མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་གསང་ཉུལ་བ།

བོད་ཀྱི་དུས་བབ།
༢༠༡༡/༠༢/༡༠
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་ཚེས་ ༩ ཉིན་བྷི་བྷི་སེ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར་ཐའེ་ཝན་གཞུང་གིས་ ༢༠༠༢ ལོ་ནས་ ༢༠༠༥ ལོའི་བར་རྒྱལ་ཁབ་ཀྱི་རྐང་དམག་གི་དམག་སྤྱི་ཆེན་མོ་དང་། རྒྱལ་ཁབ་ཆ་འཕྲིན་བརྡ་དག་ལས་ཁུངས་ཀྱི་འགན་འཛིན། ༢༠༠༨ ལོར་རྒྱལ་ཁབ་ཀྱིས་ཧྲོའོ་ཅང་གི་གོ་ཐོབ་སྤྲད་ཡོད་པའི་དམག་དཔོན་ལའོ་ཞན་ཀྲུག་གིས་ཐའེ་ཝན་རྐང་དམག་གི་འཐབ་རྩལ་ཁྱབ་ཁོངས་དང་དེ་འབྲེལ་གྱི་ཆ་འཕྲིན། འཐབ་རྩལ་གྱི་ས་ཁྲ། རྐང་དམག་གི་དམག་འཐབ་དང་འབྲེལ་ས་འོག་བརྒྱུད་ལམ་གྱི་ས་ཁྲ། ཨ་རི་དང་མཉམ་འབྲེལ་གྱིས་བསྒྲུབ་པའི་དམག་དོན་གསང་བའི་ཡིག་ཆ་སོགས་རྒྱལ་ཁབ་ཀྱི་གསང་བའི་གནས་ཚུལ་གང་མང་ཞིག་རྒྱ་ནག་གཞུང་ལ་མཁོ་གཏོང་བྱས་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་སྟེ་འཛིན་བཟུང་བྱས་ཡོད་འདུག

ཐེངས་འདིའི་གནས་ཚུལ་དེ་ནི། ཐའེ་ཝན་རྒྱལ་སྲུང་ལྷན་ཁང་གིས་ ༢༠༡༠ ལོར་ཐའེ་ཝན་བརྒྱུད་ལམ་ཁག་ལ་གསང་ཉུལ་དང་འབྲེལ་བའི་གནས་ཚུལ་དང་། ཨ་རིའི་གསང་འཕྲིན་དྲ་བ་སོགས་བརྒྱུད་ཤེས་རྟོགས་བྱུང་རྗེས། འབྲེལ་ཡོད་ལས་ཁུངས་ཁག་ལ་ཞིབ་འཇུག་བྱས་ཡོད་འདུག་ལ། ཕྱིས་སུ་ལའོ་ཞན་ཀྲུག་གི་གཞུང་ལས་ཁང་དང་ཁྱིམ་སོགས་སུ་ཞིབ་འཇུག་བྱས་ཏེ། གསང་བའི་གནས་ཚུལ་མཁོ་གཏོང་བྱས་ཡོད་པ་ར་སྤྲོད་གསལ་བོ་བྱུང་ཡོད་པར་མ་ཟད། ༢༠༠༤ ལོར་ཁོང་ཐེ་ལན་ཌིར་ཆེད་མངགས་ཀྱིས་དམག་དོན་ལས་འགན་བསྒྲུབ་པར་གཏོང་སྐབས། རྒྱ་ནག་གཞུང་གི་གསང་ཉུལ་བའི་ལས་ཀ་དངོས་སུ་འགན་ལེན་བྱས་ཡོད་པ་ར་སྤྲོད་བྱུང་ཡོད་འདུག

ད་ལྟའི་ཆར་ཁོང་གསང་ཉུལ་བ་ཡིན་པའི་གནས་ཚུལ་ཁག་ཅིག་ཤེས་རྟོགས་བྱུང་བ་ལས། ཁོང་གིས་ཨ་རིའི་དམག་དོན་དང་འབྲེལ་བའི་ལས་དོན་བསྒྲུབ་སྐབས་འཕྲུལ་རིག་དྲ་བའི་མ་ལག་སྐོར་གྱི་གསང་བ་ཕྱིར་འཚོང་བྱས་པའི་གནས་ཚུལ་གསལ་རྟོགས་བྱུང་མེད་ཀྱང་། དེ་ནི་ཐའེ་ཝན་གྱི་དམག་དོན་དང་འབྲེལ་བའི་གནས་ཚུལ་ཆེ་ཤོས་ཤིག་དང་། ༡༩༦༠ ལོར་ཐའེ་ཝན་སྲུང་སྐྱོབ་ལྷན་ཁང་གིས་དཔོན་རིགས་གཞོན་པ་ཞིག་གིས་དམར་བོའི་རིང་ལུགས་ཀྱི་གསང་ཉུལ་བ་ཚོར་རྡུང་རྡེག་ཚ་ནན་གྱི་ལས་འགུལ་བྱུང་བའི་རྗེས་ཀྱི་ཐའེ་ཝན་གྱི་ཧྲོ་ཅང་གོ་ཐོབ་ཡོད་མཁན་ཞིག་ལ་གསང་ཉུལ་བ་གནད་དོན་བུད་པ་ཐོག་མ་དེ་ཆགས་ཡོད་འདུག  

རང་ལོ་ ༥༡ ཡིན་པའི་ལའོ་ཞན་ཀྲུག་ནི། རྐང་དམག་དཔོན་ཁག་ཨང་ ༥༡ པའི་ཆ་འཕྲིན་དམག་མིའི་སྡེ་ཚན་དང་ཐའེ་ཝན་རྒྱལ་སྲུང་སློབ་ཆེན། རྐང་དམག་སློབ་སྟོན་སློབ་གླིང་། རྒྱལ་སྲུང་སློབ་ཆེན་གྱི་དམག་འཁྲུག་སློབ་གླིང་བཅས་ནས་སློབ་མཐར་ཕྱིན་ཞིང་། ཕྱིས་སུ་ཐའེ་ཝན་རྐང་དམག་ཨང་ ༦ པའི་རུ་ཁག ༧༣ པའི་ཆ་འཕྲིན་དམག་དཔུང་གི་སློབ་སྟོན་པ་དང་དམག་དཔོན་གྱི་འགན་འཁུར་ཡོད་པར་མ་ཟད། ཐའེ་ཝན་དང་ཨ་རིའི་དྲག་ཆས་རྒྱལ་སྲུང་འབྲེལ་མཐུད་ཨང་ ༢ པའི་གསང་བའི་གནས་ཚུལ་མཁོ་སྒྲུབ་པ་དང་། རྒྱལ་ཡོངས་གསང་བའི་གནས་ཚུལ་མཁོ་སྒྲུབ་ཁང་གི་འགན་འཛིན་བཅས་ཀྱི་ལས་སྣེ་འཁུར་ཡོད་པ་རེད།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

TTTTT
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་དེར་ངོས་ལེན་མེད་པའི་གྲོས་ཆོད་སྤྱི་མོས་གཏན་འབེབས་གནང་།

ཆུ་ཚོད་ ༨ སྔོན་ལ།
TTTT
Mobile App

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གསར་འཛུགས་སླར་གསོ་བསྐྱངས་ནས་ལོ་ངོ་ ༦༥ འཁོར་བའི་དུས་ཆེན་སྲུང་གཙི་ཞུས།

ཆུ་ཚོད་ ༡༠ སྔོན་ལ།
དགེ་འདུན་པ་མཛེས་དགའ་རྒྱ་མཚོ་ལགས། པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༦།༣།༢༢ བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

༢༠༢༦/༠༣/༢༢
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡

མཆན། 8

  1. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    དྷ་ས་དང་། བཙན་བྱོལ་སྐྱིད་སྡུག་ནང་ལ་གཟབ་དགོས་པའི་ཉན་བརྡ་ཅིག་ཀྱང་མ་རེད་དམ།

    Reply
  2. རིགས་བཟང་། says:
    ལོ་ 15 སྔོན།

    བཙན་བྱོལ་གཞུང་གིས་དེ་འདྲའི་གསང་བ་ཞིག་ཤེས་དགོས་ན། ད་དུང་མི་རབས་གཉིས་གསུམ་ཙམ་གྱི་དུས་ཚོད་དགོས་རྒྱུ་འདུག

    Reply
  3. yeshi samdup says:
    ལོ་ 15 སྔོན།

    དེ་དམག་ལས་ཀྱི་བྱ་བ་ལ་མེད་དུ་མི་རུང་བ་ཞིག་རེད་ཡ་མཚན་རྒྱུ་གང་ཡང་ཡོད་པ་མ་རེད་

    Reply
  4. དུག་མདའ། says:
    ལོ་ 15 སྔོན།

    གནའ་ཞིག་ལ་གསང་ཉུལ་བ་ཡིན་ནི་རེད་ཟེར། དེང་སང་བཀའ་བློན་ཁྲི་བར་འདུག་རྒྱུ་ཟེར་གྱིན་འདུག

    Reply
  5. དུག་མདའ། says:
    ལོ་ 15 སྔོན།

    ཁོའི་རྐང་ལག་བཞི་བཅད་དེ་འགྲེམ་སྟོན་ཁང་དུ་བཤམ་དགོས་པ་རེད། བཙོན་པའི་མིང་ཞིག་བཏགས་ནས་བུ་མོ་བཞི་ཞབས་ཞུ་བར་བཞག་པ་ཡིན་ན་གསང་ཉུལ་བ་བྱེད་རྒྱུར་སུ་ལའང་ཞེད་སྣང་ཡོང་གི་མ་རེད། ང་ཚོ་ནང་པའི་རྗེས་འཇུག་ཡིན་པའི་ཆ་ནས་བསྟན་དགྲ་སྒྲོལ་བའི་དྲག་སྔགས་རེ་བགྲང་རོགས། ཨོཾ་མ་ཎི་པདྨེ་ཧཱུཾ་ཕཊ ཕཊ ཕཊ ཕཊ

    Reply
  6. ལྷ་མོ་དོན་གྲུབ། says:
    ལོ་ 15 སྔོན།

    ཕུལ་བྱུང་གསང་མྱུལ་ཞིག་གི་ནུས་པ་དེ། རྒྱལ་ཁབ་གང་གི་རྒྱལ་ཁའི་འབྲས་བཟང་གཅིག
    འདི་ནི་ད་ལྟའི་བར་དུ་རྒྱལ་ཁབ་ཀུན། སྲིད་ལུགས་ཐབས་ཀྱི་འཕྲུལ་ཞིག་མ་ཡིན་ནམ།

    ཡིན་ཡང་བཙན་བྱོལ་བོད་གཞུང་མཐོ་རིམ་ནང། འདི་འདྲ་ཡོད་སྙམ་དོགས་པ་བདག་མེད་ལ།།
    ལྷག་པར་རྒྱ་གར་གཞུང་གིས་ཀརྨ་པར། དོགས་པས་སྲུང་སྐྱོབ་ཚུལ་འདི་འོས་མ་ཡིན།

    Reply
  7. འཁྱམས་པོ། says:
    ལོ་ 15 སྔོན།

    ད་དེ་འདྲ་རེད་ངོ་ཚ་མེད་པའི་གླང་།རྒྱ་དམར་གཞུང་ནས་ལྐོག་དངུལ་དེ་ཁོའི་ཟླ་ཕོག་ལས་མཐོ་པ་ཡོད་པ་ཡིན་རྒྱུ་རེད། རང་ངོ་མི་ཤེས་པའི་རྒྱལ་འཚོང་མཁན་དེ་འདྲས་རང་གི་ཕོར་པའི་ནང་སྐྱག་པ་གཏོང་གིན་ཡོད་པ་རེད། དེའི་རིགས་གང་ས་གང་དུ་ཡོང་གིན་ཡོད་པ། ངོས་གནས་ཐབས་སྐྱོ་པོ་རེད།

    Reply
  8. གནམ་ལྕགས། says:
    ལོ་ 15 སྔོན།

    གསང་ཉུལ་བ་ཟེར་བ་དེ་འདི་འདྲའི་དཔོན་རིགས་ཀྱི་ནང་དུ་ཡོང་གི་ཡོད་པ་རེད། ཐ་ན་ང་ཚོའི་བཙན་བྱོལ་ནང་གི་མི་འདི་ཚོས་གསང་ཉུལ་བ་ཟེར་བ་དེ་སྣེ་ལེན་ཁང་གི་ནང་གི་གསར་འབྱོར་སྤྲང་བོ་དག་ལ་མ་གཏོགས་ངོས་འཛིན་མི་ཐུབ་པ་དེ་ཤིན་ཏུ་སྐྱོ་བའི་གཞིའོ།།

    གལ་སྲིད་ནུས་པ་མེད་པའི་གསང་ཉུལ་བ་ཟེར་བ་དེས་ག་རེ་བྱས་ཀྱང་གནོད་ཀི་མ་རེད། གསང་ཉུལ་བ་ནུས་ལྡན་དག་འདིལྟར་མཉམ་འཇོག་མི་བྱེད་ས་ནས་ཡོང་གི་རེད།

    མཐར་ཞུ་རྒྱུར། གསར་འགྱུར་འདི་བསྡུ་སྒྲིག་ཚད་ལྡན་ཞིག་བྱས་འདུག འདིས་བཙན་བྱོལ་ནང་གི་མི་ཚོར་མིག་རྒྱ་ཞིག་སྐྱེད་དུ་བཅུག་སོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese