མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཟོད་གསོལ་ཞུ་རྒྱུ་མིན།

བོད་ཀྱི་དུས་བབ།
༢༠༡༡/༠༢/༠༡
Share on FacebookShare on TwitterShare on EmailShare on Whatsapp

གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་སྐབས་བཅུ་བཞི་བའི་བཀའ་ཁྲིའི་ལས་ཡུལ་འཁྱོལ་ལ་ཉེ་སྐབས། རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་སྒར་ཁག་དང་གདན་ས་ཁག་ཏུ་གཞུང་འབྲེལ་ཕྱོགས་སྐྱོད་ཅིག་གནང་གིན་ཡོད་ཅིང་། རེས་བཟའ་ཉི་མའི་ཉིན་འབྲས་སྤུངས་བླ་སྤྱིའི་འདུ་ཁང་དུ་འབྲས་སྤུངས་དགོན་པའི་གྲྭ་བ་རྣམས་དང་། ༧གོང་ས་མཆོག་གི་གསུང་ཆོས་ལ་བཅར་མཁན་ཕྱོགས་མཐའ་ཁག་གི་དགེ་འདུན་པ་བཅས་ལགསུང་བཤད་གནང་འདུག བཀའ་ཁྲི་མཆོག་གིས། བཀའ་ཤག་སྐབས་བཅུ་གསུམ་དང་བཅུ་བཞི་བའི་ལོ་ངོ་ ༡༠ རིང་གི་ལས་དོན་ཐོག་ལབ་རྒྱུ་གླེང་རྒྱུ་མ་བྱུང་ཙམ་གྱིས་འགྲོ་ཐུབ་པ་བྱུང་ཡོད། དེ་ནི་༧གོང་ས་མཆོག་གི་ལམ་སྟོན་དང་མང་ཚོགས་ཀྱི་རྒྱབ་སྐྱོར་ཉག་གཅིག་ལ་བརྟེན་ནས་བྱུང་བ་ཆགས་ཡོད་སྟབས། ཐེངས་འདིར་རྒྱ་ཆེའི་མང་ཚོགས་ལ་བཀའ་དྲིན་རྗེས་དྲན་དང་། ཐུགས་རྗེ་ཆེ་ཞུ་བར་བཅར་བ་ཡིན། ཞེས་དང་།

ཁོང་གིས་མུ་མཐུད་དུ་གྲྭ་བཙུན་ཚོ་ཆབ་སྲིད་ནང་མཉམ་ཞུགས་གནང་གལ་ཆེ་སྐོར་གསུངས་དོན། རབ་བྱུང་བ་དང་བཙུན་མ་ཚོས་འོས་ཤོག་གི་ཆ་ཤས་ལེན་དང་ལེན་བཞིན་པ་དེ་ནི། ཆབ་སྲིད་དང་སྤྱི་ཚོགས་ཀྱི་ངོས་ནས་བལྟས་ན་ཡག་པོ་རེད། གྲྭ་བཙུན་སྔགས་འཆང་སུ་ཞིག་ཡིན་རུང་། སོ་སོའི་ཉམས་ལེན་བྱེད་ཕྱོགས་དང་། སྡོམ་པ་བཞེས་ཡོད་མེད་ཙམ་མ་གཏོགས་ཚང་མ་བོད་པ་ཡིན་པ་གཅིག་མཚུངས་རེད་ལ། བོད་བསྟན་པ་ཆབ་སྲིད་ཐོག་འགན་འཁྲི་ཡོད་པ་ཡང་གཅིག་མཚུངས་རེད། ཆབ་སྲིད་ལ་འགན་ལེན་སྐབས། ཆབ་སྲིད་ལས་ཀྱི་སྣེ་མོ་བ་འོས་འདེམས་ཀྱི་ཆ་ཤས་ལེན་རྒྱུ་གལ་ཆེན་ཡིན། སྤྱིར་བོད་མིའི་སྤྱི་ཚོགས་དང་། ལྷག་པར་དུ་བཙན་བྱོལ་སྤྱི་ཚོགས་ལ་མཚོན་ན། གྲྭ་བཙུན་གྱིས་མི་འབོར་གྱི་བརྒྱ་ཆ་མི་ཉུང་བ་ཞིག་བཟུང་ཡོད་སྟབས། གྲངས་ཚད་མང་པོ་ཡོད་པའི་སྡེ་ཚན་ཞིག་གིས་ཆབ་སྲིད་ཀྱི་ལས་རིམ་ནང་གོ་སྐབས་ལེན་རྒྱུ་མེད་པ་ཆགས་ན། ཧ་ཅང་མི་འོས་པ་ཞིག་དང་བོད་པའི་ཆབ་སྲིད་ཀྱི་འཕེལ་རིམ་ཐོག་དོ་ཕོག་འགྲོ་རྒྱུའི་གནས་སྟངས་ཤིག་ཆགས་ཡོད། འོན་ཀྱང་ཆོས་འདུལ་བའི་ཐད་ནས་བཤད་ན་འགྲིག་གི་ཡོད་མེད། མཁས་པ་ཚོས་བརྟག་དཔྱད་གཏོང་དགོས་པ་ཞིག་རེད། ལྷག་པར་དུ་ལོ་ངོ་བཞི་བརྒྱ་མ་ཟིན་ཙམ་གྱི་ལོ་རྒྱུས་ཡོད་པའི་དགའ་ལྡན་ཕོ་བྲང་གཞུང་གི་ལས་དོན་ནང་རབ་བྱུང་བས་ཐེ་ཇུས་མ་བྱས་ན་ཁྱད་མཚར་བོ་ཞིག་ཡིན་ལ། ཆོས་སྲིད་ཟུང་འབྲེལ་ཟེར་བ་འདི་ལ་ཡང་འགྲེལ་བཤད་རྒྱག་མ་ཤེས་པ་ཞིག་དང་། རྐང་པ་ཡ་གཅིག་མེད་པའི་བཟོ་འདྲ་བོ་ཞིག་ཆགས་རྒྱུའི་ཉེན་ཁ་ཡོད། ཅེས་གསུངས་འདུག

མཇུག་ཏུ་ཁོང་གིས་ཐེངས་འདིར་མང་ཚོགས་ལ་ཐུགས་རྗེ་ཆེ་ཞུ་བར་བཅར་བ་དང་མཉམ་དུ། ད་བར་བཀའ་ཤག་གི་ལས་དོན་ཐོག་ནོར་འཁྲུལ་དང་འཐུས་ཤོར། ལེགས་འགྲུབ་མ་བྱུང་བའི་རིགས་ལ་དགོངས་སེལ་ཡང་མཉམ་དུ་ཞུ་དགོས་ཀྱང་། སྔོན་མ་སྤྱི་འཐུས་ཚོགས་གཙོ་ལས་འཁྱོལ་སྐབས། ལོ་བཅུ་ལ་སྤྱི་འཐུས་ཚོགས་གཙོའི་ལས་འགན་འཁྱེར་བའི་རིང་ལས་དོན་མ་འགྲུབ་པའི་རིགས་ལ་བཟོད་གསོལ་ཞུས་ཏེ། འབྱུང་འགྱུར་སྒྲིག་འཛུགས་ཀྱི་ལས་གནས་རྗེས་འབྲེལ་གྱི་ལས་ཀ་ཡོང་ས་མ་རེད་ཅེས་གསལ་བོ་ཞུས་ཡོད་ཀྱང་། མང་ཚོགས་ཀྱིས་དེ་ལ་མ་གསན་པར། བསྐྱར་དུ་བཀའ་བློན་ཁྲི་པར་འོས་བླུགས་པ་རེད། གལ་སྲིད་ནོར་འཁྲུལ་འདྲ་ཕྱིན་ཡོད་ན་ང་ཚོས་མཉམ་དུ་བཟོས་པ་རེད་ལ། དགོངས་སེལ་ཞུ་དགོས་ཀྱང་ཕན་ཚུན་གཉིས་ཀར་ཞུ་རེས་བྱ་དགོས་པ་རེད། ཅེས་གསུངས་སོང་།

འབྲེལ་ཡོད་གསར་འགྱུར།

State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

ཆུ་ཚོད་ ༡༢ སྔོན་ལ།
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

ཆུ་ཚོད་ ༡༣ སྔོན་ལ།
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦

མཆན། 4

  1. གདོང་དམར་བོད་པ། says:
    ལོ་ 16 སྔོན།

    བཀའ་ཁྲི་རིན་པོ་ཆེ།
    མང་ཚོགས་ལ་ཐུགས་རྗེ་ཆེ་ཞུ་རྒྱུའི་གཞུང་འབྲེལ་ཕྱོགས་བསྐྱོད་མཇུག་བསྒྲིལ་ཏེ་རྡ་སར་ཕེབས་ནས་ད་ལྟ་༧རྒྱལ་བ་ཀརྨ་པ་རིན་པོ་ཆེར་རྒྱ་གར་སྐོར་བསྲུང་བ་དང་གསར་འཕྲིན་འགོད་མཁན་ཚོས་སྐུ་ངལ་བཟོད་བཞིན་འདུག་པར།
    མང་ཚོགས་ཡོད་དོ་ཅོག་སར་ཐུགས་རྗེ་ཆེ་ཞུ་རྒྱུ་ཆེད་གཞུང་འབྲེལ་ཕྱོགས་བསྐྱོད་ཞུས་བསྡད་ན་གཞུང་དངུལ་མང་པོ་རྫོགས་ཡོང་།
    དེ་ལས་ཏ་གསར་ལམ་ཁག་རྒྱུད་བཀའ་ཤག་གམ་བཀའ་བློན་ཚང་མས་མཚན་ཐོག་ཐུགས་རྗེ་ཆེ་ཞུ་ན་འཐུས་ཡོང་སེམས།
    བཀྲིན་བདེ་ལེགས།

    Reply
  2. དུག་མདའ། says:
    ལོ་ 16 སྔོན།

    མིན་འགྲོ་ཟེར་ཡང་ངས་ལས་ཡིན་ཟེར་བ་ཞིག་བྱུང་ན་འགྲིག་གི་རེད། ངས་ལས་ཀྱི་ཡིན་ཟེར་ཡང་ངས་བྱས་མིན་འགྲོ་ཟེར་མཁན་ཞིག་མི་ཡོང་བའི་ངེས་པ་སུ་ལའང་མེད། ད་ཐེངས་ཀྱི་གསུང་བཤད་ཁ་ཡིག་ལ་བཟོད་གསོལ་ཞུ་རྒྱུ་མེད་ཅེས་འདོགས་པར་འོས་སོ།།

    Reply
  3. བེ་རོ་ཙ་ན། says:
    ལོ་ 16 སྔོན།

    གསར་འགྱུར་འགོད་མཁན་དག་གི་གཟབ་གཟབ་གནང་རྒྱུ་གལ་ཆེ། བློ་གསལ་གླིང་གྲཱ་ཚང་དང་། འབྲས་སྤུངས་བླ་སྤྱིའི་འདུ་ཁང་ཟེར་དགོས་བ་རེད། ད་་་་་དུས་ཚོད་མི་འདུག་མི་གཏོགས་མང་པོ་ཞིག་ཞུ་རྒྱུ་འདུག།

    Reply
  4. གནས་ཚང་། says:
    ལོ་ 16 སྔོན།

    ༼སྔོན་མ་སྤྱི་འཐུས་ཚོགས་གཙོ་ལས་འཁྱོལ་སྐབས། ལོ་བཅུ་ལ་སྤྱི་འཐུས་ཚོགས་གཙོའི་ལས་འགན་འཁྱེར་བའི་རིང་ལས་དོན་མ་འགྲུབ་པའི་རིགས་ལ་བཟོད་གསོལ་ཞུས་ཏེ། འབྱུང་འགྱུར་སྒྲིག་འཛུགས་ཀྱི་ལས་གནས་རྗེས་འབྲེལ་གྱི་ལས་ཀ་ཡོང་ས་མ་རེད་ཅེས་གསལ་བོ་ཞུས་ཡོད་ཀྱང་། མང་ཚོགས་ཀྱིས་དེ་ལ་མ་གསན་པར། བསྐྱར་དུ་བཀའ་བློན་ཁྲི་པར་འོས་བླུགས་པ་རེད། གལ་སྲིད་ནོར་འཁྲུལ་འདྲ་ཕྱིན་ཡོད་ན་ང་ཚོས་མཉམ་དུ་བཟོས་པ་རེད་ལ། དགོངས་སེལ་ཞུ་དགོས་ཀྱང་ཕན་ཚུན་གཉིས་ཀར་ཞུ་རེས་བྱ་དགོས་པ་རེད། ཅེས་གསུངས་སོང་། ༽ ལྟོས་དང་ཅི་འདྲ་འདུག་གམ། ༼མིན་འགྲོ༽ལབ་མཁན་ཞིག་གདམ་ག་བྱེད་མི་རུང་ཟེར་དོན་འདི་རེད་ལ། ནོར་འཁྲུལ་ཕྱིར་མང་ཚོགས་ཀྱི་མགོར་གཡུགས་ན་བཙན་བྱོལ་བོད་མི་དེང་ཕྱིན་གཞིས་ལུས་བོད་མིའི་མིག་ནང་དུ་ནག་ཉེས་བཟོ་མཁན་ཆགས་ཟིན་པ་མིན་ནམ།

    ད་ཐེངས་ཚང་མ་ལོས་༼ངས་ལས་ཀི་ཡིན༽ཟེར་མཁན་ཞིག་གདམ་ག་བྱེད་གལ་ཆེ་བ་འདི་ལས་གསལ་བོར་བསྟན་ཡོད་ལ། དེའི་དགེ་བ་ནི་མ་འོངས་པར་ནོར་འཁྲུལ་ཁོ་རང་གཅིག་པུ་ལས་མང་ཚོགས་ཀྱིས་ཁུར་དགོས་མེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese