མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མདོ་སྨད་གཅན་ཚ་ཁུལ་དུ་རྒྱའི་ལོ་སར་བཏང་མི་འདུག

བོད་ཀྱི་དུས་བབ།
༢༠༡༡/༠༢/༠༦
Share on FacebookShare on TwitterShare on EmailShare on Whatsapp

 

ལོ་འགའི་སྔོན་ནས་བཟུང་མདོ་སྨད་ཀྱི་ལོ་སར་སྟངས་དེ་རྒྱའི་ལོ་སར་དང་སྟབས་བསྟུན་བྱེད་ཀྱིན་ཡོད་སྟབས། འདི་ལ་བསྒྱུར་བཅོས་གཏོང་དགོས་པའི་བསམ་ཚུལ་ཤུགས་ཆེར་ཡོང་གི་ཡོད་པ་ལྟར། ད་ལོ་ནས་བཟུང་མདོ་སྨད་གཅན་ཚ་ཁུལ་དུ་ཧོར་ཟླ་དང་པོའི་ཚེས་གཅིག་ཉིན་ལོ་སར་བཏང་མི་འདུག

ཕ་ཡུལ་གཅན་ཚ་ནས་ཡིན་ཞིང་ད་ཆར་ཨ་རིར་སློབ་སྦྱོང་བྱེད་ཀྱིན་པའི་འབྲོང་བུ་ཟླ་བ་ལགས་ཀྱིས་འདི་གའི་གསར་འགོད་པར་བཏང་བའི་གནས་ཚུལ་ལྟར་ན། ༢༠༠༨ ལོའི་བོད་ནང་གི་ཞི་རྒོལ་ཆེན་མོའི་རྗེས་ནས་བཟུང་མདོ་སྨད་གཙན་ཚ་རྫོང་གི་རྒན་ཡོལ་ལས་བྱེད་དང་ཤེས་ལྡན་མི་སྣ། གྲྭ་པ་བཅས་ཀྱིས་མགོ་ཁྲིད་དེ་མང་ཚོགས་ནང་དུ་མདོ་སྨད་ཁུལ་གྱི་ལོ་སར་རོལ་སྟངས་སྐོར་ལ་བགྲོ་གླེང་ཤུགས་ཆེར་བྱས་ཤིང་། མདོ་སྨད་ཡུལ་དུ་ཧོར་ཟླ་དང་པོའི་ཚེས་ ༡ ཉིན་ཏེ། རྒྱ་ནག་གིས་དཔྱིད་གསར་དུས་ཚིགས་སུ་འབོད་པའི་ལོ་སར་ལ་རོལ་སྟངས་འདི་ནི། བོད་ཀྱི་ངོ་བོ་མཚོན་པའི་དུས་ཆེན་ཞིག་མིན་པར་མ་ཟད། འདི་ནི་བོད་མི་རིགས་རང་གི་རིག་གཞུང་ནང་དུ་མདོ་སྨད་ཡུལ་ནས་ནོར་འཁྲུལ་ཆེན་པོ་ཞིག་ཤོར་བར་ངོས་འཛིན་བྱེད་ཀྱི་ཡོད་ཅིང་། ཐོག་མར་གཅན་ཚ་ངང་རོང་དགོན་དང་ཀོའུ་བ་དགོན། གསང་སྒྲོག་དགོན། མགུར་དགོན། ལ་མོ་བདེ་ཆེན་དགོན་སོགས་ཀྱིས་དགུ་གཏོར་དང་སྨོན་ལམ་ཆེན་མོ་སོགས་བོད་རང་གི་རྩིས་གཞུང་ལ་གཏུགས་ཡོད་པ་མ་ཟད། མདོ་སྨད་ཡུལ་ན་ཀུན་གྱིས་གལ་ཆེན་དུ་བརྩི་བཞིན་པའི་རྒྱའི་ལོ་གསར་ལ་མི་རོལ་རྒྱུའི་དམ་བཅའ་བཞག་སྟེ། དགོན་པ་སོ་སོའི་འོག་ཏུ་ཡོད་པའི་ལྷ་སྡེ་སོ་སོས་ལོ་གསར་ལེགས་སྐྱེས་འཁྱེར་མི་ཡོང་རྒྱུ་དང་། གལ་སྲིད་འཁྱེར་ཡོང་ཡང་དགོན་པའི་བླ་སྤྲུལ་དགེ་བཤེས་ཚོར་མཇལ་ཁ་རག་དཀའ་ཞིང་། གྲྭ་བ་ཚོས་ནམ་རྒྱུན་ལྟར་ཚོགས་ཆོས་གྲྭར་འགྲོ་དགོས་སྟབས་སྐྱིད་པོ་བྱས་ནས་འདུག་ཁོམ་མེད། ལོ་གསར་གྱི་ལེགས་སྐྱེས་སོགས་རྩ་ཆེན་དུ་བརྩིས་ཏེ་དགོན་པར་བསྐྱལ་མི་ཡོང་རྒྱུའི་རེ་སྐུལ་བྱས་སྟབས། རིམ་གྱིས་སྡེ་བ་རེ་རེ་ནས་འདིའི་སྐོར་ལ་གླེང་ཕྱོགས་ཤུགས་ཆེ་རུ་སོང་ཞིང་། ད་ལོའི་ཧོར་ཟླ་ ༡༢ ཚེས་ ༢༩ ཉིན་སྡེ་བ་སོ་སོའི་སྡེ་མི་ཡོངས་མ་གྲོས་བསམ་པ་གཅིག་མཐུན་ཐོག་རྒྱའི་ལོ་གསར་ལ་མི་རོལ་རྒྱུའི་ཐག་གཅོད་བྱས་འདུག་ཟེར།

 

ཡང་ཁོང་གིས། ད་ལྟ་དགུན་ཁའི་གུང་སེང་གི་སྐབས་དང་བསྟུན་ཏེ་ནང་མི་ཡོངས་ལྷན་འཛོམས་བྱུང་ཡོད་ཀྱང་། ད་ལོའི་ལོ་སར་ཚེས་གཅིག་གི་ཞོགས་པར་གཅན་ཚ་ཁུལ་གྱི་བོད་མི་རྣམས་ལྷོད་ལྷོད་བྱས་ཡར་ལངས་ཏེ་རྒྱུན་ལྡན་གྱི་ཟས་ལ་རོལ་བ་ལས་འཆོར་གོས་གྱོན་པ་དང་ཤོག་སྦག་སྒྲོན་པ། རི་མགོར་ལབ་རྩེ་བསྟོད་དུ་འགྲོ་བ་སོགས་ལོ་སར་སྐབས་ཀྱི་བྱེད་སྒོ་གཅིག་ཀྱང་སྤེལ་མི་འདུག ལྷག་པར་དུ་ད་ལོར་ཆེས་སེམས་སྤྲོ་བ་ཞིག་ནི་ས་ཐག་ཉེ་རིང་ན་ཡོད་པའི་ཤ་ཉེ་སྤུན་མཆེད་རྣམས་ཀྱིས་ཁ་པར་བཏང་སྟེ་ལོ་སར་ལ་མཚམས་འདྲི་བྱེད་སྐབས། ང་ཚོ་བོད་ཀྱི་ལོ་སར་ད་དུང་བསླེབ་མེད། རྒྱའི་ལོ་སར་ལ་རོལ་གྱིན་མེད་ཅེས་ལན་འདེབས་བྱེད་ཅིང་། ང་ཚོ་བོད་མི་ཡིན་པའི་ཆ་ནས་སེམས་བསམ་པའི་སྟེང་ནས་མཐུན་སྒྲིལ་དགོས་ལ། མཐུན་སྒྲིལ་འདི་མིག་གིས་མཐོང་ཡུལ་དུ་འགྱུར་ཐུབ་པའི་ལས་འགུལ་གྱི་སྒོ་ནས་ར་སྤྲོད་དགོས་པས། བོད་རིགས་ཡོངས་ཀྱིས་ལོ་གསར་དུས་ཚེ་གཅིག་ལ་གཏན་འབེབས་བཟོ་དགོས་ཀྱི་འདུག ང་ཚོ་བོད་པ་ས་ཡ་དྲུག་ནི་སྐད་ཡིག་གཅིག་དང་། རིག་གཞུང་གཅིག ཆོས་ལུགས་གཅིག་གིས་དམ་དུ་སྦྲེལ་ཡོད་པའི་མི་རིགས་གཅིག་ཡིན་སྟབས། ནམ་རྒྱུན་གོམས་ལོབས་སུ་གྱུར་བའི་རྒྱའི་ལོ་གསར་སྤངས་ཏེ་བོད་ཀྱི་ལོ་གསར་གཏོང་དགོས། ཞེས་གསུང་གི་འདུག་ཟེར།

ཡང་ངྷ་སར་གནས་བཞུགས་གཅན་བཟོད་རྒྱམ་ལགས་ཀྱིས་ཀྱང་ལོ་སྔོན་མ་ནས་བཟུང་ཁོང་གི་ཕ་ཡུལ་དུ་ཧོར་ཟླ་དང་པོའི་ཚེས་ ༡ ཉིན་ལོ་སར་ལ་རོལ་གྱི་མིན་པའི་སྐད་ཆ་ཞིག་གླེང་གིན་འདུག་ལ། ད་ལོ་ནས་བཟུང་ཚང་མས་བོད་ལུགས་ཀྱི་ལོ་སར་དང་གཅིག་མཚུངས་བྱ་ཆེད་རྒྱ་ལོའི་ལོ་སར་ལ་རོལ་མི་འདུག དཔེར་ན་གླུ་ལེན་གར་རྩེད་ལ་རོལ་བ་དང་དགའ་སྤྲོའི་རྣམ་པ་སོགས་གང་ཡང་སྟོན་གྱི་མི་འདུག དེ་ནི་གཙོ་བོ་བོད་ཡུལ་ཆོལ་ཁ་གསུམ་ལ་གཅིག་གྱུར་གྱི་ལོ་སར་ཞིག་ཡོང་རྒྱུར་དམིགས་པས་རེད་ཟེར།

གནས་ཚུལ་འདིའི་སྐོར་རྒྱ་གར་རྡོ་རྗེ་གླིང་དུ་གནས་བཞུགས་སངས་རྒྱས་རྒྱ་མཚོ་ལགས་ཀྱིས་འདི་གའི་གསར་ཁང་ལ་མཁོ་སྤྲོད་བྱས་དོན། མདོ་སྨད་གཅན་ཚ་རྫོང་གི་རྨ་མགུར་དགོན་དང་བདེ་ཆེན་དགོན། ངང་རོང་དགོན། ཀོའུ་བ་དགོན། གསང་སྒྲོག་དགོན་བཅས་གཙོས་སྣང་རའི་གྲོང་སྡེ་བརྒྱད་དང་ཧོར་མོ་ཁག་གསུམ། སྐ་ཕུག་ཚོ་གསུམ་གྱི་རྒན་རབས་པ་ཚང་མས་སྣེ་ཁྲིད་དེ་ད་ལོ་ནས་བཟུང་རྫོང་དེའི་དགོན་པ་ཁག་དང་། ཡུལ་ཚོ་ཁག་གི་སྡེ་བ་ཡོངས་ཀྱིས་ལོ་ངོ་བརྒྱད་ཅུ་ལྷག་གི་རིང་དུ་རྒྱ་མི་དང་མཉམ་དུ་ལོ་སར་གཏོང་བའི་ཨ་མདོའི་ལུགས་སྲོལ་ལ་འགྱུར་བ་གཏོང་དགོས་པར་སྐུལ་སློང་ཞུས་ཏེ། རྒྱ་ལོའི་ལོ་སར་མི་གཏོང་རྒྱུ་དང་། ༧གོང་ས་མཆོག་གཙོ་བོར་གྱུར་པའི་བོད་ཕྱི་ནང་གི་བོད་རིགས་ཡོངས་དང་། མདོ་དབུས་ཁམས་གསུམ་གྱི་ལོ་སར་གྱི་དུས་ཚིགས་གཅིག་གྱུར་གཏོང་རྒྱུའི་ཐག་གཅོད་བྱས་འདུག དེ་ནི་གཙོ་བོ་༧གོང་ས་མཆོག་དང་བོད་ཕྱི་ནང་གི་བོད་རིགས་ཚང་མ་སྐྱིད་སྡུག་མཉམ་མྱོང་དང་། དུས་ཆེན་མཉམ་སྤྱོད་ཀྱི་དམིགས་ཡུལ་བཟུང་བ་རེད། ཅེས་དང་། འོན་ཀྱང་ད་ལྟ་གཅན་ཚ་རྫོང་གི་དཔོན་རིགས་དང་མགོ་ཁྲིད་ཚོས་ས་གནས་དེ་གའི་དགོན་པ་དང་། སྡེ་བ་ཁག་གི་སྣེ་ཁྲིད་རྒན་རབས་པ་རྣམས་ལ་མི་དགའ་བའི་རྣམ་འགྱུར་བསྟན་ཏེ། སྤྱི་བདེ་མི་སྣས་གནས་ཚུལ་ཁག་ལ་རྩད་གཅོད་བྱེད་བཞིན་འདུག ཅེས་ངོ་སྤྲོད་གནང་བྱུང་།  

ཨ་མདོའི་ས་ཁུལ་གྱི་ལོ་གསར་གཏོང་ཕྱོགས་སྐོར་ལ་མདོ་སྨད་དབུས་རྒྱུན་དྲུང་ཆེ་རྒྱ་རིགས་ཐར་ལགས་སུ་གླེང་མོལ་བྱེད་སྐབས་ཁོང་གིས། མདོ་སྨད་ཀྱི་ལོ་སར་སྟངས་དེར་རྒྱའི་ལོ་སར་དང་བོད་ཀྱི་ལོ་སར་ཞེས་བཤད་མཁན་ཡོད་ཀྱང་། རྒྱའི་ལོ་སར་ཙམ་མིན་པར་སྐར་རྩིས་དང་ནག་རྩིས་ཀྱི་འགྲོ་སྟངས་ལྟར་ཧོར་ཟླ་དང་བསྟུན་ཏེ་ལོ་སར་གྱིན་ཡོད་ལ། རྩིས་དེ་ནི་ཞིང་འབྲོག་གཉིས་ཀྱིས་ལོ་གཅིག་རིང་གི་དབྱར་དགུན་སྟོན་དཔྱིད་ཀྱི་དུས་ཚིགས་བཞི་བོར། ལས་ཀ་བྱེད་སྟངས་དང་འཚོ་བ་རོལ་སྟངས་སོགས་ལ་བསྟུན་ཡོད་སྟབས། དེ་ལ་དགོས་མཁོ་ཆེན་པོ་ཡོད་པ་ཞིག་ཆགས་ཡོད། དེར་བརྟེན་མདོ་སྨད་ཀྱི་ས་ཁུལ་མང་ཆེ་བ་ནག་རྩིས་ལྟར་འགྲོ་བཞིན་ཡོད་ལ། ལོ་སར་ཡང་ཧོར་ཟླ་དང་པོ་མགོ་བཟུང་མ་ཐག་གཏོང་གི་ཡོད། དེ་གཅིག་རེད། གཞན་བོད་མདོ་དབུས་ཁམས་གསུམ་དུ་སངས་རྒྱས་ཆོས་ལུགས་ཀྱི་ཆོ་ག་ཕྱག་ལེན་མང་བོ་ཞིག་སྐར་རྩིས་ལྟར་སྲུང་གཙི་བྱེད་ཀྱིན་ཡོད་ལ། ལོ་སར་སྟངས་དེ་སྔོན་ཆད་མདོ་སྨད་ཕྱོགས་སུ་མི་འདུག་ཅེས་བཤད་ཐུབ་ཀྱི་མེད་མོད། རྒྱ་ནག་ཀྲུང་ཁྲན་ཏང་བོད་དུ་ཡོང་སྟེ་བོད་ཀྱི་སྲོལ་རྒྱུན་རང་བཞིན་གྱི་ཡུལ་སྲོལ་གོམས་གཤིས་མང་བོ་ཞིག་ལ་ཕོག་ཐུག་བཏང་བར། ལོ་རབས་བརྒྱད་བཅུ་ཡས་མས་ནས་བཟུང་བསྐྱར་གསོ་བྱེད་མགོ་བརྩམས་པ་དང་། སྐབས་དེ་དག་ཏུ་བོད་ལུགས་ཀྱིས་བརྩི་སྟངས་ལྟར། ལ་སར་སྟངས་ཡང་བསྐྱར་གསོ་བྱ་རྒྱུའི་བསམ་ཚུལ་ཡོང་ཡོད། གང་ལྟར་ལོ་རབས་བརྒྱུད་བཅུ་ནས་བཟུང་བོད་ཀྱི་ལོ་རྒྱུས་རང་བཞིན་གྱི་ཡུལ་སྲོལ་གོམས་གཤིས་མང་བོ་རིམ་གྱིས་སླར་གསོ་བྱས་པ་དང་བསྟུན་ཏེ། བོད་ཀྱི་སྐར་རྩིས་ཀྱི་ལོ་སར་སྟངས་ཀྱི་རིམ་པ་འདི་ཡང་སླར་གསོ་བྱེད་ཀྱིན་པའི་རྣམ་པ་ཞིག་རེད། འདི་ཆབ་སྲིད་དང་འབྲེལ་བ་ཡོད་པ་དེ་འདྲ་གང་ཡང་མ་རེད། ཅས་ངོ་སྤྲོད་གནང་བྱུང་། 

ད་ལྟ་བོད་ཀྱི་ལོ་སར་སྟངས་ཀྱི་རིམ་པར་བལྟས་ན་མདོ་སྨད་ཕྱོགས་ཀྱི་ས་ཁུལ་མང་ཆེ་བས་ལོ་གཉིས་སར་གྱིན་འདུག དེ་ནི་ཧོར་ཟླ་བརྩི་ཚུལ་གྱི་ལོ་སར་སྟངས་དེ་ཉིན་རེའི་འཚོ་བའི་དགོས་མཁོའམ། རང་རང་གི་ཁྱིམ་ཚང་དང་ནང་མི་རྣམས་ཀྱིས་ལོ་སར་གྱི་རྣམ་པ་ལྟར་ལོ་སར་གྱིན་ཡོད་ལ། གཞན་སྐར་རྩིས་ཀྱི་འགྲོ་སྟངས་དེར་བོད་ཀྱི་ལོ་སར་ཞེས་ཕལ་ཆེ་བས་ཐུན་མོང་ཐོག་ལོ་སར་གྱིན་ཡོད། གང་ལྟར་ཧོར་ཟླ་དང་པོའི་ཚེས་གཅིག་ནི་མདོ་སྨད་ཀྱི་ས་ཁུལ་ཡོངས་དང་ཁམས་ཀྱི་ས་ཁུལ་ཕྱེད། དབུས་གཙང་གི་ས་གནས་རེ་ཟུང་བཅས་ཀྱི་གནམ་ལོ་གསར་པའི་ལོ་སར་ཚེ་གཅིག་ཉིན་མོར་སྲུང་གཙི་བྱེད་ཀྱིན་ཡོད་ལ། ཉིན་དེ་ནི་རྒྱ་ནག་རྒྱལ་ཡོངས་ཀྱི་ལོ་སར་ཚེས་གཅིག་ཀྱང་ཆགས་ཡོད།

གསར་འགོད་པ། ཨ་རིག་འགྱུར་མེད།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

ཆུ་ཚོད་ ༡༢ སྔོན་ལ།
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣

མཆན། 15

  1. བློ་བཟང་ཕུན་ཚོགས། says:
    ལོ་ 16 སྔོན།

    གཅན་ཚའི་མི་མང་ལ་ཐུགས་རྗེ་ཞུ་རྒྱུ་ཡོད། ཁྱོད་ཚོའི་མི་རིགས་ལ་བཅིང་བའི་སྙིང་མར་འཕར་ལྡིང་རེ་རེ་ང་ཚོ་འདི་ནས་གོ་ཐུབ་ཀི མི་རིགས་ཀྱི་ཆེད་དུ་བཞུར་བའི་མུ་ཏིག་ལྟ་བའི་མིག་ཆུ་དེ་དག་ཀྱང་ང་ཚོ་འདི་ནས་མཐོང་ཐུབ་ཀི་ཡོད་ཡ།

    Reply
  2. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    ཕ་ཡུལ་གཅན་ཚ་ནས་འདི་ལྟ་བུའི་རླབས་ཆེ་བའི་ལས་འགུལ་ཞིག་སྤེལ་བར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་དང་བསྔགས་བརྗོད་བྱས་དང་བྱེད་བཞིན་ཡོད། དངོས་གནས་རང་གི་རང་ངོ་ཟིན་པའི་རྟགས་ཤིག་རེད།
    འདྲེ་རིག་ལྡན་ཡིན་ན་འདིས་ཅི་ཟེར། རྒྱབ་སྐྱོར་ཙོ་མ་བྱས་ནའང་ཆོག་ནི་རེད་དྲ། ཚིག་གཅིག་བསྐྱར་བྲིས་ཡང་བྲིས་བྱས་འདུག་ནོ་ཆི་ཟིག་རེད་ཀོ ལས་འགུལ་འདི་སྒོ་དམར་ནས་འགོ་བཙུགས་ཏེ་རེབ་གོང་གིས་གཞི་རྒྱ་ཆེ་ཙམ་བསྱ་ཡོད་ཀྱི་ན་ཁྱོད་ཀྱི་ཁ་ནང་ལ་མ་ཤོང་བར་སྣ་ནང་ནས་ཀྱང་བཤད་ཀྱིན་འགྲོ་བཞིན་འདུག་བཞིན་རྒྱུགས་ཀྱིན་ཡོད་པ་ངས་ཐག་གཅོད་ཐུབ། ཐག་གཅོད་ཐག་བཅད་ཟིན་ཏོ། །
    ཧ་ཧ་ཧ

    Reply
  3. ཁམས་སྨྱུག་གསར་པ། says:
    ལོ་ 16 སྔོན།

    དེ་དངོས་གནས་ཡག་པོ་རེད་

    Reply
  4. ཡེ་ཤེས་རྒྱ་མཚོ་ says:
    ལོ་ 16 སྔོན།

    མདོ་སྨད་གཅན་ཚའི་ཡུལ་ནས་ལོ་ངོ་བརྒྱ་ཕྲག་ཁ་ཤས་རིང་རོལ་མྱོང་བའི་རྒྱ་ལོའི་ལོ་གསར་འདི་སྤངས་ཏེ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། ༧གོང་ས་མཆོག་གིས་དབུ་ཁྲིད་པའི་བོད་གཞུང་དམངས་ཡོངས་ཀྱིས་རོལ་བཞིན་པའི་བོད་ལུགས་ལོ་གསར་འདི་རོལ་རྒྱུའི་དམ་བཅའ་བྱས་པ་འདི་ལ་རྗེས་སུ་ཡི་རང་དང་། བསྟོད་བསྔགས་བྱེད་ཡུལ་ཞིག་རེད་བསམ། །
    ༡ ང་ཚོ་བོད་རིགས་ཤིག་ཡིན་པའི་ཆ་ནས་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ནམ་ཞིག་ན་ལོ་གསར་རོལ་བཞིན་ཡོད་ན་དེ་དུས་ང་ཚོས་ལོ་གསར་གཏོང་རྒྱུ་ཡིན་ཞེས་བསམ་པ་རྣམ་དག་མཚོན་པ་དང་།
    ༢ རྒྱ་མི་རིགས་མཉམ་དུ་སྡོད་འདོད་མེད་ལ། རྒྱ་མི་རིགས་ཀྱིས་རོལ་བཞིན་པའི་ལོ་གསར་དགའ་སྟོན་འདི་ཡང་རྒྱ་མི་རིགས་མཉམ་དུ་གཏོང་འདོད་མེད་པའི་རྣམ་འགྱུར་བསྟན་པ།
    ༣ ང་ཚོ་བོད་ཆོལ་ཁ་གསུམ་གྱི་མི་མང་རྣམས་རྡོག་རྩ་གཅིག་སྒྲིལ་གྱིས་ཁ་བ་གངས་ཅན་ལྗོངས་སུ་རང་དབང་གི་ཉི་མ་ཤར་བའི་དུས། ལོ་གསར་གྱི་དུས་སྟོན་མཉམ་དུ་རོལ་བ་ལ་སོགས་པའི་དུས་སྟོན་ཁག་མཉམ་དུ་རོལ་ཐུབ་རྒྱུའི་རྟེནའབྲེལ་བཟང་པོ་ཤིག་ཀྱང་ཡིན་པས་དགའ་འོས་པའི་གཏམ་བཟང་ཤིག་རེད།།

    Reply
  5. འདྲེ་རིག་ལྡན། says:
    ལོ་ 16 སྔོན།

    ལོ་སར་དུས་དང་སར་སྟངས་གཉིས་ལས་ལོ་སར་སྟངས་དེ་གལ་ཆེ་གི་རེད། གཅན་ཚར་རྒྱབ་སྐྱོར་མེད། རྒྱབ་སྐྱོར་མེད། ངས་བྲིས་པ་ནོར་མེད། རྒྱབ་སྐྱོར་མེད་ཟེར་བ་ཡིན། འདི་དོན་མེད་ཀྱི་རྙཽག་གླེང་ཞིག་རེད། རྒྱ་རིགས་ཐར་གྱིས་གསལ་བོར་བཤད་འདུག

    Reply
  6. འཇམ་དབྱངས། says:
    ལོ་ 16 སྔོན།

    རང་དབང་ལུང་པར་ཡོད་པའི་བོད་པ་མང་པོ་ཞིག་གིས་བོད་ནང་ནས་གནས་ཚུལ་གསར་པ་ཞིག་བྱུང་མ་ཐག་གསར་འགྱུར་བརྒྱུད་ལམ་ཁག་ལ་ཁྱབ་བསྒྲགས་བྱེད་ཀྱི་འདུག བྱས་ཚད་ཁྱབ་བསྒྲགས་མ་བྱས་གོང་ལ་ཁྱབ་བསྒྲགས་བྱས་ན་འགྲིག་མིན་གྱི་དབྱེ་ཞིབ་བྱེད་གལ་ཆེ། ཕྱོགས་གཅིག་ནས་མདོ་སྨད་ཀྱི་ལོ་གསར་ལ་ཡང་རྩིས་གཞུང་དང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཡོད་ཕྱིར་རྒྱའི་ལོ་གསར་ཞེས་མིག་ནང་གི་ཚེར་མ་ལྟ་བུར་རྩི་དོན་ཅི། རིག་གཞུང་ཞིག་ཉམས་ཆག་གཏོང་རྒྱུ་སླ་ཡང་སླར་གསོ་བྱེད་རྒྱུར་མི་རབས་མང་པོ་འགོར་བའི་ཐད་ལ་ཡང་བསམ་གཞིགས་མི་བྱེད་དོན་ཅི། ལོ་གསར་འདི་སྲུང་རྩི་བྱེད་མཁན་ཨ་མདོ་གཅིག་པུ་མིན་པར། ཁམས་ཁུལ་དང་དབུས་ཁུལ་ན་ཡང་ཧ་ཅང་མང་བར་མ་ཟད། འབྲུག་ཡུལ་ན་ཡང་འདི་ལྟར་སྲུང་རྩི་བྱེད་ཚུལ་ལ་བལྟས་ན། ལོ་གསར་གང་ཞིག་དཀར་པོ་དང་གང་ཞིག་ནག་པོ་ཡིན་པ་ཐག་གཅོད་མ་བྱས་གོང་ལ་ཞིབ་འཇུག་མཐིལ་ཕྱིན་བྱེད་གལ་ཆེ་ཞིང་། ལོ་གསར་ལ་ཡང་རྣམ་གྲངས་མང་ཚུལ་ཤེས་དགོས། ཨ་མདོའི་བྱེད་སྒོ་རྣམས་ནག་པོ་དང་དབུས་པའི་བྱེད་སྒོ་རྣམས་དཀར་པོ་ཡིན་པའི་ངེས་པ་ཅི་ལ་ཡོད། དེ་མིན་སྐད་གཅིག་གྱུར་བྱེད་རྒྱུར་ཧེབ་ལངས་ནས། བརྡ་དག་དང་མིང་ཚིག་གསར་རྙིང་གིས་ཕྱུག་པའི་མདོ་སྟོད་སྨད་ཀྱི་སྐད་ལ་སྣང་ཆུང་བྱེད་པ་ལྟ་བུར་འགྱུར་ཉེན་ཆེ་བས། བོད་ནང་གི་བྱས་ཚད་ཕྱོགས་ཆ་ཚང་མཐོང་ཡོད་པའི་གནས་ཚུལ་ཞིག་ཏུ་མ་ངེས་ཕྱིར། ལས་འགུལ་འདི་ལྟ་བུར་མཚོན་ན་རླབས་ཆེན་ཞིག་དང་ཐུགས་རྗེ་ཆེ་ཞུ་ཡུལ་ཞིག་ཏུ་ཁོ་བོས་མ་མཐོང་བས། རང་རང་སོ་སོའི་ལུགས་སུ་བསྐྱང་ན་མི་ལེགས་སམ།

    Reply
  7. སྨར་ཀླུང་དཔའ་ལ། says:
    ལོ་ 16 སྔོན།

    རྒྱ་དང་ལོ་མཉམ་དུ་སར་ན་རྒྱ་མི་འགྱུར་གྱི་ནང་གི་བསམ་བློ་འགྱུར་ན་ངོ་མ་རྒྱ་རང་འགྱུར་བ་རེད་ཡིན་ན་ཡང་བོད་མི་མགོ་ནག་ཡོངས་རྫོགས་མཐུན་བསྒྲིལ་གྱི་ཆེད་དུ་དེ་ལྟར་ལས་འགུལ་སྤེལ་བ་ཡི་རང་ཡོད། བོད་གཞིས་བྱེས་གཉིས་ཆར་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ལ་ནམ་ཡང་མ་འཆུག རྡོག་རྩ་གཅིག་སྒྲིལརྡོག་རྩ་སྒྲིལ།།།།།།།།།།

    Reply
  8. ཀཱི༔ལུང་ཐུབ་བཟང་། says:
    ལོ་ 16 སྔོན།

    དྲྭ་གྲོགས་ཚོར་ཞུ་རྒྱུར་དྲི་བ་གཉིས་འདུག་དེ་ལ་གསལ་བཤད་ཅིག་གནང་རོགས།
    ༡༽བོད་ཀྱི་ལོ་སར་དེ་ཧོར་ཟླ་དང་པོའི་ཚེས་གཅིག་ལ་མི་སར་ན་ནམ་ཞིག་ལ་སར་དགོས་པ་རེད། ང་ཚོ་བཙན་བྱོལ་བས་ལོ་གསར་ག་དུས་གཏོང་སྲོལ་ཡོད།
    ༢༽དེ་རིང་གཞི་ནས་ཧོར་ཟླ་བཅུ་གཉིས་པའི་ཚེས་བཞི་རེད། དེས་ན་གཙན་ཚ་ཁུལ་གྱིས་ཧོར་ཟླ་དང་པོའི་ཚེས་གཅིག་ལ་ལོ་སར་མི་འདུག་ཟེར་ན་ཇི་ལྟར་རྗོད་ཀྱི་ཡོད་པ་རེད། ངས་དངོས་གནས་གོ་མ་སོང་།

    Reply
  9. དཀར་མཚོ་སྐྱིད། says:
    ལོ་ 16 སྔོན།

    ༢༠༠༨་ལོའི་བོད་ཀྱི་ཞི་བའི་གསར་བརྗེ་བྱུང་བའི་དཀའ་སྡུག་གི་ཁྲོད་དུ་མདོ་དབུས་ཁམས་གསུམ་གྱི་མི་དམངས་རྣམས་རྡོག་རྩ་གཅིག་སྒྲིལ་བྱེད་པའི་སྙིང་སྟོབས་ཐོབ་སྟེ་མི་རིགས་གཅིག་གྱུར་གྱི་འདུ་ཤེས་རྙེད་པ་དང་རང་ཉིད་ཀྱི་ལོ་ངོ་བརྒྱ་ཕྲག་དུ་མའི་གོམས་སྲོལ་ལ་བདག་པོ་བརྒྱག་རྒྱུའི་གོ་རྟོགས་སད་དེ་སྟ་གོན་གྱི་གྲ་སྒྲིག་རིམ་པར་བྱུང་དང་འབྱུང་བཞིན་པ་ལ་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་བའི་འོས་སུ་གྱུར་ཏོ། །

    Reply
  10. འདྲེ་མེ་འབུད། says:
    ལོ་ 16 སྔོན།

    ཁྱོད་ཚོ་ཁ་བྲོ། དངོས་གནས་རླབས་ཆེན་རེད།

    Reply
  11. ལྷ་མོ་དོན་གྲུབ། says:
    ལོ་ 16 སྔོན།

    སེམས་ཤུགས་ཆེ་མིན་ཁྱད་པར་གཅིག གནས་ལུགས་རྟོགས་མིན་ཁྱད་པར་གཉིས།
    དགོས་ཕན་ཆེ་མིན་ཀྱིད་པར་གཙོ། དེ་བས་འདི་ལ་རྗེས་ཡི་རང།

    Reply
  12. གྲྭ་རྒོད says:
    ལོ་ 16 སྔོན།

    ལོ་སར་བ་དང་མ་སར་གང་ཡིན་ནའང་གཙོ་བོ་ཞིག་མ་རེད་ཨ་མདོ་བ་དང་གཞན་ནས་གཞན་ཟེར་བ་དེ་ཚོའི་མིང་འདོག་སྟེང་ཐད་གཟབ་རོགས་ལོ་སར་བཏང་ན་མ་བཏང་ན་ཧང་སེང་དགོས་པ་ཞིག་མ་རེད།མི་རིགས་ནང་ཁུལ་མ་འཆམ་ན་ཕན་པ་གང་ཡང་མེད་གཙོ་བོ་ནི་གཅིག་བསྒྲིལ་ཡིན་དེ་ཡོད་ན་གང་ཡིན་བྱས་ཆོག

    Reply
  13. གངས་ལྷ་མེ་ཏོག says:
    ལོ་ 16 སྔོན།

    བོད་ནང་གི་སྤུན་ཟླ་རྣམས་པ་དངོས་གནས་སེམས་ཤུག་ཧ་ཅང་ཆེ་གི་ཡ།། ད་དུང་ཁྱེད་རྣམས་པ་ཚོའི་སེམས་ཀྱི་རེ་བ་་་་་་་་་་་།།་

    Reply
  14. གངས་རྒོད says:
    ལོ་ 16 སྔོན།

    དཔའ་བོ་་་་་དཔའ་མོ་་་་་་་དངོས་གནས་འགྱུར་མེད་རྡོ་རྗེ་བྲག་ལྟར་གནས་པའི་གཞིས་ལུས་དཔའ་བོ་དཔའ་མོ་ཁྱེད་རྣམས་པའི་སྙིང་སྟོབས་ངས་རྗེས་སུ་ཡི་རངས་ཡོད།།།།།།།།།།།།།།

    Reply
  15. Tibetan girl says:
    ལོ་ 16 སྔོན།

    གསར་འགྱུར་དེ་སེམས་ཤུགས་ཆེ་བའི་གསར་འགོད་པ་རེ་ཟུང་ནས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་སོགས་སུ་བསྒྲགས་པ་སྔ་མོ་ནས་གོ་སོང་། ད་དུང་ཨ་མདོའི་ས་ཆ་ཁ་ཤས་སུ་རྒྱ་མིའི་ལོ་སར་བཏང་འདུག་ཟེར། འོན་ཀྱང་དོན་དངོས་སུ་ཐེངས་འདིར་རྒྱའི་ལོ་སར་དང་ཨ་མདོའི་ལོ་སར་གཉིས་སྟབས་འགྲིག་བྱུང་བ་ཞིག་ལས། རྒྱ་མིས་ཨ་མདོའི་ལོ་སར་བཏང་བ་དང་ཨ་མདོ་པས་རྒྱ་མིའི་ལོ་སར་བཏང་བ་མ་རེད། དེ་ཚོ་དཀར་རྩིས་ཀྱི་འགྲོ་སྟངས་ཤིག་ཡིན་དུས་གསར་འགོད་པའི་ཧ་མ་གོས་པའང་ཁག་མི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese