགས་དེ་ནི་དཔལ་ཡོན་གྱི་འཕེལ་རྒྱས་ཧ་ཅང་དལ་བའི་མི་རིགས་ཤིག་ཏུ་འགྱུར་ངེས། དེ་བས་འུ་ཚོའི་ན་གཞོན་རྣམས་ཀྱིས་སྣང་མེད་གཏན་ནས་བྱ་མི་རུང་བ་དེ་ནི་ང་ཚོའི་བསམ་བློའི་ཡར་རྒྱས་དང་བསམ་བློའི་ཁ་ཕྱོགས། བསམ་བློའི་སྙིང་སྟོབས་བཅས་ཡིན། རང་ཉིད་དང་བཅས་པའི་བོད་ཀྱི་ན་གཞོན་རྣམས་ཀྱིས་རང་ཉིད་དང་རང་གི་མི་རིགས་འདི་སད་པའི་བསམ་བློའི་རྨང་གཞི་གཏོང་པར་ཤིན་ཏུ་གཟབ་ཅིང་ཞིབ་མོས་གཞིག་དགོས་པར་འདོད་པ་ཡིན། དེ་བས་མཐར་གཏུག་ན་བོད་ཀྱི་ན་གཞོན་རྣམས་ཀྱི་བསམ་བློའི་འགན་འཁྲི་ཞེས་པ་ནི་རང་གི་སྤྱི་ཚོགས་ཀྱི་དཀའ་སྡུག་ཤེས་པའི་སྒོ་ནས་དེ་ལ་གདོང་གཏོད་པའི་སྤོབས་པ་ལྡན་པ་ཞིག་དང་། རང་སྐྱ་ཕེར་བའི་དཔྱད་སྟོབས་ཀྱི་ནུས་པ་ལྡན་པ་ཞིག རང་གི་འཚོ་བའི་དཀའ་ཁག་ལ་མགོ་མི་བསྒུར་ཅིང་འཚོ་གནས་ལ་དགའ་སྣང་ཡོད་པ་ཞིག མདོར་ན་མི་ཆོས་ཀྱི་བསམ་བློ་ཡོད་པ་ཞིག་དང་། རིག་གཞུང་དང་བྱ་དངོས་དག་ལ་གདམ་གསེས་དང་སྤང་བླངས་བྱ་ཤེས་པ་ཞིག་ཨེ་འཁྱོངས་ལ་འབད་དགོས། བསམ་བློ་ཚད་ལྡན་ཞིག་བརྙེད་ཚེ། བརྩམས་ཆོས་ཚད་ལྡན་འབྱུང་ངེས་ཡིན་ལ། བརྩམས་ཆོས་ཚད་ལྡན་ཐོན་པས་མི་རིགས་ལ་སད་རྟོགས་འབྱུང་ངེས་ཡིན། མི་རིགས་ལ་སད་རྟོགས་བྱུང་ཚེ། ད་གཟོད་ང་ཚོའི་འཚོ་གནས་ཀྱི་འཇིག་ཉེན་ལྡོག་ངེས་པ་ཡིན་ནོ། དེ་ལྟ་མ་ཡིན་པར་འུ་ཚོའི་རྩོམ་སྟེགས་དང་ཤེས་ཡོན་པའི་ཁྲོད་དུ་བསམ་བློ་མ་སྨིན་གོང་དུ་འུར་རྒྱག་མཁན་མང་སོང་བས་རང་གི་མི་རིགས་དང་ལྷག་པར་དུ་ན་གཞོན་རྣམས་ལ་རྩོམ་རིག་གིས་ཐེབས་དགོས་པའམ་ཐེབས་འོས་པའི་ཤུགས་རྐྱེན་དག་མ་ཐེབས་པར་དེ་ཡི་ལྡོག་ཕྱོགས་ནས“གྲུབ་འབྲས”བྱུང་ལ་ཁད་དུ་ཡོད་པ་འདི་རེད།

 

གསུམ་པ། རིག་གནས་དང་བོད་ཀྱི་ན་གཞོན་ཤེས་ཡོན་པའི་འགན་འཁྲི།

མི་རིགས་གང་དེས་རིག་གནས་ཀྱིས་མི་རིགས་དེ་ཉིད་ལ་ཁ་ལོ་བསྒྱུར་བཞིན་ཡོད་ལ། མི་རིགས་དེའི་སེམས་ཁམས་དང་མཛེས་དཔྱོད་ཀྱི་ལྟ་བ། ཐ་ན་འཚོ་བའི་དགའ་སྐྱོ་ཆགས་སྡང་ཚུན་ཆད་དེ་ཡིས་སྐྱེད་ཅིང་འགྲུབ་ཀྱིན་ཡོད། བོད་ཀྱི་འཁོར་རྒྱུག་རིག་གནས་གཙོ་བོ་ནི་ཐུབ་བསྟན་རིག་གནས་ཡིན་ན་ཡང་། རིག་གནས་གཞན་ཀྱང་འགའ་ཞིག་ཡོད་པར་མ་ཟད། དེ་དག་ཀྱང་ཕར་དེད་ན་གཏིང་ཟབ་ཅིང་རྒྱ་ཆེ་བ་བདག་ལ་ཡིད་ཆེས་བདོག གོང་དུ་བརྗོད་པ་ལྟར་རིག་གནས་ཀྱིས་མིའི་སེམས་ཁམས་སྐྲུན་པ་དང་སེམས་ཁམས་ནི་ད་གཟོད་འཚོ་བར་སིམ་ནས་ཡོད་པས་ན། ང་ཚོས་རང་གི་རིག་གནས་ལ་འགན་འཁུར་བའི་དགོས་པ་ཤིན་ཏུ་ཆེ། ལྷག་པར་དུ་ནང་ཆོས་གཙོས་པའི་བོད་ཀྱི་རིག་གནས་ཁྲོད་ན་བྱམས་དང་བརྩེ་བ། གཞན་ཕན་དང་ལྷག་བསམ། ད་དུང་བྱ་དངོས་དག་ངོས་འཛིན་ཚུལ་ནས་ཤེས་བྱ་ཡོད་དོ་ཅོག་གི་མཐར་ཐུག་གི་སྡོད་ལུགས་ལ་དཔྱད་སྟངས་སོགས་རིན་ཐང་ལྡན་པའི་ལེགས་ཆ་གང་མང་ཡོད་པས་ན། དེ་དག་སྟོན་པའི་རིག་གནས་དང་རིག་གནས་དེས་བསྐྱེད་པའི་མིའི་སེམས་ཁམས་ཀྱི་མཛེས་ཆ་དག་ནི་ང་ཚོས་འཛིན་སྤེལ་བྱེད་པའི་དགོས་པ་ཇི་འདྲ་ཆེ་ཨང་། ང་ཚོས་རང་གི་རིག་གནས་ལས་མི་རིགས་ལ་ཞབས་འདེགས་སྒྲུབ་ཐུབ་པ་དང་མིའི་འཚོ་གནས་ལ་ཕན་པ། འགྲོ་བ་སེམས་ཅན་གྱི་བདེ་སྐྱིད་དང་འཛམ་གླིང་ཞི་བདེ་བཅས་དང་འབྲེལ་བ་གང་དག་སྲུང་འཛིན་བགྱི་དགོས་པ་སྨས་མེད་རེད་ལ། དེ་ལས་གཞན་འུ་ཚོའི་འཚོ་སྡོད་ལ་ཕན་ཞིང་བསམ་བློའི་ཡར་རྒྱས་ལ་སྨན་པའི་རང་བཞིན་ཅན་གྱི་རིག་གནས་ཡོད་ཚད་འུ་ཚོས་ཚུར་ལེན་དང་གཅེས་སྐྱོང་བྱ་དགོས་པ་རེད་ཨང་། མང་བོ་ཞིག་གིས་ཁ་ནས་བོད་ཀྱི་སྐད་དང་རིག་གནས་གླེང་གིན་རང་གི་བུ་རབས་ཚ་རྒྱུད་གཞན་གྱི་སློབ་གྲྭར་བསྐྱལ་ཏེ་གཞན་གྱི་འཚོ་བའི་གོམས་གཤིས་ལོབ་ཏུ་འཇུག་པ་འདི་ཡང་འུ་ཚོའི་ནད་ཡམས་ཤིག་ཅི་ལ་མིན། དེ་བས་ང་ཚོས་རང་གི་རིག་གནས་གཏིང་ཟབ་ཅིག་ཤེས་ཚེ་རང་གི་རིག་གནས་ལ་འདང་རྩིས་ཆེ་རུ་འགྲོ་ངེས་རེད་ལ། རང་གི་རིག་གནས་ལ་དུང་ཞེན་ཆེ་རུ་ཕྱིན་ཚེ་རང་བཞིན་གྱིས་དེ་ལ་བསླབ་ཅིང་འཇུག་པའང་ཆོས་ཉིད་རེད། དེ་ལྟར་ཡིན་རུང་ང་ཚོས་རང་གི་རིག་གནས་ཁྲོད་ཀྱི་ནམ་ཡང་ཐག་གཅོད་བྱ་མི་ཐུབ་པའི་འགལ་འདུའི་རྩོད་པ་ཁག་ཅིག་ལ་འཐམས་ཏེ། དེང་གི་སྤྱི་ཚོགས་འདི་དང་སྤྱི་ཚོགས་འདིའི་ལས་རིགས་བཅས་ལ་གང་དགོས་པའི་རིག་གནས་དག་ཡལ་བར་དོར་ཚེ་དེ་ཡང་ཤིན་ཏུ་འཁྲུལ་བ་ཉིད་དོ།།

 

བཞི་བ། སྐད་ཡིག་དང་བོད་ཀྱི་ན་གཞོན་ཤེས་ཡོན་པའི་འགན་འཁྲི། 

སྐད་ཡིག་ནི་མི་རིགས་སུ་ཞིག་ཡིན་རུང་དེའི་སྲོག་རྩ་ལྟ་བུར་བརྗོད་མཁན་ཤིན་ཏུ་མང་བ་རེད། དངོས་གནས་གླེང་ན་སྐད་ཡིག་ནི་མི་རིགས་ཤིག་ཡུན་གནས་དང་འཕེལ་རྒྱས་ལ་ཕན་མཁོ་ཆེ་བ་ཧ་ཅང་གསལ། བོད་ཀྱི་སྐད་ཡིག་འདི་ལ་གཏིང་དཔག་པར་དཀའ་བའི་རིན་ཐང་ཇི་སྙད་ཅིག་མཆིས་པ་མ་བཤད་དང་། བོད་ཀྱི་གནས་བབ་ཉག་ཕྲ་བ་འདིའི་སྒང་ནས་བལྟས་ན་འུ་ཚོའི་སྡོམ་ཐག་ཅིག་ཏུ་དངོས་གནས་གྱུར་འདུག བོད་ཀྱི་སྐད་ཡིག་མི་ཉམས་རྒྱུན་འཛིན་བྱེད་པའི་འོས་འགན་ནི། ན་གཞོན་དག་མ་ཟད་བོད་མི་ཡོད་དོ་ཅོག་ལ་ཡོད་པ་རེད།  དྲང་མོར་བཤད་ན་འུ་ཚོས་སྐད་ཡིག་གི་རིན་ཐང་ཤེས་དགོས་རྒྱུ་མ་ཟད། སྐད་ཡིག་ཅེས་པ་འདིའི་སྟེང་དུའང་བརྩེ་བ་བཅོས་མིན་ཞིག་ཡོང་དགོས་པར་འདོད། ད་དུང་ང་ཚོར་བོད་ཀྱི་སྐད་ཡིག་འདི་ཤེས་དགོས་པའི་འགན་འཁྲི་ཡོད་ལ། དེ་བཞིན་བོད་ཀྱི་སྐད་ཡིག་འདི་ཉིད་སྤྱི་ཚོགས་ཅན་དུ་སྒྱུར་བའམ་སྤྱོད་སྒོ་ཆེ་རུ་གཏོང་བར་ནུས་ཤུགས་ཡོད་རྒུ་འདོན་པའི་དུས་སུ་བབ་འདུག་སྙམ། ལྷག་པར་དུ་བོད་ཀྱི་ན་གཞོན་རྣམས་ལ་བདོག་པའི་བོད་རང་གི་སྐད་ཡིག་སྐོར་གྱི་གཟུར་མེད་ཀྱི་འགན་འཁྲི་ནི། དེང་རབས་ཀྱི་སྨྱན་བྱེད་མང་བོ་ཞིག་ཏུ་བོད་ཀྱི་སྐད་ཡིག་སྤྱོད་དགོས་པར་མ་ཟད། བཟོ་གྲྭ་དང་ཚོང་ལས་དག་གི་ཟ་དང་ཟུར་ལ་འཚང་སྟེ། གསར་བྱུང་ཐོན་རྫས་འགའི་སྟེང་དུ་བོད་ཡིག་དང་བོད་སྐད་ཀྱི་མིང་རེ་ཨེ་ཞོག་ལ་ལྟ་བ་དང་། དྲ་བའི་བརྒྱུད་ལམ་གཙོས་པའི་དེང་གི་བྱེད་སྒོ་མང་བོ་ཞིག་ཏུ་བོད་ཡིག་གི་བྲོ་བ་ཐུལ་བར་འབད་ཅིང་འབད་རྒྱུ་དེ་རེད། རང་གི་སྐད་ཡིག་གི་སྟེང་དུ་དགའ་ཞེན་དང་། དེ་ཡི་རིན་ཐང་ལ་ཡིད་ཆེས། དེ་ཉིད་རྒྱུན་འཛིན་བྱེད་པར་སྤོབས་པ་ཞིག་མེད་ཚེ། ང་ཚོའི་འཁོར་ཡུག་གི་མི་འདི་དག་གི་བྱེད་སྟངས་ལྟར་བོད་ཡིག་ལ་མཐོང་ཆུང་བྱེད་པ་དང་། བོད་ཡིག་འབྲི་སྤྱོད་བྱེད་པར་གཟབ་ནན་མི་བྱེད་པར་དོན་ནོར་བརྡ་ནོར་ཅན་གང་ཇི་སྙད་ཅིག་བྲིས་དང་འབྲི་བཞིན་པ་འདིས་བོད་ཡིག་ཀློག་པ་པོའམ་རང་གི་མི་རིགས་འདི་ལ་བག་ཆགས་ངན་པ་བཞག་ཡོད་པའི་ཉེས་གང་གིས་འདགས་སྙམ་པ་འདུག

རྩོམ་པ་པོའི་ཟིན་བྲིས་ལས་བདམས་བཀོད་བྱས།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 1

  1. ཤག་སྒང་པ། says:
    ལོ་ 15 སྔོན།

    གཉན་ལགས། ཁྱེད་ཀྱི་གཏམ་ཚོགས་ལས་སྐད་ཆ་འདི་ལ་བྲོ་བ་ཆེ་ཤོས་མཐོང་། ང་ཚོས་གཟབ་དགོས་པ་ཡང་འདི་རང་ཡིན་པར་སྙམ། དེ་ལྟ་མ་ཡིན་པར་འུ་ཚོའི་རྩོམ་སྟེགས་དང་ཤེས་ཡོན་པའི་ཁྲོད་དུ་བསམ་བློ་མ་སྨིན་གོང་དུ་འུར་རྒྱག་མཁན་མང་སོང་བས་རང་གི་མི་རིགས་དང་ལྷག་པར་དུ་ན་གཞོན་རྣམས་ལ་རྩོམ་རིག་གིས་ཐེབས་དགོས་པའམ་ཐེབས་འོས་པའི་ཤུགས་རྐྱེན་དག་མ་ཐེབས་པར་དེ་ཡི་ལྡོག་ཕྱོགས་ནས“གྲུབ་འབྲས”བྱུང་ལ་ཁད་དུ་ཡོད་པ་འདི་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese