དེ་རིང་བཙུན་དགོན་སྒྲོལ་མ་གླེང་དུ་བཀའ་བློན་ཁྲི་པའི་འོས་མི་གསུམ་གྱིས་བཀའ་ཁྲིའི་ལས་འགན་དང་འབྲེལ་བའི་ཐོག ཆུ་ཚོད་གསུམ་རིང་མང་ཚོགས་ཀྱི་དྲི་བར་ལན་འདེབས་གནང་ཡོད།
དེ་རིང་ཞོགས་པའི་ཆུ་ཚོད་ ༡༠ ནས་ཉིན་རྒྱབ་ཆུ་ཚོད་ ༢ བར་ངྷ་ས་དབུས་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག ནོར་གླིང་ཉེ་འགྲམ་གྱི་བཙུན་དགོན་སྒྲོལ་མ་གླིང་དུ་བཀའ་བློན་ཁྲི་པའི་འོས་མི་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་དང་། བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས། ཁྲིམས་ལུགས་མཁས་པ་བློ་བཟང་སེང་གེ་ལགས་བཅས་ཀྱིས་སྐབས་གསུམ་པའི་བཀའ་བློན་ཁྲི་པའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་མང་ཚོགས་ཀྱི་འདྲི་བར་ལན་འདེབས་གནང་ཡོད།
བགྲོ་གླེང་དེའི་སྟེང་བཀའ་ཟུར་ཁག་ཅིག་དང་བོད་མི་མང་སྤྱི་འཐུས་ཚོགས་གཞོན་དང་སྤྱི་འཐུས་རྒྱུན་ལས་རྣམ་པ། ངྷ་སའི་ཉེ་འཁོར་གྱི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་འཐུས་མི། དེ་བཞིན་ཟུར་ཉན་དུ་ཕེབས་པའི་ནོར་གླེང་ཉེ་འཁོར་གྱི་མི་མང་བཅས་ཁྱོན་བསྡོམས་མི་ ༢༠༠ ཡས་མསཤིག་བགྲོ་གླེང་དེར་མཉམ་ཞུགས་གནང་ཡོད།
ཡིན་ནའང་། ཐེངས་འདིའི་བགྲོ་གླེང་གི་རྣམ་པ་ནི་ནམ་རྒྱུན་ལྟར། གོ་སྒྲིག་ཞུ་མཁན་གྱིས་དམིགས་བཀར་བརྗོད་གཞི་གཏན་ཁེལ་ལྟར། གཏམ་བཤད་པའི་བཀའ་སློབ་གནང་རྗེས་མང་ཚོགས་དང་དྲི་བ་དྲིས་ལན་མགོ་འཛུགས་བྱ་རྒྱུ་དེ་མིན་པར། བགྲོ་གླེང་མགོ་འཛུགས་ཞུས་མ་ཐག་ནས་ངྷ་ས་ཁུལ་གྱི་གསར་ཁང་ཁག་ཅིག་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཅིག་གི་འཐུས་མི་ ༡༣ ཙམ་ལ་དམིགས་བསལ་དྲི་བ་འདོན་པའི་གོ་སྐབས་རེ་ཕུལ་བ་དང་། འཐུས་མི་རྣམས་ཀྱིས་བོད་རྒྱ་ཞི་མོལ་དང་ཤེས་ཡོན་སྲིད་ཇུས། གཞིས་ལུས་བོད་མིའི་མངོན་འདོད་དང་བཙན་བྱོལ་བོད་མིའི་འཕྲོད་བསྟེན། བོད་ནང་གི་ཁོར་ཡུག་ཉམ་ཆགས་སྐོར་བཅས་ཀྱི་དཀའ་ངལ་སེལ་ཐབས་དང་འབྲེལ་བའི་མ་འོངས་འཆར་གཞི་དང་། འབྱུང་འགྱུར་གྱི་ལོ་ལྔའི་རིང་གི་བཀའ་བློན་ཁྲི་པ་གསར་བས། བཙན་བྱོལ་བོད་གཞུང་གི་འཛིན་སྐྱོང་སྤེལ་གསུམ་དང་བོད་དོན་བདེན་མཐའ་གསལ་རྒྱུའི་ཐད། སྲིད་ཇུས་གང་འདྲ་འཛིན་འཆར་ཡོད་པ་སོགས་དང་འབྲེལ་ཏེ་དྲི་བ་དྲིས་པར་མ་ཟད། མཇུག་མཐར་མང་ཚོགས་ཁྲོད་ཀྱི་མི་སྣ་བཞི་ཙམ་གྱིས་དྲི་བ་གནང་བ་བཅས་ལ་བཀའ་ཁྲིའི་འོས་མི་གསུམ་ག་རེ་རེ་ཡིས་སྐབས་ཐོག་དྲི་བ་ཁག་ལ་ལན་འདེབས་གནང་ཡོད།
༼ དྲི་བ་དྲིས་ལན་གྱི་ནང་དོན་ཞིབ་ཕྲ་རྗེས་སུ་འགོད་རྒྱུ་ཡིན ༽
གསར་འགོད་པ། ཨ་རིག་འགྱུར་མེད་དང་བནྡེ་སྐྱབས།
མཁས་མཛངས་དང་ཡོན་ཏན་གང་ས་ཅི་ཐད་ནས་ཆ་རྐྱེན་ལེགས་ཤོས་ཀྱི་མཁས་དབང་བློ་བཟང་སེངྒེ་ཉིད་བོད་རྒྱལ་ཁབ་ཆེན་པོའི་བཀའ་ཁྲི་ཡི་གསེར་འཁྲི་མཐོན་པོར་མངལ་གསོལ་གཟེང་སྟོད་ཐུབ་པའི་སྨོན་འདུན་ཞུ།།།
མཁས་མཛངས་དང་ཡོན་ཏན་གང་ས་ཅི་ཐད་ནས་ཆ་རྐྱེན་ལེགས་ཤོས་ཀྱི་མཁས་དབང་བློ་བཟང་སེངྒེ་ཉིད་བོད་རྒྱལ་ཁབ་ཆེན་པོའི་བཀའ་ཁྲི་ཡི་གསེར་འཁྲི་མཐོན་པོར་མངལ་གསོལ་གཟེང་སྟོད་ཐུབ་པའི་སྨོན་འདུན་ཞུ།།།
བོད་ཀྱི་ད་ལྟའི་དཀའ་ངལ་སེལ་ཐུབ་མཁན་གྱི་བཀའ་ཁྲི་ནི་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་ལས་ལྷག་པའི་མི་ཞིག་ད་ལྟ་མིན་འདུག་པས་བཀའ་ཁྲི་ཁོང་རྒྱལ་གྱུརད་ཅིག
བགྲོ་གླེང་གི་དམིགས་ཡུལ་ནི་འོས་མི་རྣམས་ཀྱི་ནང་ནས་སུ་ལ་མ་འོང་བཀའ་ཁྲིའི་འོས་ཆོས་ལྡན་མིན་བགྲོ་གླེང་གི་བརྒྱུད་ནས་མི་དམངས་ནས་ཤེས་རྟོགས་དགོས་པ་དེ་རེད།
མི་ཉུང་ཤས་ཤིང་འདུས་འཛོམས་བྱས་ནས་བགྲོ་གླེང་བྱས་པ་ནི།གཉིད་རྨོངས་ཀྱི་དཀྱིལ་དུ་ཚུད་པའི་མི་དམངས་རྣམས་ལ་ཕན་ཐོག་
བྱུང་མི་འདུག་པ་མ་ཟད།དེ་ལྟ་བུའི་བགྲོ་གླེང་ནི་སྲིད་ངན་བྱུས་ཀྱིས་ཁ་
བརྒྱུར་འོག་བཀོང་ཚོགས་བྱས་པའི་དོགས་པ་འདུག།
ཧཧཧ་བགྲོ་གླེང་མང་པོ་མཐོང་ཐོས་ཀྱི་མྱོང་ཚོར་ལ་གཞིགས་ན་ འཆར་གཞི་ཡོད་པ། གདེང་ཚོད་ཡོད་པ། སྤོབས་པ་ཡོད་པ། སེམས་ཤུགས་ཡོད་པ།་གཞན་ལྷག་གི་ཤེས་ཡོན་ལྡན་པ། རྒྱ་སྤྱིའི་ཁྲིམས་ལུགས་ལ་མཁས་པ། རྒྱ་ནག་གི་ཁྲིམས་ལུགས་ལ་མཁྱེན་རབས་ལྡན་པ་མ་འོང་འབྱུང་འགྱུར་གྱི་
བཀའ་ཁྲིའི་འོས་ཆོས་ཚང་མཁན་ནི་ན་གཞོན་བློ་སེང་ལས་ལྷག་པ་གཞི་བགྲོ་
གླེང་སྟོང་ཕྲག་ཁ་ཤས་བཀོང་འཚོགས་བྱས་ཀྱང༌།རྙེད་རྒྱུ་མེད་པ་ནི་གསལ་པོ་ཆགས་ཡོད།
རེ་བ་དང་། ཡིད་ཆེས། འོད་སྟོང་འབར་པའི་ལམ་ཕྱོགས་སྟོན་ནུས་མཁན། དེ་ནི་དེང་རབས་ཀྱི་སྲིད་པའི་འཁོར་ཕྱོགས་དང་མཐུན་པའི་ཕྱག་ལས་གནང་ནུས་པའི་སྤོབས་པ། ད་དུང་། གདེང་ཚོད་དང༌། འཇོན་ཐང་འབུར་དུ་ཐོན་པའི་གཟི་དཔལ། བླ་ན་མེད་པའི་གངས་སེང་གི་སྣེ་འདྲེན་གསར་བ། གདེང་ཐོབ་བརྒྱ་ཆ་བརྒྱ་ཡོད་པའི་ན་གཞོན། འོས་ཞིང་འཚམས་པའི་དཔོན་པོ།
ཁྱེད་ནི་གངས་ཅན་གྱི་མགོ་བོ་ཡར་ལ་འདེགས་པའི་སྤོབས་པ་ཡོད་ལ།
ནུས་པ་འང་ལྡན། ཁྱེད་ཀྱི་ཕྱི་རབས་ཀྱི་སེམས་ཁོང་གི་མུན་པ་སེལ་བའི་མན་ངག་གསར་བར་དེ་ལ་སྒུག་གི་མིད་པ་གདེང་ནས་བསྡད་ཡོད། མདོར་ན་བློ་བཟང་སེང་གེ་ལགས། ཉིས་སྟོང་བཅུ་གཅིག་གི་བློ་བཟང་སེང་གེ། བོད་མིའི་བདེ་སྐྱིད་ཀྱི་ཉག་ཀ་སེལ་མཁན་གྱི་བློ་བཟང་སེང་གེ།
མི་དམངས་འབུམ་ཁྲག་མང་པོས་ཁྱེད་ཀྱི་འཇོན་ཐང་གི་གཟི་འོད་ཕྱོགས་བཞིར་འཕྲོས་ཏེ་མུན་པའི་ཟབ་དོང་ན་ལྷག་ཡོད་པའི་བོད་པ་ཚང་གི་ལས་དབང་གི་ཁ་ཕྱོགས་སྒྱུར་བར་རེ་སྒུག་བྱས་ནས་བསྡད་ཡོད།
གངས་ཅན་གྱི་རིག་རྒོད། ཉམ་ཐག་གི་མགོན་བོ་གནམ་ལ་འདེགས་མཁན་ནི་ཁྱེད་རང་ཡིན།
སེང་གེ་ལགས། ངས་བསམ་བློ་ཞིབ་ཏུ་བཏང་དུས། ཁྱེད་རང་ནི་ཉིས་སྟོང་བཅུ་གཅིག་གི་བོད་པའི་བཀའ་བློན་ཁྲི་བར་འོས་ཤོས་རེད། ཁྱེད་ལས་གཞན་གང་ན་གདའ། ཀླད་པ་ཐང་ཐང་ཡོད་མཁན་རྣམས་ཀྱི་མིག་ཟུང་ཤུུགས་ཆེན་བགྲད་དེ་གཟིགས་དང༌། ཁོང་ལས་གཞན་གང་ན་འོས་འཚམས་ཤིག་འདུག
བེུད་ཚོགས་པས་བགྲོ་གླེང་འདི་དག་བཀོང་འཚོགས་གནང་ཡོད། ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གིས་བགྲོ་གླེང་གཅིག་མཚུངས་དཔེ་མཛོད་ཁང་དུ་གོ་སྒྲིག་གནང་རྒྱུ་ཡིན་འདུག འོན་ཀྱང་བགྲོ་གླེང་གཉིས་ཀར་ཚོགས་བཅར་བ་མགྲོན་ཤོག་གི་ལམ་ནས་ཉུང་ཤས་ལས་མེད་པ་བཟོས་འདུག འོས་མི་རྣམ་པ་གསུམ་ལ་བགྲོ་གླེང་རེ་རེར་བཀའ་མོལ་མི་འདྲ་བ་གསུང་རྒྱུ་མང་པོ་ཨེ་ཡོད་བསམ་གྱི་འདུག ལྷ་རབ་བྱུང་ན། གཙུག་ལག་ཁང་ངམ་བོད་གཞུང་ཟློས་གར་དུ་མང་ཚོགས་གང་མང་མང་འཛོམས་པའི་ཐོག་ནས་བགྲོ་གླེང་ཐེངས་གཅིག་དུས་ཡུན་མང་ཙམ་རིང་འཚོགས་ན་ཧ་ཅང་ཕན་ཐོགས་ཆེ་བ་འདུག གལ་ཆེ་ཤོས་ནི་གཞི་རིམ་མང་ཚོགས་ཀྱི་གོ་རྟོགས་སྤེལ་རྒྱུ་དེ་ཡིན་པ་ལས། སྤྱི་ཚོགས་ནང་གི་ཤེས་ཡོན་ཅན་དང་གནད་ཡོད་མི་སྣ་ཉུང་ཤས་ཀྱི་གོ་རྟོགས་སྤེལ་རྒྱུ་དེ་མ་རེད་ལ་ཁོང་ཚོས་གནས་ཚུལ་ཆ་ཚང་བ་ཞིག་ཤེས་ཀྱི་ཡོད་ངེས་རེད།
བེུད་ཚོགས་པ་དང་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གིས་སོ་སོའི་ལོ་འཁོར་ལས་བསྡོམས་འགང་རྒྱུ་ལྟ་བུའི་ཆེད་དུ་གནད་ཡོད་མི་སྣ་ཉུང་ཤས་འདུ་བཀོང་གནང་སྟེ་བགྲོ་གླེང་འདི་གོ་སྒྲིག་གནང་བར་བློ་ཕམ་ཡོད། དགའ་བསུ་མད། ཁྱེད་ཚོ་འགོ་འཁྲིད་པ་ནས་བསམ་བློ་རྒྱ་ཆེ་རུ་གཏང་དགོས་ངེས།
གྲོགས་པོ་ཚོ་་་་
ངས་ཟླ་འགའི་རིང་བཀའ་ཁྲིར་སུ་འོས་ལ་གནོའ་བསམས་བཏངས་འབྲས་སུ།
རྒྱུ་མཚན་གང་གིས་ཀྱང་འདོར་མི་ཕོད་པའི་བཀའ་བློན་ཁྲི་བ་ཞིག་རྙེད་སོང་།
དེ་ནི
དེང་རབས་ཀྱི་ཁ་ཕྱོགས་དང་འཚམས་ཤིང་།ཕྱོགས་གང་འཐད་ནས་བལྟས་ཀྱང་།
འཛམ་གླིང་གི་མི་སྣ་གྲགས་ཅན་ཚོའི་དཔུང་གྲལ་སུ་སྙེགས་ཐུབ་པའི།
མཁས་དབང་བློ་བཟང་སེང་གེའམ་ཡོངས་གྲགས་སུ་”བོད་ཀྱི་ཨོ་བྷ་མ་”ཞེས་པ་དེ་རེད།
ང་ཚོས་གང་སེང་རྟགས་ཅན་གི་རྒྱ་དར་འདི་་རྣམ་པར་བཀྲ་བའི་ཕོ་བྲང་པོ་ལྟ་ལའི་རྩེ་མོ་རུ་བསྒྲོན་འདོད་ན།
ང་ཚོས་གཞིས་བྱེས་བོད་མི་ཚོ་དཀའ་སྡུག་གི་གཡང་ས་ལས་ཐར་འདོད་ན།
ང་ཚོས་ཕྱོགས་ཞེན་དང་འཐབ་འཛིང་གི་བག་ཆགས་ངན་རུལ་འདི་དག་རྨིག་མེད་དུ་བཀྲུ་འདོད་ན།
ང་ཚོས་མི་རབས་གསར་པ་དག་གིས་བོད་དོན་འཐབ་རྩོད་ཀྱི་འགན་འཁྲི་འདི་ཕྲག་ཏུ་ཁུར་འདོད་ན།
ང་ཚོས་༧གོང་ས་མཆོག་གི་ཐུགས་དགོངས་ན་ཤར་བའི་གཞོན་སྐྱེས་བཀའ་ཁྲི་དེེ་འདེམས་འདོད་ན།
མདོར་ན་ང་ཚོར་གཞིས་བྱེས་བོད་མིར་ལྷན་འཛོམས་ཀྱི་ཉིན་མ་སྐྱིད་པོ་དེ་འཆར་འདོད་ན།
བློ་བཟང་སེང་གེ་འདི།
བཀའ་ཁྲིར་འདི་བདོམས་ཤིག
འོས་ཤོག་འཕོངས་ཤིག
བཀའ་ཁྲི་ལ་འདི་རྒྱལ་ལོ།
མཁས་དབང་འདི་རྒྱལ་ལོ།
གཞོན་སྐྱེས་འདི་རྒྱལ་ལོ།
ཕོ་རབ་འདི་རྒྱལ་ལོ།
རྒྱལ་ལོ་རྒྱལ་ལོ་བློ་བཟང་སེང་གེ་འདི་རྒྱལ་ལོ།
བཀྲ་ཤིས་པའི་སྒོ་ནས་དབང་དུ་འདུས་པའི་རེ་བ་དང་སྨོན་ལམ་ཡོད། བོད་རྒྱལ་ལོ།
སྤྱོད་ངན་གྱི་དྲི་བྲལ་བཀའ་ཟུར་བཀྲིས་དབང་འདུས་ཁྱེད་ལ་འོས་ཤོག་དེ་ཕུལ་ངེས་ཡིན།
ངའི་འོས་ཤོག་ནི་དྲང་བདེན། ལྷག་བསམ། ཉམས་མྱོང་། སྐུ་ཡོན་བཅས་ཀྱིས་ཕྱུག་ཅིང་། དགྲ་འདུལ་གཉེན་སྐྱོང་གི་ལས་ལ་མི་གཞོལ་བས་ཀུན་སྙོམས་ཅན་བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་སུ་ཕུལ་རྒྱུར་གཏན་འཁེལ་བྱས་ཟིན།
དུས་འབབ་གསར་འགོད་པ་་་ཨ་རིག་འགྱུར་མེད་དང་བནྡེ་སྐྱབས་གཉིས་ལ་དུས་ཐོག་གསལ་བསྒྲགས་གནང་བ་དགའ་བསུ་ཞུ་།
མ་ཚད་ཡང་འོས་མི་རྣམས་པ་ཚོའི་གཅིག་གི་གཅིག་ལ་གུས་ཞབས་དང་རྩི་བཀུར་གནང་བ་བསྔགས་བརྗོད་ཞུ་།
ཁྱེད་རྣམས་པ་གསུམ་ལོ་གསར་པ་ལ་སྐུ་གཟུགས་བདེ་ཐང་དང་བྱ་བ་ལམ་འགྲོ་ཡོངས་བའི་བཀྲ་ཤིས་སྨོན་འདུན་ཞུ་།
སླེབས་ལ་ཉེ་བའི་དུས་འདིར་འདི་འདྲའི་འདུས་འཛོམས་བྱེད་རྒྱུ་གལ་ཆེན་པོ་འདུག
བཀོད་བསྒྲིགས་གནངས་མཁན་ཚོར་རྗེས་སུ་ཡི་རངས་དང་བསསྔགས་བརྗོད་ཡོད།
དྲང་བདེན་དང་ཤེས་ཡོན་ཅན་ལ་རྒྱལ་ཁ་ཐོབ་པར་ཤོག
དྲང་བདེན་ལ་རྒྱལ་ཁ་ཐོབ་པར་ཤོག ཤེས་ཡོན་ལ་རྒྱལ་ཁ་ཐོབ་པར་ཤོག ཉམས་མྱོང་ལ་རྒྱལ་ཁ་ཐོབ་པར་ཤོག