ཁ་སང་ཕྱི་ཚེས་ ༢༡ ཉིན་ནེའུ་ཛི་ལན་ཌི་ New Zealand ཡི་ལྷོ་ཤར་གྲོང་ཁྱེར་ཞིག་ཏུ་ས་འགུལ་ཤུགས་ཚད་ ༦།༣ ཞེས་པ་ཞིག་བརྒྱབ་སྟེ། མི་ ༦༥ ཙམ་རྐྱེན་འདས་སུ་སོང་ཡོད་སྐོར་ཕྱི་བསྒྲགས་བྱས་ཡོད་ཀྱང་། ད་དུང་དུས་ཚོད་སྐར་ཆ་རེ་རེར་མི་ཤི་བ་དང་བོར་བརླག་གི་གནས་ཚུལ་ཕར་བཞིན་ཡོད་པ་མ་ཟད། ཚོད་དཔག་བྱས་པ་ལྟར་ན་ཁ་སང་གི་དོན་རྐྱེན་ཁྲོད་གཏོར་སྐྱོན་ཐེབས་པའི་རྒྱུ་དངོས་ཨ་སྒོར་ཐེར་འབུམ་ ༣ ལྷག་ལ་བུད་ཡོད་འདུག
དེ་རིང་ཡང་བསྐྱར་ས་འགུལ་བྱུང་སྟེ་གྲོང་ཁྱེར་དབུས་ཀྱི་ཡེ་ཤུ་ལྷ་ཁང་ཆེན་པོ་ཞིག་ཉིལ་ཅིང་། མི་མང་པོའི་ཚེ་སྲོག་ཤོར་ཡོད་འདུག་ལ། ད་ལྟ་མྱུར་སྐྱོབ་ཉེན་རྟོག་པས་ཁང་བརྡིབ་ས་སྙིལ་འོག་ནས་མི་མང་པོ་མྱུར་སྐྱོབ་བྱེད་བཞིན་ཡོད་ཀྱང་། དེ་རིང་གི་དོན་རྐྱེན་ཁྲོད་ཤི་རྨས་ཐེབས་པའི་གྲངས་ཚད་གསལ་ཁ་བྱུང་མི་འདུག
ནེའུ་ཛི་ལན་ཌི་ནི་ཞི་བདེ་རྒྱ་མཚོ་ཆེན་མོའི་ལྷོ་ངོགས་སུ་ཆགས་ཡོད་ཅིང་། ལོ་ལྟར་ཆ་སྙོམས་ས་འགུལ་སྟོང་ཕྲག ༡༤༠༠༠ ཡས་མས་འབྱུང་གིན་ཡོད་པའི་ཁྲོད། ཤུགས་ཚད་ ༥ ཟིན་པ་ཉི་ཤུ་ཡས་མས་ཡིན་འདུག་ལ། ༡༩༦༨ ལོར་ཤུགས་ཚད་ ༧།༡ ཅན་ཞིག་བརྒྱབ་པ་དེ་ནི། དེ་སྔའི་ས་འགུལ་གྱི་ཤུགས་ཚད་མཐོ་ཤོས་དེ་ཆགས་ཡོད་ཀྱང་། སྐབས་དེར་མི་ ༣ ལས་སྲོག་སྐྱོན་བྱུང་མི་འདུག
ནེའུ་ཛི་ལན་ཌིའི་ནང་ས་འགུལ་གྱི་དོན་རྐྱེན་བྱུང་བའི་གནས་སྟངས།
ནེའུ་ཛི་ལན་ཌིའི་ནང་ས་འགུལ་གྱི་དོན་རྐྱེན་བྱུང་བའི་གནས་སྟངས།
ནེའུ་ཛི་ལན་ཌིའི་ནང་ས་འགུལ་གྱི་དོན་རྐྱེན་བྱུང་བའི་གནས་སྟངས།
ནེའུ་ཛི་ལན་ཌིའི་ནང་ས་འགུལ་གྱི་དོན་རྐྱེན་བྱུང་བའི་གནས་སྟངས།
ང་ཚོ་སྲོག་ལྡན་གྱི་རིགས་གཅིག་ཡིན་པས་སྡུག་བསྔལ་མི་འདོད་པའི་རང་བཞིན་ཅན་དུ་གཅིག་མཚུངས་ཡིན། དེའི་ཕྱིར། བྱང་ཆུབ་སེམས་མཆོག་རིན་པོ་ཆེ།། ཞེས་སོགས་སྨོན་ལམ་བྱེད།
འཇིགས་པ་ཀུན་ལས་མྱུར་དུ་སྐྱབས་ཏུ་གསོལ།
ཨེ་མ་ས་འགུལ་གྱི་འཇིགས་པ་ཞེས་པ་འདི་ནི་ནམ་དུའང་གང་དུ་ཡང་འབྱུང་ངེས་རེད། ད་ལྟ་ང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་དུ་མི་མང་པོ་ཞིག་ལྷན་དུ་སྡོད་ཀྱིས་ཡོད། དཔེར་ན། སློབ་གྲྭ་ཚོ་དང་། གྲྭ་ས་ཁག དེ་བཞིན་བཙུན་དགོན་ཁག དེ་ལས་ཀྱང་ཚབ་ཆེ་བ་དཔེར་ན་དབང་སྐྱོན་གྱི་སློབ་གྲྭ་སོགས་ཡོད། དེ་ཚོའི་ནང་གི་ལས་སློབ་ཡོངས་ལ་ས་ཡོམ་གྱི་འཇིགས་པ་ལས་ཐར་བའི་སྦྱོང་བརྡར་དུས་དུས་སུ་སྤྲོད་ཐུབ་ན་ཡག་པོ་འདུག་སྙམ། དཔེར་ན་སློབ་གྲྭ་སོགས་ཀྱི་ཉལ་ཁང་ལྟའུ་ཆ་བཞག་ན་དགོང་མོ་ཉལ་ཁང་གི་མགོ་ཕྱི་ནས་མགོ་ལྕགས་རྒྱབ་ཀྱི་ཡོད་པར་བརྟེན་གལ་ཏེ་ས་འགུལ་གྱི་འཇིགས་པ་བྱུང་ཚེ་དེ་ནི་ཧ་ཅང་གི་ཉེན་ཁ་ཆེ་བར་མཐོང་།