མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སོག་བོད་གསོ་རིག་སློབ་གླིང་གི་སློབ་གཙོར་ཁྲིམས་ཐག་བཅད།

བོད་ཀྱི་དུས་བབ།
༢༠༡༡/༠༡/༢༥
Share on FacebookShare on TwitterShare on EmailShare on Whatsapp

 

ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་སོག་པོའི་གསོ་རིག་ཆེད་ཉེར་བ་དང་། སོག་བོད་གསོ་རིག་སློབ་གླིང་གི་འགན་འཛིན་སྐུ་ཞབས་བྷ་ཊི་རྫཱང་གྷ་ལགས་སུ། རྒྱ་གཞུང་གིས་གཞུང་དངུལ་སྒེར་སྤྱོད་བྱས་པའི་ཉེས་འཛུགས་བྱས་ཏེ་ལོ་ ༣ གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

སྐུ་ཞབས་བྷ་ཊི་རྫཱིང་གྷ་(Batzangaa) ལགས་རྒྱ་ནག་གི་སུན་གཙེར་འོག་སྡོད་མ་ཐུབ་པར་ ༢༠༠༩ ཟླ་ ༥ ཚེས་ ༢༦ ཉིན། ཁོང་གི་བཟའ་ཟླ་བྷ་ཡཱན་ཧར་ (Bayanhuaar) ལོ་དགུ་ཅན་གྱི་བུ་མོ་ཆཱེལ་གྷན་ (Chilguun) བཅས་སོག་ཡུལ་ནང་སྐྱབས་བཅོལ་དུ་བྲོས་ཡོད་ཀྱང་། རྒྱ་ནག་གི་གནོན་ཤུགས་འོག་རྒྱལ་ས་ཨའོ་ལན་བྷ་ཋར་( Ulaanbaatar)རུ་རྟེན་གཞི་བྱས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐབས་བཅོལ་ཡན་ལག་ལས་ཁུངས་ཀྱིས་ཁོང་ལ་སྐྱབས་བཅོལ་ངོས་ལེན་བྱས་མེད་པ་མ་ཟད། ལོ་དེའི་ཟླ་ ༡༠ ཚེས་ ༣ ཉིན་རྒྱ་ནག་གི་ཉེན་རྟོག་པ་ ༤ དང་སོག་པོའི་ཉེན་རྟོག་པ་ ༡༠ ཙམ་མཉམ་འབྲེལ་ཐོག་མཉམ་འབྲེལ་རྒྱལ་ཚོགས་ཡན་ལག་ལས་ཁུངས་ཀྱི་སྒོ་འགྲམ་ནས་ཁོང་ནང་མི་དང་བཅས་འཛིན་བཟུང་གིས་ཕྱིར་རྒྱ་ནག་ལ་ཁྲིད་ཡོད། ཟླ་དེའི་ཚེས་ ༧ ཉིན་བྷ་ཐི་ཛྷིང་གྷ་ལགས་དངོས་སུ་འཛིན་བཟུང་བཀའ་བཏང་ཞིང་། ཁོང་གི་བཟའ་ཟླ་དང་བུ་མོ་གཉིས་རང་ཁྱིམ་དུ་ཉེན་རྟོག་པའི་ལྟ་རྟོགས་འོག་བཞག

རྒྱ་ནག་གི་ཉེན་རྟོག་པས་དུས་ཡུན་གང་འཚམ་རིང་ཁོང་ལ་འཇམ་རྩུབ་གཉིས་ཀྱི་འདྲི་གཅོད་བྱས་མཐར། ཕྱི་ཚེས་ ༡༥ ཉིན་དམག་མི་ ༢༠༠ ལྷག་གི་སྐོར་སྲུང་ནན་མོའི་འོག་ཁྲིམས་རྭ་ཚོགས་ཡོད་པ་དང་། ཁྲིམས་རའི་ནང་ཁོང་གི་ནང་མི་ ༡༠ ཙམ་མ་གཏོགས། རྐུབ་སྟེགས་གཞན་ཚང་མར་སྒྲིག་ཆས་གྱོན་མེད་པའི་ཉེན་རྟོག་པ་རྐྱང་སྡོད་དུ་བཅུག་ཡོད་འདུག་ལ། ཁྲིམས་བཤེར་སྐབས་ཁོང་གི་ཁྲིམས་རྩོད་པས་མ་དངུལ་སྒེར་སྤྱོད་ཀྱི་ཉེས་འཛུགས་དེར་བདེན་དཔང་མེད་སྟབས། བསྐྱར་དུ་ཁྲིམས་བཤེར་དགོས་པའི་རེ་འདུན་བཏོན་ཡང་། ས་གནས་ཁྲིམས་དཔོན་གྱིས་བཙན་པོ་དབང་ཡོད་ཀྱིས་ལོ་ ༣ གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

ད་ལྟ་རང་ལོ་ ༣༦ ལ་སོན་པའི་སྐུ་ཞབས་བྷ་ཐི་ཛྷིང་གྷ་ལགས་ནི། མཚོ་སྔོན་མི་རིགས་སློབ་ཆེན་ཐོན་རྗེས་སྒེར་ངོས་ནས་མ་དངུལ་སྐྱི་གཡར་དང་རོགས་དངུལ་འཚོལ་སྒྲུབ་བྱས་ཏེ། གྲོང་ཁྱེར་ཨོར་ཌོ་སི་(Ordos)རུ་རྒྱ་སྒོར་ཁྲི་ ༥༢༠ ཙམ་གྱི་ས་རྨི་ ༡༡༥༦༢ ཙམ་ཁྲིམས་མཐུན་ཐོག་ཉོས་ཡོད་པ་མ་ཟད། ༢༠༠༡ ལོར་༼སོག་བོད་གསོ་རིག་སློབ་གླིང་༽གསར་འཛུགས་བྱས་ཏེ། ༢༠༠༨ ལོའི་བར་གསོ་རིག་ཆེད་སྦྱོང་སློབ་མ་ ༡༠༠༠ ལྷག་སྐྱེད་སྲིང་བྱས་ཡོད་པ་དང་། སློབ་མ་དེ་དག་གིས་ཀྱང་ནང་སོག་གཞི་རིམ་ཁུལ་དུ་སྒེར་བཙུགས་སོག་བོད་གསོ་རིག་སྨན་ཁང་མང་པོ་བཙུགས་ཏེ། སྲོལ་རྒྱུན་གསོ་རིག་སླར་གསོ་དང་ས་གནས་མང་ཚོགས་ལ་སྨན་བཅོས། ནད་པ་དཀའ་ངལ་ཅན་དག་ལ་རིན་མེད་སྨན་སྦྱིན་སོགས་སྤྱི་ཚོགས་ཞབས་ཞུའི་ལས་དོན་རླབས་ཆེན་བསྒྲུབས་ཡོད།

གསོ་རིག་དགེ་རྒན་དང་སྨན་སྦྱོར་ལག་ལེན་ཟབ་སྦྱོང་སོགས་ཀྱི་ཐད། མཚོ་སྔོན་རྨ་ལྷོ་སོག་རྫོང་བོད་སྨན་ཁང་དང་མཉམ་འབྲེལ་བྱས་སྟེ། སློབ་གླིང་དེའི་ལས་དོན་ཡར་ངོའི་ཟླ་བཞིན་འཕེལ་བ་དང་། བོད་སོག་རིག་གནས་དང་བོད་སོག་སློབ་མའི་འགྲོ་འོང་བརྒྱུད་དེ། བོད་དང་སོག་པོ་མི་རིགས་གཉིས་བར་གྱི་མཛའ་འབྲེལ་ཡང་ཧ་ཅང་གཏིང་ཟབ་ཏུ་འགྲོ་བཞིན་པའི་སྒང་སྟེ། ཕྱི་ལོ་ ༢༠༠༨ ཟླ་ ༦ ཚེས་ ༢༠ ཉིན་ཨོར་ཌིར་སི་ས་གནས་སྲིད་གཞུང་གིས་སྐུ་ཞབས་བྷ་ཐི་ཛྷིང་གྷ་ལགས་ཀྱི་ཁྲིམས་མཐུན་ས་བདག་གི་ཡིག་ཆ་རྩིས་མེད་བཏང་བ་མ་ཟད། སློབ་ཕྲུག་ ༣༠༠ ཙམ་གྱི་ཕྱིའི་རོགས་དངུལ་གྱི་ཡོང་ཁུངས་བཀག་སྡོམ་བྱས་ཏེ་སློབ་གྲྭའི་དཔལ་འབྱོར་ཐད་གནོད་སྐྱོན་བཟོས་ཡོད་ལ། དེའི་རྗེས་སློབ་གྲྭའི་སྒོ་བྱང་སྟེང་གི་བོད་ཡིག་ཕྱིར་བསྡུ་བྱ་དགོས་སྐོར་སོགས་སློབ་གྲྭའི་འཛིན་སྐྱོང་ལ་ཐེ་ཇུས་དང་། སློབ་གྲྭར་ཆབ་སྲིད་ཀྱི་ནག་ཉེས་ཡོད་པའི་ཉེས་འགེལ་སོགས་བྱས་སྟབས། བྷ་ཐི་ཛྷིང་གྷ་ལགས་ནང་མི་དང་ལྷན་དུ་བྲོས་བྱོལ་ཏུ་འགྲོ་དགོས་བྱུང་ཡོད།

ཨོར་ཌོར་སི་སོག་བོད་གསོ་རིག་སློབ་གླིང་གི་སློབ་གཙོ་སྐུ་ཞབས་བྷ་ཐི་ཛྷིང་གྷ་ལགས་སུ་ཐེངས་འདིར་རྒྱ་གཞུང་གིས་ཉེས་འཛུགས་ཁྲིམས་བཅད་པའི་ཐད།  ཨ་རི་དང་ཡུ་རོབ། འཇར་ཕན་བཅས་རྟེན་གཞི་བྱས་པའི་བཙན་བྱོལ་སོག་རིགས་ཀྱི་ཚོགས་པ་ཁག་གིས། རྒྱ་ནག་དང་སོག་པོ་རྒྱལ་ཁབ་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་བའི་སྣེ་ལེན་ཆིངས་དོན་ལ་ངོས་ལེན་མཚན་རྟགས་བསྐྱོན་ཡོད་ཀྱང་། ཐེངས་འདིར་ཆིངས་དོན་དེར་རྩིས་མེད་རྡོག་རོལ་བཏང་བར་ངོ་རྒོལ་བྱས་འདུག་ལ། མཉམ་འབྲེལ་རྒྱལ་ཚོགས་སྐྱབས་བཅོལ་ལྷན་ཁང་གིས་སྐུ་ཞབས་བྷ་ཐི་ཛྷིང་གྷ་ལགས་གཙོས་པའི་ཁོང་གི་ནང་མི་ཡོངས་ལ་ལུགས་མཐུན་གྱི་ལྟ་རྟོགས་དང་སྲུང་སྐྱོབ་ཡོང་བའི་རེ་སྐུལ་ཞུས་ཡོད་པ་རེད།

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༥
Mobile App

སྲིད་སྐྱོང་མཆོག་གིས་ས་གནས་མགོ་འཛིན་རྣམས་ཆོལ་ཁའི་རྩོད་རྙོག་ཁྲོད་འཛུལ་མི་ཉན་པར་དཀྱིལ་དུ་བསྡད་དགོས་པའི་སྐུལ་མ་གནང་། 

ཆུ་ཚོད་ ༢ སྔོན་ལ།
On May 21, climbers seen on top of Mt Everest with Tibetan flag and photo of Dalai Lama. Photo: Kalachakra by His Holiness the Dalai Lama/Facebook
Mobile App

རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་ཇོ་མོ་གླང་མར་འཛེགས་རྒྱུ་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༣ སྔོན་ལ།
TT
Mobile App

བོད་མི་ཡོངས་ནས་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་སྤེལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ།

ཆུ་ཚོད་ ༨ སྔོན་ལ།
སྐུ་སྒེར་དྲ་བའི་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་དབྱར་ཆོས་ཆེན་མོ་ཐེངས་བཅུ་གཉིས་པའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས།

༢༠༢༦/༠༨/༢༤
རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ནང་མིས་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མི་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཁྲིམས་ཆད་བསྐྱར་ཞིབ་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག  པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ཀྱིས་མུ་མཐུད་ངོ་རྒོལ་ལས་འགུལ་སྤེལ་གྱིན་འདུག

༢༠༢༦/༠༨/༢༤
བོད་ཀྱི་རྒྱལ་ས་ལྷ་སར་སློབ་གསོའི་ཁ་གཏད་བོད་སྐྱོར་ལས་དོན་ཚོགས་འདུ་ཟེར་བ་ཞིག་འཚོག་སྐབས། དྲ་ལམ་གྱི་པར།
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་བཅའ་ཁྲིམས་ཟེར་བ་ལག་བསྟར་དང་དྲིལ་བསྒྲགས་ཀྱི་ཚ་རླབས།

༢༠༢༦/༠༨/༢༤

མཆན། 2

  1. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    བོད་སོག་ཆིག་སྒྲིལ་ཡོང་ཕྱིར། རྒྱ་གཞུང་གིས་ས་བོན་གསར་པ་བཏབ་པ་རེད། ད་བེད་སྤྱོད་བྱེད་རན་པ་རེད། བོད་སོག་ཚོ།

    Reply
  2. གནས་ཚང་། says:
    ལོ་ 16 སྔོན།

    ཐབས་སྐྱོ་བའི་གནས་ཚུལ་ཞིག་རེད། ཚང་མ་ལོས་དོ་སྣང་དང་རྒྱབ་བསྐྱོར་ཅིས་ཀྱང་བྱེད་དགོས་པར་མཐོང་། དྲིལ་བསྒྲགས་མང་ཙམ་གནང་བར་ཐུགས་སྣང་བཞེས་རོགས་ཞུ་རྒྱུ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese