མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལོ་ཆེ་ཆུང་དང་ཤེས་ཡོན་ཡོད་མེད་ཀྱི་འགྲན་བསྡུར་མ་རེད།

བོད་ཀྱི་དུས་བབ།
༢༠༡༡/༠༢/༢༣
Share on FacebookShare on TwitterShare on EmailShare on Whatsapp

སང་ཕྱི་དྲོར་ངྷ་ས་ཉིན་སློབ་རྒྱལ་ཡུལ་ཆེན་མོའི་ཚོགས་ཁང་དུ་ན་གཞོན་མཐུན་ཚོགས་ཀྱི་གོ་སྒྲིག་འོག སྐབས་གསུམ་པའི་བཀའ་ཁྲིའི་འོས་མི་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་མང་ཚོགས་ལ་གཏམ་བཤད་དང་དྲི་བ་དྲིས་ལན་གྱི་འཛུ་འཛོམས་ཤིག་བསྐངས་ཡོད་ཅིང་། བགྲོ་གླེང་དེའི་ཐོག་མར་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱི་མི་ཚེའི་ལོ་རྒྱུས་དང་ ༡༩༦༧ ལོ་ནས་ད་ལྟའི་བར་བོད་བསྟན་པ་ཆབ་སྲིད་ཀྱི་སླད་དུ་སྲི་ཞུ་སྒྲུབ་པའི་གློག་བརྙན་ཐུང་ངུ་ཞིག་ཀྱང་གཟིགས་འབུལ་ཞུས་སོང་།

དེའི་རྗེས་བཀྲས་མཐོང་ལགས་ཀྱིས་གཏམ་བཤད་གནང་དོན། ཉེ་བའི་ཆར་རྒྱ་གར་ནང་གི་བོད་རིགས་འདུས་སྡོད་ཁག་ཕལ་ཆེ་བར་གཏམ་བཤད་དུ་ཕྱིན་པ་ཡིན། སྐབས་དེ་དག་ཏུ་ང་རང་ལ་དྲན་གསོ་དང་ས་གནས་ས་ཐོག་གི་གནས་སྟངས་ལ་རྒྱུས་ལོན་ཁ་གསལ་བྱུང་། གཏམ་བཤད་སྐབས་གཞིས་ཆགས་དང་སློབ་གྲྭ་ཁག་གི་གནད་དོན་སྐོར་དང་ལྷག་པར་དུ་མི་མང་གི་དྲི་བ་ཤུགས་ཆེ་ཤོས། བོད་ཀྱི་རྩ་དོན་ཐོག་ལ་ག་རེ་བྱ་རྩིས་ཡོད། དབུ་མའི་ལམ་གྱི་སྟེང་ནས་ང་ཚོའི་དཀའ་རྙོག་ཇི་ལྟར་སེལ་ཐུབ་ཀྱི་རེད། བོད་ནང་གི་མི་མང་ཚོའི་དཀའ་ངལ་ཇི་ལྟར་སེལ་ཐུབ་ངེས་རེད། དྲི་བ་འདི་དག་གིས་ང་ལ་དྲན་སྐུལ་ཆེན་པོ་ཐེབས་སོང་།

༡༩༩༠ ལོར་༧གོང་ས་མཆོག་གིས་དམངས་གཙོ་ཚད་ལྡན་ཡོང་རྒྱུར་ད་ལྟའི་བར་ངས་བཀའ་བློན་བསྐོ་བཞག་བྱེད་སྲོལ་དེ་མ་ཡིན་པར་མི་མང་གིས་འདེམ་རྒྱུའི་མགོ་འཛུགས་དགོས་ཀྱི་འདུག་གསུངས་པ་དང་། སྐབས་དེའི་དམིགས་བསལ་ཚོགས་ཆེན་ཐོག་ཐེངས་དང་པོར་བཀའ་བློན་གསུམ་བདམས་པ་རེད། ལོ་དེའི་རྗེས་མ་ནས་ད་ལྟའི་སྤྱི་འཐུས་ཀྱི་སྒྲོམ་གཞི་འདི་བྱུང་བ་དང་། དེ་བཞིན་ད་ལྟའི་བཙན་བྱོལ་བོད་གཞུང་གི་བཅའ་ཁྲིམས་གཏན་འབེབ་བྱས་པ་རེད། ༢༠༠༡ ལོར་མང་ཚོགས་ཀྱིས་ཐད་གར་འོས་འདེམས་བྱས་པའི་བཀའ་བློན་ཁྲི་བ་དང་པོ་དང་གཉིས་པར་ད་ལྟའི་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་ཕེབས་པ་རེད། ད་ཆར་སྐབས་གསུམ་པའི་བཀའ་ཁྲིའི་དངོས་གཞིའི་འོས་ཤོག་འཕེན་པའི་དུས་ཚོད་ལ་བསླེབས་ཡོད།

གོང་གི་གནས་ཚུལ་དེ་དག་ལོ་རྒྱུས་དང་འབྲེལ་ཏེ་ཞུ་དགོས་པའི་རྒྱུ་མཚན་ ༡༩༥༩ ནས་ད་ལྟའི་བར་ང་ཚོས་དྲན་གསོ་བྱ་དགོས་པ་དང་། ལྷག་པར་དུ་ང་སྐབས་གསུམ་པའི་བཀའ་ཁྲིའི་འོས་མིར་ལངས་བ་འདི་བུར་དུ་བསམ་བློར་འཁོར་བ་ཞིག་མིན་པར་༧གོང་ས་མཆོག་གི་ཕུགས་རྒྱང་རིང་པོར་གཟིགས་ཏེ་བོད་ཀྱི་རྩ་དོན་འདི་དམངས་གཙོ་དང་། བཙན་བྱོལ་གཞུང་དམངས་སྲ་བརྟན་ཡོང་པའི་དགོངས་པ་འདིའི་ཐོག ང་རང་གིས་སྲི་ཞུ་བསྒྲུབ་ཐུབ་ན་བསམ་པ་དེ་ཡིན།

མ་འོངས་པའི་བོད་ཀྱི་རྩ་དོན་ཐད་ཐེངས་འདིའི་བཀའ་སྤྱིའི་འོས་འདེམས་འདིར་མང་ཚོགས་ཀྱིས་ཐུགས་སྣང་དང་འགན་འཁུར་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། རྒྱ་ནག་དང་རྒྱལ་སྤྱི་སོགས་ནས་ཐེངས་འདིའི་བཙན་བྱོལ་བོད་གཞུང་གི་བཀའ་སྤྱིའི་ལས་གནས་སུ་མི་སུ་དག་བསླེབ་མིན་དང་། སྲིད་ཇུས་འཛིན་ཕྱོགས་བཅས་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པར་བལྟས་ན། ང་ཚོས་ངེས་པར་དུ་གལ་ཆེན་མཐོང་ཆེན་དང་འགན་འཁུར་དགོས་པ་ཞིག་ཆགས་ཡོད།

སྤྱིར་དམངས་གཙོའི་འོས་བསྡུའི་ནང་མི་མང་གིས་ཆ་ཤས་བླངས་པའི་བརྒྱ་ཆ་ ༥༠ ཙམ་ཡིན་ན་སྐྱོ་བོར་རྩི་བ་དང་། རྒྱ་གར་རྒྱལ་ཡོངས་འོས་བསྡུའི་སྐབས་བརྒྱ་ཆ་ ༦༠ ཙམ་ལ་བསླེབས་པ་ནི་ཡག་པོར་རྩི་ཡི་ཡོད། ང་ཚོས་འོས་བསྡུའི་ནང་བརྒྱ་ཆ་ ༧༠ ལྷག་ལ་བསླེབ་ཐུབ་ཚེ་རྒྱལ་སྤྱིའི་ངོས་ནས་ང་ཚོའི་མང་གཙོའི་ལམ་སྲོལ་ལ་དམིགས་བསལ་ལྟ་སྟངས་ཤིག་ཡོང་ངེས་ཡིན་སྟབས། ཐེངས་འདིའི་བཀའ་སྤྱིའི་འོས་བསྡུའི་སྐབས་སུ་མང་ཚོགས་ཀྱིས་འགན་ལེན་བྱ་རྒྱུ་གལ་ཆེན་པོ་ཆགས་ཡོད།

ང་ས་ཁུལ་ཁག་ལ་སྐོར་སྐྱོད་བྱས་སྐབས་མང་ཚོགས་ཀྱིས་བཀའ་བློན་ཁྲི་བའི་འོས་འདེམས་ལས་སྤྱི་འཐུས་ཀྱི་འོས་འདེམས་ལ་དེ་ཙམ་དོ་སྣང་བྱེད་ཀྱི་མེད་པའི་མྱོང་ཚོར་བྱུང་། དོན་དངོས་ཐོག་བཀའ་སྤྱི་གཉིས་ཀྱི་འོས་འདེམས་གལ་ཆེ་ཆུང་འདྲ་འདྲ་རེད། སྤྱི་འཐུས་ཚོ་མི་མང་གི་སྐུ་ཚབ་ཆགས་ཡོད་པ་དང་གཞུང་གི་སྲིད་བྱུས་ཚང་མ་སྤྱི་འཐུས་གྲོས་ཚོགས་ནས་ཐག་གཅོད་བྱེད་ཀྱི་ཡོད་སྟབས། སྤྱི་འཐུས་འོས་འདེམས་དེ་ཧ་ཅང་གལ་ཆེན་པོ་རེད།

ཉེ་ཆར་རྒྱལ་བ་ཀརྨ་པའི་བླ་བྲང་ལ་བྱུང་བའི་དོན་རྐྱེན་དཔེ་མཚོན་བྱས་ཏེ་བཤད་ན། རྒྱ་གར་གྱི་གནད་ཡོད་མི་སྣ་དང་ཡོན་ཏན་ཅན་ཚོས་བཙན་བྱོལ་བོད་མིར་གདུག་རྩུབ་ཅན་གྱི་ལས་ཀ་དེ་འདྲ་བྱེད་པ་མ་རེད་ལ། ལྷག་པར་དུ་༧གོང་ས་མཆོག་བཞུགས་རིང་ལ་དེ་འདྲ་ཡོང་གི་མ་རེད། འོན་ཀྱང་རྒྱ་གར་རྒྱ་ཆེན་པོ་དང་ལྟ་བ་འདྲ་མིན། ཆབ་སྲིད་ཀྱི་ལས་འགན་འདྲ་མིན་སྤེལ་བའི་ཚོགས་པ་ཡོད་སྟབས། ང་ཚོའི་སྐྱོན་ཆུང་ཆུང་ཞིག་ཡིན་ཡང་གོ་སྐབས་འཛིན་ཆོག་ཆོག་དང་རྡོག་རྩིས་གཏོང་ཆོག་ཆོག་བྱེད་པ་རེད། ང་ཚོས་གང་གཟབ་གཟབ་བྱ་རྒྱུ་གལ་ཆེན་པོ་རེད།  ཞེས་གསུངས་སོང་།

དེའི་རྗེས་མང་ཚོགས་དང་དྲི་བ་དྲིས་ལན་མགོ་འཛུགས་བྱས་སོང་ཞིང་། སྔོན་མ་བཀའ་བློན་ཁྲི་པའི་ལས་ཐོག་ནས་དགོངས་པ་ཞུས་པ་དེ་སོ་སོའི་ནང་མིའི་ཆེད་དུ་བོད་ཀྱི་རྩ་དོན་བློས་བཏང་བ་ཞིག་མ་རེད་དམ། ཞེས་དྲིས་པའི་ལན་དུ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་གིས་ལན་འདེབས་གནང་དོན། ནང་མི་ཟེར་བ་དེ་གལ་ཆེན་པོ་རེད། སྣང་མེད་གཏོང་རྒྱུ་དེ་འདྲ་མ་རེད། ༡༩༩༠ ལོར་བཀའ་བློན་གསུམ་བདམས་ཐོན་བྱུང་བའི་ནང་གི་གཅིག་ང་རང་རེད། དེ་ནས་ ༡༩༩༥ ལོའི་བར་བཀའ་བློན་གྱི་འགན་ཁྱེར་བའི་རྗེས་སུ་ལུགས་མཐུན་ཐོག་དགོངས་པ་ཞུས་པ་ཡིན། སོ་སོའི་འཚོ་བ་ཡག་པོ་ཞིག་ཆགས་ན་བོད་སྤྱི་བའི་ལས་དོན་ལ་ནུས་པ་ཞིག་འདོན་ཐུབ་པ་རེད་སྙམ་པ་ཡིན་མ་གཏོགས་བོད་ཀྱི་རྩ་དོན་བློས་བཏང་བ་དེ་འདྲ་མིན། སྐབས་དེར་ང་གཞུང་གི་ལས་གནས་ནས་དགོངས་པ་ཞུས་ཀྱང་ཕྱི་ལོགས་ནས་བོད་ཀྱི་རྩ་དོན་ལ་མུ་མཐུད་འབྲེལ་བ་དང་འགན་ཁུར་བ་ཡིན། ཞེས་ལན་བསྐྱོན་སོང་།

ཡང་ཁོང་ལ། རྒྱ་ནག་དང་མཉམ་དུ་འབྲེལ་བ་བྱ་རྒྱུ་དང་བོད་མིའི་མི་རབས་གསར་བ་གསོ་སྐྱོང་བྱ་རྒྱུ་དེ་གཉིས་བོད་པའི་ལས་དོན་གཙོ་བོ་ཡིན་སྟབས། དེའི་ཐད་སྐུ་ཉིད་ལ་འཆར་གཞི་དང་སྲིད་བྱུས་གསར་བ་གང་འདྲ་ཡོད་དམ། ཞེས་དྲིས་པར་ཁོང་གིས། རྒྱ་ནག་མཉམ་དུ་བོད་ཀྱི་དཀའ་རྙོག་སེལ་བའི་སྲིད་བྱུས་༧གོང་ས་མཆོག་གི་དགོངས་པ་དང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབ་བྱས་པའི་གཉིས་ཕན་དབུ་མའི་ལམ་འདི་རྒྱུན་འཁྱོངས་བྱ་དགོས་པ་ལས། བཀའ་བློན་ཁྲི་པ་གཅིག་པོས་སྲིད་བྱུས་གསར་བ་གཏན་འབེབས་བྱ་རྒྱུའི་དབང་ཆ་ཡོད་པ་མ་རེད། འོན་ཀྱང་། གནས་ཚུལ་གྱི་འགྱུར་བ་དང་གནས་ཚུལ་གསར་བའི་རིགས་བྱུང་སྐབས། བཀའ་བློན་ཁྲི་པས་དམིགས་བསལ་འགན་ཁུར་ཏེ། སྲིད་བྱུས་ལ་བསྐྱར་ཞིབ་བྱ་དགོས་མིན་དང་ནུས་པ་ཇེ་ཆེར་གཏོང་ཐབས། འགྱུར་བ་ག་རེ་གཏོང་དགོས་མིན་བཅས་ལ་དགོངས་ཚུལ་དང་ལམ་སྟོན་བྱ་རྒྱུའི་འགན་ཡོད་པ་རེད། དེ་བཞིན་བོད་དང་རྒྱ་ནག་ནང་ཉེ་ཆར་ཁ་ཆེ་ལུང་པ་ཚོའི་ནང་བྱུང་བའི་འགྱུར་བ་དེ་འདྲ་བྱུང་ཚེ་བཀའ་བློན་ཁྲི་བས་ནུས་བ་དམིགས་བསལ་འདོན་རྒྱུའི་དབང་ཚད་དང་གོ་སྐབས་ཡོད་པ་རེད། ཅེས་ལན་བསྐྱོན་སོང་།

ཡང་མང་ཚོགས་ཤིག་གིས། སྐུ་ཉིད་ཀྱིས་བཀའ་བློན་ཁྲི་པར་ཚང་དགོས་པའི་ཁྱད་ཆོས་གཙོ་བོ་གང་འདྲ་ཞིག་ལ་གཟིགས་ཀྱི་ཡོད་མེད་དྲིས་པར་ཁོང་གིས། འོས་འདེམས་བྱུང་བའི་བཀའ་ཁྲི་དེས་མཇོན་གྱི་ཡོད་མེད་གང་ལྟར་བཙན་བྱོལ་གཞུང་དམངས་དང་། བོད་མི་ས་ཡ་དྲུག་གི་འགན་འཁུར་དགོས་པ་ཡིན་དུས་མཚན་ཉིད་ཚང་བའི་བཀའ་ཁྲི་ཞིག་ཡོང་དགོས་པ་རེད། ལོ་རྒན་གཞོན་དང་ཡོན་ཏན་ཆེ་ཆུང་གི་འགྲན་བསྡུར་ཞིག་མ་རེད། ཉམས་མྱོང་ཆེ་ཆུང་གི་འགྲན་བསྡུར་ཡང་མ་རེད། ལྷག་པར་དུ་སེམས་ཤུགས་དང་ལྷག་བསམ་ཟེར་བ་དེ་མཐོང་ཐུབ་པ་ཞིག་མ་རེད། གཙོ་བོ་གཟུགས་གཞི་བདེ་ཐང་དང་། ཤེས་ཡོན་ཉམས་མྱོང་གང་འཚམ་ཡོད་པ། གཞིས་ལུས་བོད་མིས་ཡིད་ཆེས་ཡོད་མཁན། ༧གོང་ས་མཆོག་གི་དགོངས་པ་རྟོགས་པ་སོགས་ཀྱི་ཁྱད་ཆོས་མང་པོ་ཞིག་ཚང་དགོས་པ་རེད། ཅེས་གསུངས་སོང་།

དེང་སྐབས་རྒྱ་ནག་གིས་ཕྱི་ཕྱོགས་ཀྱི་བོད་པ་རྣམས་ནང་དུ་འགུག་གི་ཡོད་པའི་སྲིད་ཇུས་ཤིག་བཟུང་སྟེ། བཙན་བྱོལ་ནང་གི་བོད་མི་མང་པོ་ཞིག་ཕྱིར་ལོག་གི་ཡོད་པ་དེ་འགོག་ཐབས་འདྲ་ཡོད་མེད་དྲིས་པར། གཉེན་འཕྲད་དུ་ཕྱི་སྡོད་བོད་མི་ཚོས་རྒྱ་ནག་གཞུང་ཚབ་ནས་ཐོངས་མཆན་བླངས་ཏེ་ཕྱིར་བོད་དུ་བསྐྱོད་པ་ཡིན་ན་འགྲིག་གི་རེད། དེ་མིན་ཆབ་སྲིད་ཀྱི་གནད་དོན་ཧ་གོ་བའི་ཐོག་ནས་རྒྱ་ནག་གི་སྲིད་བྱུས་ལྟར་ཕྱིར་ལོག་བྱས་ཚེ། རང་ཉིད་བོད་མི་ཞིག་ཡིན་པའི་འགན་མ་ཁུར་བ་རེད་མ་གཏོགས་དེ་ལ་བཙན་བྱོལ་གཞུང་གི་ངོས་ནས་འགྲོ་ཆོག་གི་མེད་ཟེར་ནས་བཀག་འགོག་བྱ་ཐབས་ཡོད་པ་མ་རེད། ཅེས་ལན་འདེབས་གནང་སོང་།

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༣ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༣ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 2

  1. གངས་ཆབ། says:
    ལོ་ 15 སྔོན།

    བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་ཉམས་མྱོང་ལ་གཞིག་པའིགཏམ་བཤད་གནང་བཞག་པར་དམིགས་བསལ་ཞིག་དང་མཐོང་སྣང་གསར་པ་གང་ཡང་ཡོད་པ་འདྲ་ཞིག་མཐོང་མ་སོང་།མ་ཚད་ཁོང་གིས་གསུངས་བསྟང་ལ་བལྟས་པ་ཡིན་ན།གཅིག་བྱེད་ཡག་ཡོད་རེད་གཉིས་ཡག་པོ་ཡོད་རེད་གསུམ་གལ་ཆེན་པོ་རེད་ཞེས་གསུངས་བ་ཙམ་ལས་དོན་དངོས་ཐོག་བོད་མི་རིགས་དང་།རྩ་དོན་ཐོག་ཁ་ཡོད་ལག་ཡོད་ཀྱི་ཕན་ནུས་ལྡན་པའི་བྱ་གཞག་སྐྲུན་ཐབས་འདི་འདྲ་ཞིག་གི་ཐོག་ནས་ལས་དོན་བསྒྲུབ་ཕྱོགས་ཡང་འདི་དང་འདིར་འདྲ་བ་ཞིག་བྱེད་ཡག་གི་ཐབས་ལམ་གསར་པ་འདྲ་ཡོད་པའི་གཏམ་བཤད་ཅིག་གཏན་ནས་གནང་མི་འདུག་ལགས།གནང་ཡང་མ་སོང་།
    ང་ཚོ་བོད་མི་མང་ལ་དགོས་པའི་གཏམ་བཤད་ནི།རྩ་དོན་དང་ལས་དོན་འདི་དང་འདིར་འདྲ་བ་ཞིག་ལ།ལས་དོན་བསྒྲུབ་ཕྱོགས་ཀྱི་ཐབས་ལམ་འདི་དང་འདིའི་ཐོག་ནས་བསྒྲུབ་ཐུབ་པ་བྱེད་ཀྱི་ཡིན་བྱེད་པ་དེ་རེད་མ་གཏོགས་གཅིག་བྱེད་ཡག་ཡོད་པ་དང་།གཉིས་གལ་ཆེན་ཡིན་པའི་གཏམ་བཤད་ཅིག་ནི་ཕྲུ་གུ་ལོ་ན་བརྒྱད་དགུ་ཙམ་གྱིས་བརྗོད་ཤེས་ངེས་རེད།

    Reply
  2. ཁམས་སེམས་བཟང་། says:
    ལོ་ 15 སྔོན།

    ༄༅། །བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་མང་ཚོགས་ལ་གསལ་བཤད་དང་དྲི་ལན་སོགས་ཀྱི་གོ་སྐབས་གནང་བ་ནི་ཁོ་འོས་ཐོབ་ཕྱིར་ཁོ་ནའི་ཆེད་མིན་པ་བོད་ཀྱི་རྕ་དོན་གྱི་ཆེད་དུའང་ཡིན་ཚང་མས་ཤེས་དགོས་ངེས་རེད། ལར་ནས་ཁོང་བཀའ་ཁྲིའི་འོས་མིར་ལངས་པ་དེ་ཡང་རྩ་དེན་གྱི་ཆེད་དུ་ཡིན་པ་ངས་ཡིད་ཆོས་ཡོད། རྣམ་ཚོས་འབྱུང་འགྱུར་༣/༢༠ཉིན་ཆོལ་ཁ་ ལུང་ཚནདང་ཆོས་ལུགས་སོགས་ཀྱི་དབྱེར་འབྱེད་མི་བྱེད་པར་མཆོག་གསུམ་དཔང་པོར་གཙུགས་ཏེ་བོད་སྤྱི་པའི་རྩ་དོན་ལ་བསམས་ནས་འོས་འཕེན་པ་ངའི་རེ་བ་ཞུ་འདོད་བྱུང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese