མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བྱམས་པ་འཕྲིན་ལས་སྐུ་གཤེཊ་པ།

བོད་ཀྱི་དུས་བབ།
༢༠༡༡/༠༢/༢༣
Share on FacebookShare on TwitterShare on EmailShare on Whatsapp

 

ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་དགུང་ལོ་ ༨༣ ཡིན་པའི་བོད་ཀྱི་གསོ་རིག་ཆེད་མཁས་པ་དང་དགེ་རྒན་ཆེན་མོ་བྱམས་པ་འཕྲིན་ལས་མཆོག་ལ་སྐུ་སྙུང་ཞིག་གི་དབང་གིས་སྨན་བཅོས་བྱས་ཀྱང་ཕན་ཐོགས་མ་བྱུང་བར་ལྷ་ས་ནས་སྐུ་གཤེགས་ཡོད་འདུག ཁོང་སྐུ་གཤེགས་རྗེས་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲང་ཆེ་ཀྲང་ཆི་ལིན་དང་དམར་ཕྱོགས་དྲུང་ཆེ་གཞོན་པ། བོད་རང་སྐྱོང་ལྗོངས་ཀྱི་དྲུང་ཆེ་པདྨ་འཕྲིན་ལས་སོགས་མྱ་ངན་ཚོགས་འདུར་ཞུགས་ཤིང་། བྱམས་པ་འཕྲིན་ལས་མཆོག་གི་ནང་མིར་འཚམས་འདྲི་ཞུས་ཡོད་པ་རེད། 

བོད་ཀྱི་གསོ་རིག་དང་གནམ་རིག་སྐར་རྩིས་ཀྱི་ཆེད་མཁས་པ་བྱམས་པ་འཕྲིན་ལས་ལགས་ནི། ༡༩༢༨ ལོར་ལྷ་ས་ནས་སྐུ་འཁྲུངས་པ་དང་། སྔ་གཞུག་ཏུ་བོད་ལྗོངས་སྨན་རྩིས་ཁང་གི་འགན་འཛིན་གཞོན་པ་དང་འགན་འཛིན།  དམར་ཤོག་དྲུང་ཆེ། བོད་ལྗོངས་གསོ་རིག་སློབ་གླིང་གི་འགན་འཛིན། བོད་རང་སྐྱོང་ལྗོངས་འཕྲོན་བསྟེན་ལས་ཁུངས་ཀྱི་འགན་འཛིན་གཞོན་པ་དང་བོད་རང་སྐྱོང་ལྗོངས་ཚན་རྩལ་མཐུན་ཚོགས་ཀྱི་ཚོགས་གཙོ།  ཀྲུང་གོའི་ཚན་རྩལ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སོགས་ཀྱི་འགན་བཞེས་ཡོད།

འདས་པའི་མི་ལོ་ ༦༠ ལྷག་གི་རིང་ཁོང་གིས་མང་ཚོགས་ཀྱི་འཕྲོད་བསྟེན་ཐོག་ཕྱག་ལས་རླབས་ཆེན་གནང་ཡོད་པ་མ་ཟད། བོད་ཆོལ་ཁ་གསུམ་གྱི་སློབ་ཕྲུག་སྟོང་ཕྲག་མང་པོར་བོད་ཀྱི་གསོ་བ་རིག་དང་སྐར་རྩིས་སྐོར་གྱི་སློབ་འཁྲིད་གནང་ཡོད་ལ།  ལྷག་པར་དུ་བོད་ཀྱི་གསོ་བ་རིག་པ་དང་བོད་ཀྱི་སྨན་རྫས་རིག་པ། བོད་ཀྱི་གསོ་རིག་ལོ་རྒྱུས་རིག་པ། གནམ་རིག་སྐར་རྩིས་རིག་པ་སོགས་ལ་གཏིང་ཟབ་པོས་ཞིབ་འཇུག་བྱས་ཏེ། སྔ་གཞུག་ཏུ་བརྩམས་ཆོས་ ༢༠ ལྷག་དང་དཔྱད་རྩོམ་བ ༡༠༠ ལྷག  བསླབ་དེབ་ ༡༣ བཅས་བརྩམས་ཡོད། དེ་དག་ལས་༼བོད་ཀྱི་གསོ་རིག་རྒྱུད་བཞིའི་ཚོན་ལྡན་འགྲེམ་ཐང༽ཞེས་པ་བོད་རྒྱ་དབྱིན་གསུམ་ཐོག་བསྒྱུར་ཡོད་ཅིང་། ༼བོད་ཀྱི་གསོ་རིག་མཁན་པོ་རིམ་བྱོན་གྱི་མཛད་རྣམ་མདོར་བསྡུས༽དང་༼གསོ་རིག་རྒྱུད་བཞིའི་སྣང་བརྙན་གཅེས་བསྡུས༽སོགས་ལ་བྱ་དགའ་ཡང་ཐོབ་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

བོད་རང་དབང་འཐབ་རྩོད་པའི་ལྷན་ཚོགས་ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༢༥ དང་ ༢༦ ཉིན་དབུས་སྣེ་ལེན་ཁང་དུ་འཚོགས། དུས་བབ་ཀྱི་པར།
Mobile App

བོད་རང་དབང་འཐབ་རྩོད་པ་རྣམས་ལ་རིམ་གྱིས་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༣ སྔོན་ལ།
བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་དེ་དགོན་པའི་འདུ་ཁང་དུ་བཞག་སྟེ་སྔོན་གྱི་བཞུགས་ཡུལ་དུ་རྟ་རྒྱུག་ཐང་བཟོས་འདུག པར་དུས་བབ་ལ་མཁོ་སྤྲོད་གནང་།
Mobile App

བོད་བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་བཞུགས་ས་དེ་རྟ་རྒྱུག་ཐང་བཟོས་འདུག

༢༠༢༦/༠༤/༢༧
ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་ལས་རིམ་དངོས་སུ་མགོ་བཙུགས། ༢༠༢༦།༤།༢༦ དུས་བབ་གསར་ཁང་གི་པར།
Mobile App

ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་བྱེད་བཞིན་པ།

༢༠༢༦/༠༤/༢༦
དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

༢༠༢༦/༠༤/༢༥
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤

མཆན། 8

  1. དཀར་མཚོ་སྐྱིད། says:
    ལོ་ 15 སྔོན།

    ཀྱེ་མ་ཀྱེ་ཧུད།
    བཀའ་དྲིན་མཚུངས་ཟླ་མེད་པའི་དགེ་བའི་བཤེས་གཉེན་ཆེན་པོ་ཐུགས་བརྩེ་བ་དང་ལྡན་པའི་སློབ་དཔོན་ཁྱེད་ཀྱིས་ཉམ་ཐག་གདུལ་བྱ་ཡོངས་ཀྱི་ཆེད་དུ་མཁས་བཙུན་བཟང་གསུམ་གྱི་སྐྱེས་བུ་དམ་པའི་རྣམ་ཐར་བཟང་བོ་ཡུན་རིང་དུ་མི་སྐྱོང་བར་གློ་བུར་དུ་འཇིག་རྟེན་གཞན་ཡུལ་དུ་གཤེགས་པར་མཛད་པ་ནི་ཅི་ཞིག་དགོངས་ལགས་སམ།

    Reply
  2. བཛྲ་སུ་མ་ཏི། says:
    ལོ་ 15 སྔོན།

    གྲོགས་མངའ་རིས་བུ་ལགས།ཁོང་གི་མཚན་བྱམས་པ་འཕྲིན་ལས་རེད་བྱམས་པ་ཕུན་ཚོགས་མ་རེད།གནས་ཚུལ་གསལ་བོ་བྱས་ནས་གཟིགས་རོགསདང་མཆན་སྤེལ་རོགས།

    Reply
  3. གཞིས་ཆགས་བུ། says:
    ལོ་ 15 སྔོན།

    ངོ་མ་ཕངས་པོ་རེད།
    རླབས་ཆེན་གྱི་སྐྱེ་བོ་དེ་འདྲ་འཇིག་རྟེན་འདི་ནས་ཕེབས་པའི་དུས་སུ་སེམས་ལ་དངངས་ཚབ་ཅིག་རང་བཞིན་གྱི་ཡོང་གིན་འདུག ང་རང་ཚོའི་མི་རབས་འདིས་མི་རབས་སྔོན་མ་ཚོའི་ཤུལ་བཞག་རྣམས་རྒྱན་འཛིན་ཐུབ་ཀྱི་ཡོད་དམ་མེད་ཀྱི་དོགས་པ་དང་རྣམ་རྟོག་ཅིག་སླེབས་ཡོང་གིན་འདུག གལ་ཏེ་ཁོང་ཚོའི་བཞག་པའི་རིན་བྲལ་གྱི་རིག་གནས་དང་ལེགས་བྱང་སོགས་རྒྱན་འཛིན་ལེགས་པ་ཞིག་བྱ་མ་ཐུབ་ཚེ། ངོ་མ་ངོ་ཚ་ཞིག་རེད། དེ་བས་ཁོང་འདྲ་བའི་ཤེས་ལྡན་གྱི་མཁས་པ་མང་དག་ཤིག་ཡོང་ཐུབ་པའི་སྨོན་ལམ་ཡོད་།

    Reply
  4. མངའ་རིས་བུ། says:
    ལོ་ 15 སྔོན།

    སྐུ་ཞབས་མཁས་དབང་བྱམས་པ་ཕུན་ཚོགས་ལགས་སྐུ་གཞན་དུ་གཤེགས་པར་མྱ་ངན་ཞུ།
    ཁོང་ནི་བོད་མི་རིགས་ལ་རླབས་ཆེན་གྱིས་བྱེད་བྱས་འཇོག་མཁན་ཅིག་རེད།
    ལྷག་པར་དུ་ཁོང་གིས་བྲིས་པའི་སྨན་རྩིས་ཀྱི་ལོ་རྒྱུས་ཀྱིས་མཚོན་པའི་བོད་ཀྱི་ལོ་རྒྱུས་དྲང་བདེན་སྨྲ་བ་པོ་ཡང་དག་པ་ཞིག་ཡིན་པར་ཤེས་ཐུབ་པ་འདུག
    དེ་མིན་བོད་ཀྱི་ལོ་རྒྱུས་འབྲི་བ་པོ་དེ་དག་གིས་བྲིས་པ་རྣམས་ཕྱོགས་ལྷུང་གིས་བཟི་ནས་ལོ་རྒྱུས་ཀྱི་ལམ་ཁ་དེ་ཀྱག་ཀྱོག་གི་ཚུལ་དུ་བཟོས་ཡོད།

    Reply
  5. JIGME says:
    ལོ་ 15 སྔོན།

    སྨན་པ་བྱམས་པ་འཕྲིན་ལས་ལགས་་དམར་ཤོག་དྲུང་ཆེ་གནང་བ་གོ་་མ་མྱོང་ ཁོང་གལ་སྲིད་དམར་ཤོག་གི་དྲུང་ཆེ་གནང་ཡོད་ན་ཁོང་གུང་ཁྲན་ཏང་མི་ཡིན་དགོས་ཀྱི་རེད་ རྒྱ་མི་དང་གུང་ཁྲན་ཏང་ལ་དགའ་མཁན་གྱི་མི་ཞིག་ཨ་ཡིན་བསམ་གྱི་འདུག་ གང་ལྟར་བོད་ཀྱི་མཁས་པ་མཛད་རྗེས་ཡོད་མཁན་ཞིག་ཡིན་པས་མྱ་ངན་དང་གུས་བཏུས་ཞུ།

    Reply
  6. བཛྲ་སུ་མ་ཏི། says:
    ལོ་ 15 སྔོན།

    དམ་པ་ཁོང་གི་སྐུ་ཚེ་མཐའ་འཕྱོངས་ཞིང་མཛད་པ་མཐར་ཕྱིན་པའི་རླབས་ཆེན་བྱ་བཞག་མཐའ་དག་ལ་རྗེས་སུ་ཡི་རངས་ཞུ།དམ་པ་དང་ཚེ་འདིར་མཇལ་འཕྲད་མ་བྱུང་བ་ཧ་ཅང་བློ་ཕམ་ཆེ།

    Reply
  7. ཁམས་པའི་ཕོ་རྒོད། says:
    ལོ་ 15 སྔོན།

    དགོངས་ལོ་ཡག་པོ་ཞི་དྲག་ཐོབ་འདུག་ཡིན་ན་ཡང་མྱ་ངན་ཞུ་འདོད་བྱུང་
    ཨོྂ་མ་ཎི་པདྨེ་ཧཱུྂ་ཧྲཱི༔

    Reply
  8. ཁམས་པ། says:
    ལོ་ 15 སྔོན།

    མྱ་ངན་ཞུ། །
    ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese