མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལས་ཀ་ནར་འགྱངས་བྱས་ཏེ་དོན་དག་འདི་བྱུང་བ་རེད།

བོད་ཀྱི་དུས་བབ།
༢༠༡༡/༠༢/༡༩
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་རྒྱལ་བ་ཀརྨ་པའི་བླ་བྲང་གི་དངུལ་གྱི་དོན་རྐྱེན་བྱུང་བ་དང་མཉམ་དུ་བླ་བྲང་གིས་ངྷ་སའི་ཉེ་འཁོར་དུ་ས་ཆ་ཉོས་པའི་གནད་དོན་ཞིག་ཀྱང་ལྷག་ཡོད་སྟབས། ཐེངས་འདིའི་དོན་རྐྱེན་དང་བསྟུན་ཏེ། ཀཱང་ར་རྫོང་ས་ཞིང་དོ་དམ་ཁྲལ་བསྡུ་ལས་ཁུངས་ཀྱིས་རྒྱུད་སྟོད་དགོན་པའི་ས་ཆའི་བདག་དབང་དང་། སའི་དཔྱ་ཁྲལ་ཕུལ་བའི་བརྒྱུད་རིམ་ལ་ཞིབ་བཤེར་བྱས་སྐབས། རྒྱུད་སྟོད་དགོན་པ་དེ་ངྷ་རམ་ས་ལའི་ཨ་རོན་རྡོ་རྗེ་ Arun Dorje ཞེས་པ་ཞིག་དང་། ཀུ་ལུ་མཱ་ནཱ་ལི་ཡི་པི་རིམ་སིན་ Prem Singh ཞེས་པའི་མི་གཉིས་ཀྱི་མིང་ཐོག་ཏུ་བརྒྱབ་ཡོད་པ་ཞིག་ཆགས་ཡོད་སྟབས། ཕྱི་ཚེས་ ༡༥ ཉིན་རྒྱུད་སྟོད་དགོན་པའི་ས་ཆའི་བདག་དབང་དེ་ཧི་མ་ཅལ་མངའ་སྡེ་གཞུང་གིས་རྩིས་ལེན་གྱིས་མིང་བསྒྱུར་བྱས་ཡོད་འདུག

ཕྱི་ཚེས་ ༡༨ ཉིན་འདི་གའི་གསར་འགོད་པས་རྒྱུད་སྟོད་དགོན་པའི་ཕྱག་མཛོད་འཇམ་དཔལ་རྒྱ་མཚོ་ལགས་སུ་རྙོག་དྲ་དེའི་སྐོར་ལ་བཀའ་འདྲི་ཞུས་པར་ཁོང་གིས། ད་ལྟའི་ཆར་རྒྱ་གར་གསར་ལམ་ཁག་གིས་རྒྱ་སྒྲོག་བོད་སྒྲོག་འདྲ་ཞིག་བྱེད་སྡད་པ་རེད་མ་གཏོགས། བོད་རིགས་ཁྲོད་ཁྲིམས་མཐུན་མིན་པའི་ས་ཆ་ཉོ་ཚོང་བྱེད་ཀྱི་འདུག་ཟེར་བ་འདི་ ༡༩༩༦ ཙམ་ནས་བྱུང་ཡོད་པ་ཞིག་རེད། སྐབས་དེར་ཧི་མ་ཅལ་མངའ་སྡེ་གྲོས་ཚོགས་ནང་གླེང་སློང་བྱུང་ཞིང་། མངའ་སྡེ་བློན་ཆེན་གྱིས་༧གོང་ས་མཆོག་ལ་མཇལ་འཕྲད་ཞུས་ཏེ། ས་ཆའི་དཀའ་ངལ་རིགས་སེལ་ཐབས་བྱ་རྒྱུ་ཡིན་ཚུལ་ལབ་པ་ལྟར། ༧གོང་མཆོག་གིས་བཀའ་ཤག་ལ་མར་བཀའ་གནང་ཞིང་། ནང་སྲིད་ལས་ཁུངས་ཀྱི་ངོས་ནས་དཀའ་ངལ་འདི་གང་མགྱོགས་སེལ་ཐབས་བྱ་རྒྱུ་ཡིན། མི་གཞན་གྱི་མིང་ཐོག་ན་ཡོད་པའི་ས་ཆའི་ཐོ་གཞུང་རྣམས་འཁྱེར་ཤིག་ཅེས་བརྡ་ཁྱབ་བཏང་བ་ལྟར་མང་པོ་ཞིག་གིས་ཐོ་གཞུང་ཕུལ་བ་རེད།

འོན་ཀྱང་། ང་ཚོའི་གཞུང་གིས་ལས་དོན་ནར་འགྱངས་སུ་བཞག་སྟབས། བཀའ་ཤག་འཕོ་འགྱུར་ཕྱིན་པ་དང་མངའ་སྡེ་གཞུང་འཛིན་ལའང་འཕོ་འགྱུར་ཕྱིན་པ་སོགས་ཀྱིས་མཇུག་མ་འཁྱོལ་པ་རེད། ཟམ་གདོང་རིན་པོ་ཆེ་བཀའ་ཁྲིར་ཕེབས་རྗེས། ཁོང་གིས་ས་ཞིང་དཀའ་རྙོད་ཡོད་རིགས་ཚོ་བསྡུ་སྐོང་བྱས་ཏེ། གནད་དོན་དེའི་སྐོར་ལ་ཞིབ་འཇུག་བྱས་ཡོད་ཀྱང་། ཁྲིམས་མཐུན་ཐོག་ནས་ཐབས་ལམ་གང་ཡང་མཐོང་གི་མི་འདུག ད་ནས་བཟུང་དོ་བདག་སོ་སོས་ཐབས་ཤེས་བྱ་རྒྱུ་ལས་གཞུང་ལ་བསྙེ་མ་སྡོད་ཅེས་བཀའ་གནང་འདུག རྗེས་སུ་ཟ་ཁང་དང་དགོན་པ། ཨ་ནེ་དགོན་པ་སོགས་ས་ཞིང་གི་དཀའ་རྙོག་ཡོད་མཁན་ཚོས་ནོར་བུ་གླིང་ཀ་རུ་ཚོགས་ཆུང་ཞིག་བཙུགས་ཏེ་ལོ་ ༡༠ མ་ཟིན་ཙམ་རིང་ལས་ཀ་བྱས་ཀྱང་གྲུབ་འབྲས་སོན་མེད། 

༢༠༠༦ ཡས་མས་ཤིག་ལ་མངའ་སྡེ་གཞུང་གིས་བོད་གཞུང་ནང་སྲིད་ལས་ཁུངས་བརྒྱུད་བོད་རིགས་ས་ཞིང་གི་དཀའ་རྙོག་ཡོད་པ་དག་ལ་བག་གཏོང་གི་ཚུལ་དུ་དཔྱ་ཁྲལ་བརྒྱ་ཆ་ ༡༠ ཙམ་སྤྲོད་དགོས་པའི་ལམ་ཁ་ཞིག་སྤྲད་པ་རེད། འོན་ཀྱང་སྔར་བཞིན་ནར་འགྱངས་བྱས་བསྡད་པའི་དབང་གིས་ཐེངས་འདིར་ཟིང་ཆ་འདྲ་ཞིག་བྱུང་བ་རེད། ཅེས་བརྗོད་བྱུང་།

ཕྱག་མཛོད་འཇམ་དཔལ་རྒྱ་མཚོ་ལགས་སུ། རྒྱུད་སྟོད་དགོན་པ་ཨ་རོན་རྡོ་རྗེ་ Arun Dorje ཞེས་པ་ཞིག་དང་པི་རིམ་སིན་ Prem Singh ཞེས་པ་གཉིས་ཀྱི་མིང་ཐོག་ན་ཡོད་སྐོར་བཤད་པ་དེ་གང་འདྲ་ཡིན་མིན་དྲིས་པར་ཁོང་གིས་ལན་བསྐྱོན་དོན། མི་དེ་གཉིས་རྒྱ་གར་ཁམས་པ་དང་ནང་པ་ཡིན་པ་མ་ཟད། གྲྭ་ཚང་གི་འབྲེལ་ཡོད་ཀྱང་ཆགས་ཡོད་པ་རེད། དགོན་པའི་ས་ཆ་འདི་ཐོག་མར་ ༡༩༩༠ ཙམ་ལ་ཁོང་གཉིས་ཀྱིས་ཉོས་པ་ཞིག་རེད། རྗེས་སུ་གྲྭ་ཚང་གིས་འབོད་སྐུལ་ཞུས་ཏེ་ཁོང་གཉིས་ལག་ནས་ཚུར་ཉོས་འདུག ད་ལྟ་ཁོང་གཉིས་མཱ་ན་ལེ་རུ་ཡོད་པ་རེད། ཐེངས་འདིར་ཀཱང་ར་རྫོང་ས་གནས་ལས་ཁུངས་ཀྱིས་ང་ཚོར་བརྡ་ལན་མ་སྤྲད་སྔོན་ལ་རྒྱ་གར་གསར་ལམ་ཁག་ཏུ་རྒྱུད་སྟོད་དགོན་པ་རྩིས་ལེན་བྱ་རྒྱུ་ཡིན་སྐོར་བརྗོད་པ་དེས་སྐད་གྲགས་འདྲ་ཞིག་ཆགས་པ་རེད། སྤྱིར་གནས་ཚུལ་འདི་དེ་སྔོན་ནས་འགྲོ་བསྡད་པ་ཞིག་རེད། ཅེས་བརྗོད་བྱུང་།

ཡང་ཁོང་ལ་ས་ཆའི་བདག་དབང་མངའ་སྡེ་གཞུང་ལ་མིང་བསྒྱུར་ཚེ་གྲྭ་ཚང་ལ་དཀའ་ངལ་འཕྲད་སྲིད་མིན་དྲིས་པར། དགོན་ས་འདི་མངའ་སྡེ་གཞུང་འོག་ལ་མིང་བསྒྱུར་བྱས་པ་དེ་བོད་གཞུང་ནང་སྲིད་ངལ་སེལ་སྡེ་ཚན་བརྒྱུད་ལོ་ལྔ་བཅུའི་རིང་བག་གཏོང་གི་ཚུལ་དུ་མངའ་སྡེ་གཞུང་ལ་ས་ཁྲལ་སྤྲོད་དགོས་པ་རེད་མ་གཏོགས། དགོན་པ་རྒྱུན་གནས་ཐུབ་མིན་དང་ཧི་མ་ཅལ་མངའ་སྡེ་གཞུང་གིས་གྲྭ་ཚང་ལ་སྟངས་འཛིན་བྱ་རྒྱུ་དེ་འདྲ་ཡོང་གི་མ་རེད། ཅེས་བརྗོད་བྱུང་།

ཡང་གསར་འགོད་པའི་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་ལ། ཉེ་ལམ་རྒྱ་གར་གསར་ལམ་ཁག་ཅིག་ཏུ་ཐེངས་འདིར་ཀརྨ་བླ་བྲང་གི་དོན་རྐྱེན་དང་འབྲེལ་ཏེ། རྒྱུད་སྟོད་དགོན་པ་གཙོས་པའི་ཧི་མ་ཅལ་མངའ་ཁུལ་གྱི་བོད་རིགས་ཚོས་ཁྲིམས་མཐུན་མིན་པའི་ས་ཞིང་བདག་བཟུང་བྱས་ཡོད་པ་མང་པོ་ཞིག་ཡོད་སྟབས། དེ་དག་ཞིབ་འཇིག་གཙང་སེལ་བྱ་རྒྱུ་ཡིན་སྐོར་བརྗོད་པའི་ཐད་བཅར་འདྲི་ཞུས་པར་ཁོང་མོས་ལན་བསྐྱོན་དོན། ཧི་མ་ཅལ་མངའ་སྡེའི་ནང་གི་བོད་མིའི་ས་ཞིང་བདག་བཟུང་ཐད་རིགས་ཁ་ཤས་འདུག གཅིག་ནི་ ༡༩༧༢ སྔོན་ལ་དེབ་སྐྱེལ་བྱས་ཡོད་པ་དེ་དག་ལ་ད་ལྟའི་བར་དཀའ་ངལ་གང་ཡང་འཕྲད་ཡོད་པ་མ་རེད། གཉིས་པ། བཙན་བྱོལ་སྒྲིག་འཛུགས་བརྒྱུད་བག་གཏོང་ལངས་ཡོད་པ་སྐོར་ཞིག་ཡོད་པ་རེད། གསུམ་པ། རྒྱ་གར་ཡུལ་མིའི་མིང་ཐོག་ནས་བོད་རིགས་སྒེར་བ་དང་ཚོགས་པ། དགོན་སྡེ་རིགས་ཀྱིས་ས་ཞིང་བདག་བཟུང་བྱས་ཡོད་པ་གང་འཚམ་ཞིག་ཡོད་པ་རེད།

རིགས་གསུམ་པ་ཡུལ་མིའི་མིང་ཐོག་ནས་ས་བེད་སྤྱོད་བྱེད་ཀྱི་ཡོད་པ་དེ་དག་གི་ཐོག་ཏུ་སྔོན་མ་མངའ་སྡེ་གྲོས་ཚོགས་ནང་གླེང་སློང་རིམ་པ་བྱུང་བ་རེད། ༢༠༠༥ ལོར་མངའ་སྡེ་གཞུང་གི་གྲོས་ཚོགས་ནང་། ༢༠༠༥ ལོའི་ཟླ་ ༡༢ པའི་ཚེས ༣༡ སྔོན་གྱི་དཀའ་རྙོག་ཅན་གྱི་ས་ཞིང་དེ་དག་མངའ་སྡེ་གཞུང་གི་མིང་ཐོག་ནས་བཙན་བྱོལ་སྒྲིག་འཛུགས་བརྒྱུད་དེ། འབྲེལ་ཡོད་ཚོར་ས་ཞིང་བག་གཏོང་བྱ་རྒྱུ་དང་། དེའི་རྗེས་སུ་ས་ཞིང་དགོས་མཁོར་ཐུག་ཚེ་ལུགས་མཐུན་ཐོག་མངའ་སྡེ་གཞུང་ལ་ཡར་ཞུ་བྱུང་རིགས་ལ་དེ་བསྟུན་གྱིས་ཐག་གཅོད་བྱ་རྒྱུ་བྱས་ཡོད་པ་རེད། ཅེས་བརྗོད་བྱུང་།

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

ཆུ་ཚོད་ ༡༠ སྔོན་ལ།
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

ཆུ་ཚོད་ ༡༢ སྔོན་ལ།
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤

མཆན། 3

  1. རྒྱ་སྟག་དཀར་པོ says:
    ལོ་ 15 སྔོན།

    བསམ་བཞིན་དུ་སེམས་ཅན་དང་གངས་ཅན་པའི་ཆེད་དུ་སྲིད་པར་སྐྱེ་བ་བཞེས་པའི་སྐུ་སྐྱེ་དེས་ངེད་ཅག་ལ་སེམས་ནང་དུ་མྱོང་ཐོབ་པའི་རླབས་ཆེན་གྱི་མཛད་འཕྲིན་མཐའ་ཡས་ནས་མུ་མེད་ཀྱི་བར་དུ་ཁྱབ་ཡོད་པ་མ་ཟད། མིག་མཐོང་ལག་ཟིན་ཏུའང་ཡ་མ་ཟུང་གི་ཕྲིན་ལས་འདི་དང་འདི་འདྲ་བ་མང་པོས་རྒྱ་ཆེ་ས་ནས་བོད་རྒྱུད་ནང་བསྟན་ཡོངས་དང་ཁྱད་དུ་བོད་རིགས་སྤྱི་བྱིངས་ལ་ཡང་དང་ཡང་དུ་ཕན་ཐོག་ཡོང་ཚུལ་འདི་མཐོང་དུས་བསྟན་དགྲ་ཚར་གཅོད་པའི་ཆོས་སྐྱོང་བཀའ་སྲུང་རྣམས་གང་དུ་སོང་ཡོད་དམ་སྙམ་ནས་དོག་ཅིང་ཁྲེལ་བཞིན་ཡོད།།

    Reply
  2. ལྷག་པ་ཚེ་རིང་། says:
    ལོ་ 15 སྔོན།

    གསར་འགོད་པ་བན་ཏེ་སྐྱབས་ལགས། འདི་ལྟར་གནས་ཚུལ་གྱི་མཐར་སྐྱེལ་བ་ནི་ཡ་ཅང་བསྔགས་བརྗོད་བྱ་འོས་པ་ཞིག་རེད། ད་དུང་གལ་ཆེ་བ་ཞིག་ལ། བོད་པ་སྐྱབས་བཅོལ་བ་ཚོའི་ས་ཁང་དང་ཞིང་སའི་གནད་དོན་ཐོག་ཞིབ་འཇུག་དང་། གནས་ཚུལ་འཚོལ་ཞིབ་བྱ་ཐུབ་ན་ཧ་ཅང་ཕན་པོ་ཡོང་ས་རེད། བོད་གཞུང་གི་གནད་ཡོད་མི་སྣ་དག་ལ་འདིའི་སྐོར་བཅར་འདྲི་དང་། ལྷག་པར་དུ་ཁྲིམས་སྒྲིག་གང་འདྲ་ཡོད་མེད་ཀྱི་དཔྱད་གཞིའི་ཡིག་ཆ་ཁག་བཀླགས་ཏེ། མང་ཚོགས་ལ་ལམ་སྟོན་གྱི་གསར་འགྱུར་རིན་ཐང་ཅན་སྤེལ་རྒྱུ་གལ།

    Reply
  3. ཇོ་བོ་རྣམས་གཉིས། says:
    ལོ་ 15 སྔོན།

    ལས་ཀ་ནར་འགྱངས་བྱས་ཏེ་དོན་དག་འདི་བྱུང་བ་རེད། ཞེས་པར་འགྱུར་བ་གཏང་ནས་ལེ་ལོ་བྱས་ཏེ་དོན་དག་འདི་བྱུང་བ་རེད་ཟེར་བའམ་སེར་སྣ་བྱས་ན་དོན་དག་འདི་བྱུང་བ་རེད་ཞེས་འགྱུར་དགོས་ས་རེད། ཧེ་མལ་ཅལ་ཁུལ་གྱི་གླ་བྱེད་རླང་འཁོར་གཏང་ཁན་རྣམས་པས་བརྗོད་པ་ལྟར་ན་ལམ་ཁྲལ་སྒོར་ལྔ་མ་སྤྲད་པའི་རྐྱེན་བྱས་ནས་གནས་ཚུལ་དེ་བྱུང་བར་རེད་ཟེར་བཞིན་འདུག་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese