མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་བ་ཀརྨ་པར་གཞི་མེད་ཉེས་འཛུགས་བྱས་མི་ཆོག

བོད་ཀྱི་དུས་བབ།
༢༠༡༡/༠༡/༣༠
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ནོར་གླིང་ཉེ་འཁོར་གྱི་བོད་མི་ ༢༠༠༠ ལྷག་རྒྱུད་སྟོད་དགོན་པར་འཛོམས་ཏེ་རྒྱལ་བ་ཀརྨ་པར་གདུང་སེམས་མཉམ་སྐྱེད་དང་རྒྱབ་སྐྱོར་གྱི་རྣམ་པ་བསྟན་འདུག་ལ། མདང་ནུབ་གནས་མཆོག་རྡོ་རྗེ་གདན་དུ་ཡང་བོད་པ་ཚོིས་པའི་མི་རིགས་འདྲ་མིན་ ༣༠༠༠ ལྷག་གིས་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྤེལ་འདུག

ཉིན་འདི་འགར་རྒྱུད་སྟོད་ཀརྨ་བླ་བྲང་དུ་དངུལ་གྱི་དོན་རྐྱེན་ཞིག་བྱུང་སྟེ། ས་གནས་རྫོང་དཔོན་དང་རྒྱ་གར་ཉེན་རྟོག་ལས་ཁུངས་སོགས་ཀྱིས་ཞིབ་བཤེར་བྱེད་བཞིན་པའི་སྐབས་འདིར། རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་འདིའི་སྐོར་གྱི་གནས་ཚུལ་བདེན་རྫུན་ཅི་རིགས་ཐོན་ཏེ། བོད་གཞུང་དམངས་གཉིས་ལ་བློ་འཚབ་ཆེན་པོ་བསླངས་ཡོད་པའི་སྐབས་འདིར། ཁ་སང་ཕྱི་དྲོར་ནོར་གླིང་དང་སྒྲོལ་མ་གླིང་གཙོས་པའི་རྒྱུད་སྟོད་ཉེ་འཁོར་གྱི་བོད་མི་ ༢༠༠༠ ལྷག་རྒྱུད་སྟོད་དགོན་པར་འཛོམས་ཏེ། དཔལ་རྒྱལ་བ་ཀརྨ་པ་མཆོག་ལ་གདུང་སེམས་མཉམ་སྐྱེད་དང་། རྒྱ་གར་གྱི་གསར་ལམ་ཁག་གི་དཀྲོགས་གཏམ་དང་འཁྱོགས་བཤད་ལ་ངོ་རྒོལ་བྱས་ཡོད་པ་མ་ཟད། དེ་བཞིན། རྒྱ་གར་གཞུང་ལ་ཀརྨ་པ་མཆོག་ལ་ཉེས་མེད་ཉེས་འཛུགས་ཀྱིས་ཁོང་གི་མཛད་འཕྲིན་ལ་དོ་ཕོག་བཏང་མི་ཆོག ཅེས་རེ་འདུན་ཤུགས་ཆེན་ཞུས་ཡོད་འདུག  

 

དེ་བཞིན་ཁ་སང་དགོང་དྲོའི་ཆུ་ཚོད་ ༧ སྟེང་། གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་རྣམ་རྒྱལ་གྲྭ་ཚང། གཏེར་སྒར་དགོན་པ། ས་སྐྱ་དགོན་པ། པད་ནོར་རིན་པོ་ཆེའི་བླ་བྲང། ཨ་དབྱངས་རིན་པོ་ཆེའི་དགོན་པ། རྙིང་མ་དགོན་པ། འབྲུག་གཞུང་དགོན་པ། ཞེ་ཆེན་དགོན་པ་སོགས་དགོན་སྡེ་ཁག་གི་དགེ་འདུན་པ་རྣམ་པ་དང་། དེ་བཞིན་བོད་རིགས་གཙོས་པའི་ལ་དྭགས། མོན་པ། འབྲུག ཕྱི་རྒྱལ་མི་རིགས་སོགས་ཁྱོན་མི་གྲངས་སུམ་སྟོང་ ༣༠༠༠ ལྷག་མཆོད་རྟེན་ཉེ་འཁོར་དུ་འདུ་འཛོམས་ཏེ། དཔལ་རྒྱལ་བ་ཀརྨ་མཆོག་ལ་རྒྱབ་སྐྱོར་གྱི་མེར་མེ་ཁྲོམ་སྐོར་གཞི་རྒྱ་ཆེན་པོ་ཞིག་བྱས་ཡོད་འདུག་ལ། དེ་རིང་རྡོ་རྗེ་གདན་མཐའ་འཁོར་དུ་ཡོད་པའི་བོད་རིགས་ཟ་ཁང་ཚོང་ཡོང་རྫོགས་སྒོ་བརྒྱབ་ཡོད་འདུག་ལ། རྒྱ་གར་རྒྱལ་ས་ལྡི་ལི་དང་ས་གནས་གཞན་ཁག་ཅིག་ཏུའང་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་གྱིན་ཡོད་འདུག

ལས་འགུལ་དེར་མཉམ་ཞུགས་བྱེད་མཁན་ཆོས་འཕེལ་ལགས་ཀྱིས་དེ་རིང་ཉིན་གུང་ཁ་པར་བརྒྱུད་འདི་གའི་གསར་ཁང་ལ་བརྗོད་དོན། རྒྱ་གར་ས་གནས་ཉེན་རྟོག་པས་དངོས་ཡོད་གནས་ཚུལ་ལ་ཞིབ་འཇུག་མེད་པར་རྒྱལ་བ་ཀརྨ་མཆོག་ལ་ཉེས་འགེལ་བྱས་པ་དེར་བློ་ཕམ་ཆེན་པོ་ཡོད། ལྷག་པར་དུ་རྒྱ་གར་གྱི་གསར་ལམ་ཁག་ཅིག་གིས་རྒྱལ་བ་ཀརྨ་པ་མཆོག་རྒྱ་ནག་གི་གསང་མྱུལ་བ་ཡིན་སྐོར་དང་། ཀརྨ་བླ་བྲང་ནང་རྒྱལ་ཁབ་འདྲ་མིན་གྱི་སྐོར་མོ་ཡོད་པ་དེ་ནི་ནག་འཚོང་བརྒྱབ་པས་ཡིན་ཚུལ་སོགས་ཚད་ལས་བརྒལ་བའི་མཚན་སྨོད་དང་། ཁུངས་ལུང་མེད་པའི་ཉེས་འཛུགས་བྱེད་ཀྱི་ཡོད་པ་དེར། ང་ཚོ་མི་མང་སྟོང་ཕྲག་མང་པོས་དཀར་འདོན་བདེན་དཔུང་བྱེད་ཀྱི་ཡོད། ཅེས་དང་། དེ་རིང་ཕྱི་དྲོའི་ཆུ་ཚོད་ ༥ པའི་སྟེང་། རྡོར་གདན་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་རིགས་བལ་གོས་འཚོང་པ་གཉིས་གྱི་གོ་སྒྲིག་འོག མཆོད་རྟེན་སྐོར་ལམ་དུ་གཞི་རྒྱ་ཆེ་བའི་ལས་འགུལ་བསྐྱར་དུ་མགོ་འཛུགས་བྱ་རྒྱུ་རེད། དེ་ནི་རྒྱལ་བ་ཀརྨ་པའི་བླ་བྲང་གི་དངུལ་གྱི་རྙོག་གླེང་ཐད་རྒྱ་གར་གསར་ལམ་ཁག་ནས་གནས་ཚུལ་འཁྱོགས་བཤད་དང་གཞི་མེད་བསྐུར་འདེབས་ཚད་ལས་བརྒལ་བ་བྱེད་བཞིན་པར་ངོ་རྒོལ་བྱ་ཆེད་རེད།

 

རྒྱུད་སྟོད་ཀརྨ་བླ་བྲང་ལ་དངུལ་སྒོར་གྱི་དོན་རྐྱེན་དེ་བྱུང་མ་ཐག རྒྱ་གར་གྱི་གསར་འགོད་པ་ཚོས་ད་ཆར་ལྷོ་ཕྱོགས་བྷིང་ལོར་གྲོང་ཁྱེར་དུ་མཛད་འཕྲིན་སྐྱོང་བཞིན་པའི་༧གོང་ས་མཆོག་ལ་ཡང་གནད་དོན་འདིའི་སྐོར་ལ་བཅར་འདྲི་ཞུས་འདུག སྐབས་དེར་༧གོང་ས་མཆོག་གིས། ཀརྨ་པ་ནི་བོད་ཀྱི་ཆོས་ལུགས་ཀྱི་དབུ་ཁྲིད་གལ་ཆེན་ཞིག་ཆགས་ཡོད་སྟབས། ཁོང་གི་བླ་བྲང་ནས་དངུལ་དངོས་གང་ཞིག་ཡོད་ཀྱང་། དེ་ལ་ཧང་སང་དགོས་པ་གང་ཡང་ཡོད་པ་མ་རེད། ཁོང་ལ་འཛམ་གླིང་གང་སར་གདུལ་བྱ་ཧ་ཅང་མང་པོ་ཡོད་ལ། རྒྱ་ནག་གཙོས་པའི་ཤར་ཨེ་ཤ་ཡའི་ཕྱོགས་སུ་ཡང་རྗེས་འཇུག་པ་མང་པོ་ཡོད། ཅེས་བཀའ་ལན་བསྩལ་ཡོད་འདུག

དེ་རིང་ཉིན་རྒྱབ་ཐེངས་འདིའི་དོན་རྐྱེན་ཐོག་མར་མགོ་འཛུགས་ཡུལ་ Una ས་གནས་ཉེན་རྟོག་མགོ་བ་རྒྱུད་སྟོད་དགོན་པར་འབྱོར་ཏེ། རྒྱལ་བ་ཀརྨ་པ་མཆོག་ལ་དངོས་སུ་མཇལ་འཕྲད་ཀྱིས་གནད་དོན་དེའི་སྐོར་འདྲི་ཞིབ་བྱས་ཡོད་འདུག་ཅིང་། དེ་ནི་གྱོད་དོན་ཐོག་ཀརྨ་པ་མཆོག་ལ་དངོས་སུ་འདྲི་རྩད་བྱས་པ་ཐོག་མ་དེ་ཆགས་ཡོད་འདུག ད་ཆར་ཀརྨ་བླ་བྲང་གི་ངོས་ནས་ལྡི་ལི་དབུས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་རྩོད་པ་ G.S Kapoor ཞུ་བ་ཁོང་ཆེད་དུ་སྐོང་འགུག་གིས་ཁྲིམས་བཤེར་ལ་གྲ་སྒྲིག་བྱེད་ཀྱི་ཡོད་འདུག ཀརྨ་བླ་བྲང་གི་དངུལ་དང་འབྲེལ་བའི་གནད་དོན་དེ་བྱུང་ནས་ཉིན་ཤས་ལས་ཕྱིན་མེད་ཀྱང་། བདེན་རྫུན་ཅི་རིགས་ཀྱི་གནས་ཚུལ་མང་པོ་ཞིག་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཁྱབ་ཡོད་པ་མ་ཟད། རྒྱ་ནག་དང་བོད་ནང་གི་གསར་ལམ་ཁག་ཅིག་དང་། བྷི་བྷི་སི་སོགས་རྒྱལ་སྤྱིའི་གསར་ལམ་རེ་ཟུང་ལ་ཡང་བརྒྱུད་འགོད་བྱས་འདུག

སར་འགོད་པ། དཔལ་ལྡན།

 

འབྲེལ་ཡོད་གསར་འགྱུར།

འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

ཆུ་ཚོད་ ༢༡ སྔོན་ལ།
ལོ་རྗེས་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཨ་ཕའི་རྐང་སྤོལ་རྩེད་འགྲན་འཚོག་རྒྱུ་ཡིན་འདུག ༢༠༢༥།༦། ༣༠ ཨ་ཕ་རྐང་སྤོལ་ཚོགས་པའི་པར།
Mobile App

རྡོ་རྗེ་གླིང་གཡག་རུ་ཁག་ལ་འདི་ལོའི་ཨ་ཕ་གསེར་གྱི་བུམ་པའི་རྟགས་མ་ཐོབ་སོང་།

ཆུ་ཚོད་ ༢༢ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༦/༣༠
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧

མཆན། 27

  1. dondup says:
    ལོ་ 14 སྔོན།

    ཨེ་མ་ཧོ་་རང་རིག་ནི་ཀུན་བདེ་

    Reply
  2. ཁམས་པའི་ཕོ་རྒོད། says:
    ལོ་ 14 སྔོན།

    རྒྱལ་དབང་ཀརྨ་པ་མཆོག་བདེན་མཐའ་མྱུར་དུ་གསལ་བའི་སྨོན་ལམ་ཞུ་།

    Reply
  3. migchu says:
    ལོ་ 14 སྔོན།

    གུས་མོ་ངས་འདིའི་ཐོག་ཁས་ལེན་མེད་གང་ལ་ཟེར་ན་༸རྒྱལ་བ་ཀརྨ་པ་མཆོག་གིས་འདི་འདྲ་རིགས་རྩ་བ་ནས་གནང་གི་མ་རེད། ངས་བསམས་པ་ལ་དེ་གཤམ་དུ་ཕྱག་རོགས་གནང་མཁན་ཚོས་ལེ་ལོ་བྱས་པའི་རྐྱེན་གྱིས་རེད།གལ་སྲིད་གནས་ཚུལ་གསལ་པོ་མེད་པ་འདི་འདྲ་ཕྱིར་བཤད་མཁན་བོད་པ་མི་ཡིན་པ་ཡིན་ན་དངོས་གནས་ངོ་ཚ་པོ་རེད།སོ་སོའིབླ་ཆེན་ལ་ཡིད་ཆས་མེད་ན་ཐབས་རྡུག་རེད།

    Reply
  4. སྤོབས་པ་མཐའ་ཡས། says:
    ལོ་ 14 སྔོན།

    དངུལ་གྱི་བྱུང་སོང་འཁོར་སྐྱོད་ཟེར་བ་འདི་ཡུལ་ལུང་པའི་དཔྱ་ཁྲལ་ཁྲིམས་སྲོལ་དང་འབྲེལ་ཡོད་ཅིག་ཡིན་སྟབས་དེ་ཡུལ་ཁྲིམས་དང་མཐུན་པའི་དངུལ་ཁང་དུ་བརྗེ་བསྒྱུར་བཅོལ་འཇོག་ཚུལ་བཞིན་མ་བྱས་ན་ཡུལ་ཁྲིམས་དང་འགལ་བ་སྨྲོས་མེད་རེད། ད་དུང་དཔྱ་མ་འཇལ་བ་ཞེས་པའི་འདུལ་བའི་སྐབས་ཀྱི་མ་བྱིན་ལེན་གྱི་ཕམ་པ་མི་འབྱུང་བའི་ཁ་ཚོན་ཡང་མི་ཆོད་པ་ཡིན། དངུལ་བཅོལ་འཇོག་ལ་ཆོག་མཆན་མེད་པ་ཤེས་ཡོད་ན་དངུལ་དེ་འདྲ་མང་པོ་བསྡུས་ནས་ག་རེ་བྱེད་པ་ཡིིན་ནམ། གང་ལྟར་ཡུལ་ཁྲིམས་ལ་བརྩི་འཇོག་དགོས་པ་ཤེས་དགོས་པ་ཞིག་རེད། ད་ནི་ང་ཚོ་བོད་མི་མང་གིས་ལྷ་དང་བླ་མ་འདི་ཚོ་སྲུང་སྐྱོབ་མི་ཐུབ་པའི་དཀའ་ངལ་འདུག་ག

    Reply
  5. རླུང་རྟ་ཕོ་གཞོན says:
    ལོ་ 14 སྔོན།

    བློ་ཕམ་ཡོད་་་་་་་་་་་་་་་་་་་་ཡིན་ཡང་ཡུང་ལུང་གཅིག་གི་འཁྲིས་ཡིན་པས་ནོར་འཁྲུལ་ཡིན་པ་དངོས་ལེན་བྱ་དགོས། ཕྱིན་ཆེད་འདི་ལྟར་མ་ཡོང་བར་ཞུ། རྒྱ་གར་རྒྱལ་ཁབ་ཆེན་པོའི་འཁྲིམས་ལ་བོད་པ་ཚོས་འདོད་སྣང་བྱ་དགོས

    Reply
  6. རྒྱ་སྟག་དཀར་པོ says:
    ལོ་ 14 སྔོན།

    ད་ཐེངས་༧སི་ཏི་ཀརྨ་པ་ལས་བྱུང་བའི་དོན་རྙོག་འདི་ལྷོད་དུ་ཆགས་པ་དེར་བོད་རིགས་ཡོངས་ཀྱི་དགའ་སྤྲོ་འོས་པ་ཞིག་དང་། ལྷག་ཏུ་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཕེབས་མཁན་གྱི་བླ་གྲྭ་རྣམས་དགའ་བའི་བྲོ་གར་འཁྲབ་འོས་པ་ཞིག་ཀྱང་རེད།

    Reply
  7. བསྟན་པ་ཡར་འཕེལ། says:
    ལོ་ 14 སྔོན།

    དེ་རིང་རྡོར་གདན་འབྲུག་ཞབས་དྲུང་རིན་པོ་ཆེའི་དགོན་པ་ནས་རྒྱལ་དབང་ཀརྨ་པའི་སྐུ་རིམ་དུ་མགོནཔོའི་ཚོགས་འབུམ་ཚོགས་ཀྱི་ཡོད་འདུག

    Reply
  8. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    མཁྱེན་ནོ། མཁྱེན་ནོ། ༸ཀརྨ་པ་མཁྱེན་ནོ། འདི་རིང་རྐྱེན་ངན་འདི་དང་འབྲེལ་བོད་བསྟན་དད་ལྡན་པར་ཚོར་ཞུ་འདོད་པའམ། དྲན་བསྐུལ་བྱ་འདོད་བྱུང་བ་ནི། འདོད་ཡོན་བདུད་ཀྱི་གཡབ་མོ་ཡིན། གསུངས་པ་འདིས་དོན་ཤེས་ཐུབ་པའི་རེ་བ་དང་ཆོས་གྲོགས་ཡིན་པའི་ཚུལ་དུ་བསྐུལ་བའོ། ། དཀར་དོན་མྱུར་སེལ་ལ་རྒྱབ་སྐྱོར་དང་སྨོན་འདུན་བཅས་ཕུལ།

    Reply
  9. ནགས་མེ། says:
    ལོ་ 14 སྔོན།

    འདི་ལྟར་ལྟ་དུས། རྒྱ་གར་བས་ང་བཙན་ཤེད་ཀྱིས་སྦིང་ལ་ཏིང་གི་ལས་ཀར་རྫོང་
    གིན་འདུག

    Reply
  10. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    རྒྱལ་ཀརྨ་པ་མཁྱེན་ནོ། ཁྱེད་ཀྱི་ཉེས་མེད་ཉེས་འཛུགས་ལས་མྱུར་དུ་གྲོལ་ནས། སྙན་གྲགས་དང་། མཛད་འཕྲིན་སྔར་ལས་ལྷག་པ་དང་། རྐྱེན་ངན་གྲོགས་ཤར་ཡོང་བའི་སྨོན་འདུན་ཚད་མེད་དང་བཅས་ཕུལ། །

    Reply
  11. གསར་འབྱོར། says:
    ལོ་ 14 སྔོན།

    དངུལ་གྱི་སྟེང་ནས་རྒྱ་གར་གཞུང་ལ་ཁྲིམས་མཐུན་གྱི་ཁྲལ་མི་སྤྲོད་མཁན་ནི་ཀརྨ་བླ་བྲང་གཅིག་བོ་མ་ཡིན་པར་རྡ་སའི་དགོན་སྡེ་ཁག་གཙོ་བའི་ཚོགས་སྡེ་སོགས་ཀྱིས་ཁྲིམས་འགལ་ག་འདྲ་བྱེད་ཀྱིན་ཡོད་མེད་བོད་མི་ཚོའི་སེམས་ནང་ཧ་ཅང་གསལ་བོ་ཡོད་པ་རེད། གལ་སྲིད་རྒྱ་གར་གཞུང་གིས་འདིའི་རིགས་དག་ཐེར་བྱས་པ་ནོར་འདུག་ཟེར་གྱིན་ཡོད་ན་དེ་ཧ་ཅང་མ་འགྲིག་པ་ཞིག་རེད་འདོད། རྒྱ་ལ་བོད་མི་རང་ཉིད་ལ་རང་དབང་ལྡན་པའི་གཞུང་ཞིག་ཡོད་ཚེ་བོད་མི་ཚོས་རང་ཉིད་ཀྱི་གཞུང་ལ་དངུལ་ཁྲལ་མི་སྤྲོད་པར་ཁྲིམས་འགལ་རྐྱང་རྐྱང་བྱས་ཚེ་རང་དབང་ལྡན་པའི་མང་གཙོའི་གཞུང་ཚད་ལྡན་ཞིག་ཏུ་འགྱུར་སྲིད་དམ། བླ་མ་བླ་ཆེན་དང་མི་རྒྱུད་ཅན་གྱི་དཔོན་ཆེན་ཚོས་ནི་བོད་མིའི་སྤྱི་ཚོགས་ཀྱི་ཚོགས་སྡེ་ཆེ་ཤོས་ལ་དབང་སྒྱུར་བྱེད་མཁན་གྱི་དཔོན་པོའམ་ཚོགས་གཙོ་ལྟ་བུ་ཞིག་ཆགས་ཡོད་པས་ངེས་པར་མི་དེས་ཚོས་རང་ཉིད་ཀྱི་ཚོགས་སྡེའི་སྲིད་དཔལ་རིགས་གསུལ་མཐའ་དག་ཁྲིམས་དང་མཐུན་པ་ཞིག་གི་ལམ་དུ་འགྲོ་ཐབས་བྱེད་རྒྱུ་ནི་ཆེས་ཧ་ཅང་གལ་ཆེན་ཞིག་ཡིན་པ་མ་ཟད་མི་འདི་དག་ལ་རང་བཞིན་གྱིས་འགན་དབང་དེ་ཡོད་པ་ཞིག་རེད། ང་ཚོས་ད་ལྟ་ནས་བཟུང་མ་འོངས་བོད་རྒྱལ་ཁབ་ཆེན་པོ་ཁྲིམས་དང་མཐུན་པའི་རང་དབང་གི་མང་གཙོའི་གཞུང་ཚད་ལྡན་ཞིག་ཡོང་ཆེད་འདི་དག་ལས་སློབ་གསོ་དང་ལག་ཆ་ལེན་དགོས་པ་ཞིག་རེད། དགོན་སྡེ་དང་བླ་བྲང་གི་འཇི༹ན་སྐྱོང་མཐའ་དག་དངུལ་དང་མ་འབྲེལ་བ་གཅིག་ཀྱང་མེད་དུས་དགེ་འདུན་པ་ཚོས་ཀྱང་ང་ཚོ་ཞབས་རྟེན་སྒྲུབ་མཁན་དང་ཆོས་སྦྱོངས་མཁན་ཡིན་ཞེས་ཨི་ཚུགས་མི་བྱེད་པར་སྤྱི་ཚོགས་ཀྱི་དཔལ་འབྱོར་འགྲོ་སྟངས་སོགས་ལ་ཤིས་རྟོག་བྱེད་གལ་ཧ་ཅང་ཆེན་པོ་རེད་འདུག ཀརྨ་བླ་བྲང་གི་གནས་ཚུལ་འདིར་ང་ཚོ་བོད་མི་ཚོར་གོ་བརྡ་གསལ་བོ་ཞིག་སྤྲད་འདུག་དྲེན་གྱིན་འདུག

    Reply
  12. ཨ་ཕོ་མཐུ་ཆེན། says:
    ལོ་ 14 སྔོན།

    ཀརྨ་རྣམ་རྒྱལ་ཟེར་བ་ཁྱོད་ཀྱིས་༼རང་ཅག་བོད་རིགས་ཚང་མ་བུ་ཨོ་རྒྱན་མཉམ་དུ་ནག་པོ་ནག་ཀྱང་བཟོ་རྒྱུ་གྲ་སྒྲིག་ཡིན་པ་འདྲ། ༽ཞེས་༧རྒྱལ་བ་ཀརྨ་པར་བུ་ཨོ་རྒྱན་ཟེར་ཞུ་སྟངས་ལ་གཞིགས་ན་ཁྱོད་རང་ཀརྨ་པ་གཞན་ཞིག་ལ་དད་པ་ཡོད་པ་ཞིག་ཡིན་འདུག་པས་ཁྱོད་རང་དད་གུས་སུ་ལ་བྱས་ཀྱང་རང་དབང་ཡིན་མོད། ད་ལྟའི་དུས་འདིར་ཁྱོད་དང་ངའི་ཀརྨ་པ་ཟེར་བའི་དུས་ཤིག་མིན་པ་ལོང་བས་བལྟས་ཀྱང་གསལ་མཐིང་ཡིན་པས་རྗེས་སོར་མཆན་བུ་མ་བཏབ་གོང་དུ་འཕྲལ་ཕུག་འགྱངས་གསུམ་གྱི་ཁེ་གྱོང་ལ་བསམ་བློ་བཏང་རྒྱུར་རེ་བ་ཞུ་རྒྱུ་ཡིན།

    Reply
  13. མངའ་རིས་བུ། says:
    ལོ་ 14 སྔོན།

    བློ་ཕམ་ཆེན་པོ་བྱུང།
    འོན་ཀྱང་ཁྲིམས་དང་འགལ་ཡོད་ཚེ་ངོས་ལེན་ཞུ་དགོས་ངེས་རེད་དེ་མིན་རྒྱ་གར་གྱི་གསར་ལམ་གྱི་ཐོག་ཏུ་བཀོད་པ་དེ་ཚོར་བོད་གཞུང་མང་ནས་བདེན་པ་བདེན་བདར་གྱིས་དག་གཙང་བཟོ་དགོས་པ་ལས་སྐད་འབོད་རྒྱབ་པ་ཙམ་གྱིས་མི་འགྲིག
    དཔེར་ན།
    ཧིན་དྷིའི་གསར་ཤོག་ཞིག་གི་སྟེང་དུ་ང་ཚོའི་ཧིམ་ཅལ་ལྷ་ཡི་ཞིང་ཁམས་དེ་ཀརྨ་པ་ཡིས་བཙོག་པ་ཟོས་སོང་ཟེར།
    གཞན་ཡང་བོད་པའི་དགོན་པ་དང་ཚོགས་སྡེ་ཁག་ལ་བརྟག་དཔྱད་བྱེད་དགོས་ཟེར།
    ཨ་ཙི་ད་གང་བྱེད།བོད་མི་གཅིག་གིས་བྱས་ཉེས་ལ་བོད་མི་ཡོད་དོ་ཅོག་ལ་རྒྱུག་པ་ལེབ་བརྡུང་བྱེད་ཀྱི་ཡིན་ཟེར།
    རྒྱ་གར་བ་གང་ཞིག་གིས་རྒྱ་གར་གྱི་ས་ཐོག་ཏུ་བྷམ་གཡུག་མི་གསོད་ཁྲག་སྦྱོར་བྱས་པར་ཁ་བརྡུང་གཏོང་མཁན་དེ་ཙམ་མེད།
    གསར་ལམ་དེ་དག་ལམ་བུར་མི་གཏོང་བར་བོད་གཞུང་མང་གཉིས་ནས་ཁྲིམས་བཏུག་གིས་བདེན་ར་སྤྲོད་དགོས།

    Reply
  14. སྨར་ཀླུང་དཔའ་ལ། says:
    ལོ་ 14 སྔོན།

    དེ་རིང་རྒྱུད་སྟོད་ལ་རྒྱལ་དབང་རིན་པོ་ཆེ་ལ་དྲི་བ་ལྔ་བཅུ་ཐམས་པ་ཨུ་ཎ་པཱུ་ལིའི་སའི་དཔོན་པོ་ཆེ་ཤོས་ཞིག་གི་དྲི་བ་བཏང་ན་ཡང་རྒྱལ་དབང་རིན་པོ་ཆེས་ཐོག་པ་མེད་པའི་དེ་ལན་སྐྱོན་ནས་ཁོ་རང་ཡི་རང་པོ་བྱུང་བ་རེད་ཡིན་ཡང་ད་དུང་དྲི་བ་ཁ་ཤས་ཞིག་ཡོད་ཞེས་ལབ་སོང་དེ་རིང་བཀྲ་ཤིས་ལྗོངས་ཀྱི་གཞིས་དགོན་གཉིས་ཀྱི་སྐྱ་སེར་ལྔ་བཅུ་ཙམ་རྒྱལ་དབང་རིན་པོ་ཆེ་ལ་གདུང་སེམས་མཉམ་བསྐྱེད་དང་གཅིག་བྱས་ན་མིང་ཆེས་ཞིག་ཡིན་སྲིད་ཀྱང་ད་ལྟའི་དོན་རྐྱེན་འདི་དེ་འདྲ་མ་ཡིན་པར་གྲོགས་སུ་འགྱུར་བའི་ཡིད་ཆེས་ཡོད་རྒྱ་གར་བས་དཀྲོག་གཏམ་ལ་གཞིས་དགོན་གཉིས་ཀྱིས་ཐད་ནས་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པ་མ་ཚད་སང་ཉིན་ཀྱང་སྐྱ་སེར་ཡོངས་རྫོགས་མཇལ་ཁར་བཅར་གི་ཡིན་ཞེས་མཁན་བྱམས་པ་ཡོན་ཏན་དང་མཆོག་སྤྲུལ་སྤོབས་པ་སོགས་ཀྱིས་གསུངས་སོང།

    Reply
  15. རྒྱ་སྟག་དཀར་པོ says:
    ལོ་ 14 སྔོན།

    སྐབས་འདིའི་དོན་རྐྱེན་དེ་རྒྱ་གར་གསར་ལམ་ཁག་ནས་སྤེལ་བ་བཞིན་རྒྱལ་དབང་ཀརྨ་པ་དང་འབྲེལ་བ་མེད་པའི་ཡིད་ཆེས་དང་གདེང་ཚོད་ང་ཚོ་བོད་རིགས་ཡོངས་རྫོགས་ལ་ཡོད་ཀྱང་། ཡིད་ཆེས་ཡོད་ཞེས་རྒྱུ་མཚན་གང་ཡང་དངོས་སུ་མི་འདྲེན་པ་མ་ཟད་འཇུག་ཏུ་རྒྱ་གར་གསར་འགོད་པ་ལ་མཐུ་དང་སྨོད་པ་ཅི་རིགས་བྱས་པས་ཕན་པ་ཡོད་རེད་དམ། དེས་ན་དང་པོ་ད་ཐེངས་ཀྱི་ཕྱག་དངུལ་དེ་ཡི་ཡོང་ཁུང་གང་ཡིན་སོགས་ཀྱི་གསལ་ཁ་གསལ་ལམ་ཁག་ཏུ་འགོད་ནས་ཉེས་མེད་དག་གཙང་ཡིན་པའི་ཐབས་ཤེས་ལ་བསམ་བློ་གཏང་དགོས།།

    Reply
  16. ཀརྨ་རྣམ་རྒྱལ། says:
    ལོ་ 14 སྔོན།

    ད་རེས་གི་མར་མེར་ཁྲོམ་སྐོར་འདི་དངོས་གནས་བསམ་བློ་ཡག་པོ་བཏང་བཞག རང་ཅག་བོད་རིགས་ཚང་མ་བུ་ཨོ་རྒྱན་མཉམ་དུ་ནག་པོ་ནག་ཀྱང་བཟོ་རྒྱུ་གྲ་སྒྲིག་ཡིན་པ་འདྲ། གདུང་སེམས་མཉམ་སྐྱེད་ཟེར་ན་འདི་འདྲ་རང་རེད། ཐུགས་རྗེ་ཆེ་བརྒྱ་ཐམ་པ་ཞུ་རྒྱུ་ཡིན།

    Reply
  17. ཉི་ཟླ་སྐར་གསུམ། says:
    ལོ་ 14 སྔོན།

    དངུལ་ཉར་དགོས་ཀྱང་ཉར་སྟངས་མི་ཤེས་བའི་བླ་བྲང་དང་དགོན་པ་མང་པོ་ཡོད་རེད།
    དེ་རིང་ཚང་མ་ལ་ཉན་རྡ་ཞིག་རག་རེད་། ཚང་མས་ཧ་གོ་དགོས།

    ཀརྨ་པ་མཆོག་འཛམ་གླིང་འདིར་ཁྱབ་སྒྲག་ཡག་པོ་འགྲོ་རེད་། དེ་ནི་ཕན་ཐོག་ཅིག་རེད་།
    ད་དུང་ཁོང་ལ་རྗེས་མཇུག་ག་ཚད་འདུག་གསལ་པོ་བྱུང་རེད་། དེ་ཡང་ཁེ་སོང་ཞིག་རེད།
    མདོར་ན་གནས་ཚུལ་འདི་ནས་ཀརྨ་པ་མཆོག་ལ་གཏམ་ངན་ཞིག་བཤད་ཀྱང་ཁེ་སོང་ཞིག་ཡོང་གི་རེད།

    Reply
  18. རིགས་བཟང་། says:
    ལོ་ 14 སྔོན།

    མི་དམངས་མར་མེ་ཁྲོམ་སྐོར་བྱེད་དགོས་པའི་སྐུལ་མ་གཏོང་མཁན་དེའི་བསམ་བློའི་གོ་རྟོག་དང་ཆབ་སྲིད་ཀྱི་ཕུགས་རྒྱང་ཁབ་རྩེ་ཙམ་ལས་མེད་པ་མངོན་གསལ་ཚད་མས་གྲུབ་པ་ཞིག་རེད། ད་ཐེངས་ཀྱི་མར་མེ་ཁྲོམ་སྐོར་གྱིས་གནོད་ལས་ཕན་གཅིག་ཀྱང་ཐོགས་མེད་པ་དངོས་ཡོད་གནས་ཚུལ་རེད། རྒྱ་གར་མི་དམངས་ཀྱི་སེམས་ལ་་བག་ཆགས་ངན་པ་ག་ཙམ་བཞག་ཡོད་པ་ཁྱོད་ཚོས་ཤེས་སམ།
    གནད་དོན་ཆུང་ཆུང་ཞིག་གི་དོན་དུ་རྒྱ་གར་གཞུང་དམངས་གཉིས་ལ་ཕོག་ཐུག་མ་བཏང་ན་མི་ལེགས་སམ། ཇི་འདྲའི་ཅོལ་ཆུང་རྐྱང་རྐྱང་རེད་།

    Reply
  19. རྡོ་རྗེ་རྒྱལ་མཚན། says:
    ལོ་ 14 སྔོན།

    བརྩེ་བའི་དྲ་གྲོགས་ལྷན་རྒྱས་དང་སེམས་ཤུགས་གཅིག་ཏུ་བསྒྲིལ་བའི་སྤུན་ཟླ་ལྷན་རྒྱས།ད་ལན་དཔལ་༧རྒྱལ་བ་ཀརྨ་པར་བྱུང་བའི་དོན་རྐྱེན་དེའི་བདེན་དཔང་ང་ཚོ་མི་དམངས་ཀྱིས་བྱེད་དགོས་ལ་ང་ཚོ་མི་དམངས་ཚོ་གཞན་གྱིས་བརྒྱུད་སྐུལ་དང་དཀྲོགས་གཏམ་གྱི་བསླུ་བྲིད་འོག་མ་ཚུད་པར་གཟུ་བོར་གནས་ཐུབ་པ་བྱེད་དགོས།ད་དུང་རྒྱལ་བ་ཀ་རྨ་པའི་ནམ་རྒྱུན་ཕྱག་མཛོན་རྒྱུན་ལས་སམ་དྲུང་ཡིག་གང་ཡིན་ཡང་ཚང་མས་དེ་སྔོན་རྒྱལ་རིགས་གཙོས་དད་ལྡན་གཞན་གྱིས་བསྡོ་རྟེན་སོགས་འབུལ་བ་འཕུལ་བའི་ཐོ་གཞུང་རྣམས་དཔང་པོར་བྱས་ཏེ་རྒྱ་གར་གཞུང་ལ་བདེན་པ་དག་ཐེར་གནང་དགོས་པ་ཤིན་ཏུ་གལ་ཆེ།དཔལ་རྒྱལ་བ་ཀརྨ་པ་དུས་ནམ་ཡང་རྒྱལ་གྱུར་ཅིག

    Reply
  20. འཁེར་སྐྱ། says:
    ལོ་ 14 སྔོན།

    རྒྱལ་བ་ཀརྨ་པ་སྐུ་སྒེར་ལ་དོན་རྐྱེན་ངན་པ་མི་འབྱུང་བའི་རེ་བ་ཡོད། ལན་ལན་ཚང་མ་ཕྱག་མཛོད་དེ་ཚོ་ལན་པ་རེད་་འཇོན་ཐང་མེད་པ་་ཡུལ་མའི་ཁྲིམ་མི་ཤེས་བ་་ད་དུང་ལྟ་བ་མཁྲེགས་པོ་་ད་དུང་་་ད་དུང་་་ད་དུང་་་

    Reply
  21. ཁྲ་གླག་སྤྱང་གསུམ། says:
    ལོ་ 14 སྔོན།

    དུས་བབ་རྩོམ་སྒྲིག་པ་ལགས། ངས་དང་པོ་སྤྱི་འཐུས་ཀྱི་གསལ་བསྒྲགས་སྐོར་དེ་མར་བཀོག་ཚར་འདུག་བསམ་སོང༌། ཡག་པོ་མ་བལྟས་པས་ནོར་འདུག འོན་ཀྱང་ངའི་མཆན་གཉིས་ཀ་བཏང་བར་ཐུགས་ཆེ་ཞུ་ཡ་ཡིན། ད་རེས་ངོ་མ་བོད་པ་སྤྱི་ཡོངས་ལ་མཐོང་ཆུང་བྱས་པ་ཞིག་ཡིན་པའི་ཚོར་སྣང་ཆེན་པོ་བྱུང༌། སེམས་ཚོར་ཀྱི་སྐད་ཅ་ཐལ་དྲག་ཡོད་ན་དགོངས་འགལ་མེད་པ་ཞུ།

    Reply
  22. ཁྲ་གླག་སྤྱང་གསུམ། says:
    ལོ་ 14 སྔོན།

    དེ་རིང་སྤྱི་འཐུས་ཀྱི་གསལ་བསྒྲགས་དེ་མར་བཀོག་ཚར་འདུག དེ་ཡག་པོ་བྱུང༌། སྤྱི་འཐུས་རྒྱུན་ལས་ཀྱི་གསལ་བསྒྲགས་དེ་དེ་ཙམ་རྣ་བར་འགྲོ་པོ་ཞིག་མ་བྱུང༌། ཀརྨ་པ་ལ་གདུང་སེམས་མཉམ་སྐྱེད་ཞུ་ཆེད་བཅར་བ་ཡིན་ཟེར། ཀརྨ་པ་ཐུགས་སེམས་སྐྱོ་ནས་གཤུམས་སྡོད་ཀྱི་ཡོད་པའི་བཟོ་འདྲ་པོ། ཡང་ན་ཁོང་གི་ཡབ་ཡུམ་འདྲ་པོ་གྲོངས་ཡོད་ན་གདུང་སེམས་མཉམ་སྐྱེད་ཡོད་ཟེར་ན་འདྲ་པོ་རེད། དེ་མིན་གདུང་སེམས་མཉམ་སྐྱེད་ཟེར་ན་ག་རེ་ཟེར་བ་རེད། སྒོར་འབུམ་བརྒྱ་ཉིས་བརྒྱས་ཀརྨ་པའི་བླ་བྲང་གི་བ་སྤུ་རྐང་གཅིག་གཡོ་ཐུབ་ཀྱི་མ་རེད། དེ་ལས་ལྡོག་སྟེ་ཁོང་ལ་སྦྱིན་བདག་ཚོས་དངུལ་དེ་ལས་མང་བ་ཕུལ་ཡོང་གི་རེད།

    མ་བྱུང་བ་དེ་ཕྱག་མཛོད་དེ་ཚོས་མ་བྱུང་བ་རེད། དངུལ་རྒྱ་གར་ལ་ག་རེ་བྱས་ནས་ཁུར་བཅུག་པ་རེད། ཁོང་ཚོས་ཕྱི་ནང་ཁ་མཐུན་བྱས་པ་གསལ་པོ་རེད། བོད་པའི་བླ་བྲང་དང་དགོན་པ་ཚོས་དྷི་ལི་ནས་དངུལ་འབུམ་ལྔ་བརྒྱ་དྲུག་བརྒྱ་སྒྱེ་མོ་ནང་བླུགས་ཏེ། རི་ལི་ཅག་ལོག་ནང་དགོན་པའི་བར་ཁུར་འགྲོ་བ་མང་པོ་མཐོང་མྱོང་ཡོད། བོད་པ་ཞིག་ལ་ཁུར་བཅུག་ཡོད་ན་རྙོག་དྲ་དེ་བྱུང་ཡོད་མ་རེད།

    དངུལ་དམར་ཉར་བ་དེ་ཁྲིམས་འགལ་རེད་ཟེར། དངུལ་ཕུལ་བ་དང་དངུལ་ཁང་ནང་འཇོག་པ་དུས་མཉམ་ག་འདྲ་ཡོང་གི་རེད། མི་ཞིག་གིས་དངུལ་དམར་འབུམ་བརྒྱ་ཕུལ་བྱུང་ན། དང་པོ་རྩིས་ལེན། དེ་རྗེས་གཞི་ནས་དངུལ་ཁང་ནང་བཅོལ་བར་འགྲོ་དགོས་པ་མ་རེད་དམ། དངུལ་ཁང་དུ་འགྲོ་བའི་ལམ་བར་ནས་དངུལ་དམར་ཁུར་འདུག་ཅེས་བཅོམ་ན་ཁྲིམས་དང་མཐུན་གྱི་ཨི་ཡོད།

    འོན་ཀྱང་དེ་ཚོ་གནས་ཚུལ་ཆུང་ཆུང་རེད། དོན་ངོ་མ་དེ་རྒྱ་གར་ཉེན་རྟོག་པ་དེ་ཚོ་དང༌། གསར་འགོད་པ་དེ་ཚོ་ཁྲིམས་ལ་སྦྱར་དགོས་པ་རེད། ད་རེས་ཏག་ཏག་ཅིག་བཟོ་མ་ཐུབ་ན། སྒོ་ང་རྐུ་དུས་ཏག་ཏག་མ་བཟོས་ན། །སྒོ་ང་བརྐུས་པའི་རྗེས་ལ་བྱ་མོ་བརྐུ། །ཞེས་ཁ་ཆེ་ཕ་ལུས་བསླབ་བྱ་བརྒྱབ་ཡོད་རེད། རྒྱ་གར་བ་ཚོས་དེ་འདྲ་རྟག་པར་བྱས་བསྡད་པ་ཡིན་ན། མཐར་བོད་པ་རྣམས་རྒྱ་གར་ནང་སྡོད་འདོད་ཀྱི་བསམ་བློ་ལ་སྐྱོན་ཆེན་པོ་བརྒྱབ་ཀྱི་རེད། བོད་པ་ཚོ་རྒྱ་གར་ནང་སེམས་མ་ཆགས་ན་ལས་དོན་ཚང་མ་འཐུས་ཤོར་འགྲོ་གི་རེད། དེ་ནི་བོད་ཀྱི་རྩ་དོན་ལ་དུག་དང་མཚུངས་པའི་གནོད་སྐྱོན་ཆེ་ཤོས་དེ་རེད། རྒྱ་ནག་གཞུང་གིས་ཀྱང་དེ་རྩིས་ཡོད་ཤེས་ཆེ།

    བརྙས་བཅོས་ཟེར་ན་དེ་རེད། རྒྱ་གར་ཁོ་རང་ཚོའི་དགོན་པ་ནང་འཛུལ་དང༌། ཧིན་དུ་དང་ཁ་ཆེའི་དགོན་པ་ནང་འཛུལ་ནས་སྔོག་དང༌། སྔོག་ཕོད་ཀྱི་མ་རེད། སྔོག་ཆོག་གི་མ་རེད། སྔོག་ན་ཐེར་འབུམ་མང་པོ་ཐོན་ཡོང་གི་རེད། པན་འཇབ་གྱི་གསེར་གྱི་ལྷ་ཁང་སྔོག་དང༌། ཤང་ཀ་ཨཅརྱའི་གཟིམ་ཆུང་སྔོག་དང༌། བོད་པ་ལ་བརྙས་བཅོས་རེད། རྒྱ་མིས་བཀོད་བྱུས་རེད།

    ད་རེས་གནད་དོན་འདིའི་སྒང་ལ་བོད་པ་རྒྱ་གར་ནང་སྡོད་དགོས་པ་དང༌། གཞིས་ཆགས་སྲ་བརྟན་གལ་ཆེ་སྐོར་མང་པོ་བཤད་མཁན་ཚོས་ཤུགས་བརྒྱབ་དགོས་པ་རེད། འདི་འདྲ་མུ་མཐུད་བྱས་ན་བོད་པ་སུ་ཞིག་སྡོད་འདོད་ཀྱི་རེད། སྡོད་ཕོད་ཀྱི་རེད། བསྡད་ན་སྐྱིད་པོ་ག་འདྲ་ཡོང་གི་རེད། སེམས་ག་འདྲ་གནས་ཀྱི་རེད།

    མི་མང་ལས་འགུལ་སྤེལ་མཁན་ཚོར་གདུང་སེམས་མཉམ་སྐྱེད་ཡོད། ངོ་མ་སེམས་ཕམ་དང་ཁོང་ཁྲོ་ཆེན་པོ་ཡོད་ཀྱི་རེད།

    Reply
  23. བེ་རོ་ཙ་ན། says:
    ལོ་ 14 སྔོན།

    དཔལ་རྒྱལ་བ་ཀརྨ་པ་སྐུ་སྒེར་ལ་དོན་རྐྱེན་ངན་པ་མི་འབྱུང་བའི་རེ་བ་ཡོད།

    Reply
  24. ཟླ་རྒྱལ། says:
    ལོ་ 14 སྔོན།

    ཁྲིམས་རྩོད་པ་ལེགས་ཤོས་ཆེད་གཡར་གྱིས་ཁྲིམས་ཁང་བརྒྱུད་ཁྲིམས་གཏུགས་གནང་རྒྱུ་ནི་དུས་ཀྱི་དགོས་མཁོ་ཡིན།་་་་ང་ཚོ་དད་ལྡན་རྣམས་ནས་སྨོན་ལམ་དང་བདེན་པ་མིན་པའི་གནས་ཚུལ་བརྒྱུད་ལམ་ཁག་ནང་སྤེལ་བཞིན་པ་འདི་འགག་ལན་རྒྱག་རྒྱུ་གལ་ཆེན་པོ་མཐོང།་་ཡང་རྒྱ་གར་འདི་བཞིན་དམངས་གཙོ་ལུང་པ་དང་ཁྲིམས་ཀྱི་དབང་སྒྱུར་ཡོད་པའི་ལུང་པ་ཞིག་ཡིན་ཙང་།་་ཁྲིམས་ཐོག་ནས་བདེན་པ་བདེན་འཁྱོལ་ཡོང་རྒྱུ་སྨོས་མེད་ཡིན།་་འོན་ཀྱང་ཕྱི་དངུལ་ཁྲིམས་ལུགས་ཀྱི་འབྲུ་དོན་ཁག་ཁྲིམས་འགལ་ཕྲན་བུ་བྱུང་བ་འདི་ཉེས་ཆད་བརྩིས་སྲུང་ཞུ་རྒྱུ་དང་ལེན་བྱ་དགོས།་་་དེ་ལས་འཕྲོས་པའི་ཉེས་དམིགས་ཡོད་དོ་ཅོག་རྫུན་གཏམ་ཁོ་ན་ཡིན་པས་དུས་ཚོད་ཉུང་ངུ་འགོར་སྲིད་ཀྱང་བདེན་གསལ་ཡོང་གི་རེད་བསམ་གྱི་ཡོད།་་་

    Reply
  25. བེ་རོ་ཙ་ན། says:
    ལོ་ 14 སྔོན།

    དཔལ་རྒྱལ་བ་ཀརྨ་པ་སྐུ་སྒེར་ལ་དོན་རྐྱེན་ངན་པ་མི་འབྱུང་བའི་རེ་བ་ཡོད།

    Reply
  26. ཨ་ཕོ་མཐུ་ཆེན། says:
    ལོ་ 14 སྔོན།

    དངོས་གནས་ཡག་པོ་བྱུང་འདུག རྒྱ་གར་གྱི་རྒྱུད་ལམ་ཁག་གིས་དངོས་ཡོད་གནས་ཚུལ་ལས་ལྡོག་པའི་ལབ་རྙོག་གང་མང་ཞིག་སྤེལ་ཏེ་ང་ཚོའི་སྤྱི་ཚོགས་ཆུང་ཆུང་དེ་དུམ་བུར་གཏོང་རྩིས་བྱས་དང་བྱེད་བཞིན་པར་ཡ་ལན་ཡག་པོ་ཞིག་སྤྲད་འདུག་པས་ལས་འགུལ་འདིར་འབྲེལ་ཡོད་ཚང་མར་ཐུགས་རྗེ་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་ཡིན

    Reply
  27. དུག་མདའ། says:
    ལོ་ 14 སྔོན།

    ངའི་ཨ་ཕས་ཕུལ་བའི་ཧིན་སྒོར་བརྒྱའི་དཔུང་པོར་ང་ཡོང་ཐུབ་ལ། དེ་བཞིན་འཛམ་གླིང་གང་སར་གནས་པའི་ཁོང་གི་སྦྱིན་བདག་དང་ཆོས་ཚོགས་ཚང་མས་ཁྲིམས་གཏུགས་བྱས་ཏེ་རྒྱ་གར་གཞུང་སྐྱག་པ་ཤོར་བ་ཞིག་བཟོ་དགོས། དེ་ལྟར་བྱེད་མ་ཐུབ་ཚེ་ནམ་ཞིག་རྒྱ་རྒན་ཞིག་གིས་ང་ཚོས་ཏཱ་ལས་གཏུབ་པ་ཡིན་ན་ཁྱེད་ཚོས་ཅི་བྱེད་ཟེར་བའི་དྲི་བ་དྲིས་ཚེ་ལན་ཞིག་རྒྱག་རྒྱུ་མི་རྙེད་ཐག་ཆོད་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese