རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་བའི་ཨ་རིའི་གཞུང་ཚབ་ཆེན་མོ་སྐུ་ཞབས་རའོ་མེར་ལགས་ཕྱི་ཚེས་ ༢༣ ཉིན་བཞུགས་སྒར་ངྷ་རམ་ས་ལར་གཟིགས་སྐོར་གནང་ཡོད་ཅིང་། ཁོང་གིས་ཐེངས་འདིའི་ཉིན་གཉིས་ཀྱི་གཟིགས་སྐོར་རིང་ངྷ་སའི་ཉེ་འདབས་སུ་གསར་རྒྱག་བྱས་ཡོད་པའི་དབུས་སྣེ་ལེན་ཁང་དབུ་འབྱེད་མཛད་སྒོར་ཕེབས་ཡོད་ཅིང་། དེ་བཞིན་ཤེས་རབ་དགའ་ཚལ་སློབ་གླིང་དང་ཁྱིམ་སློབ་གྲྭ་སོགས་སུ་ཡང་གཟིགས་སྐོར་གནང་རྒྱུ་ཡིན་འདུག་ལ། ཕྱི་ཚེས་ ༢༤ ཉིན་བཞུགས་སྒར་ཕོ་བྲང་དུ་༸གོང་ས་མཆོག་ལ་མཇལ་བཅར་གནང་སྟེ། བཙན་བྱོལ་བོད་མིའི་གནས་སྟངས་སྐོར་ལ་བཀའ་མོལ་གནང་རྒྱུ་ཡིན་འདུག ཨ་རིའི་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཧི་མ་ཅལ་ས་གནས་མངའ་སྡེ་གཞུང་གིས་ཨ་རིའི་གཞུང་ཚབ་སྐུ་ཞབས་རའོ་མེར་ལགས་ནི་ཧི་མ་ཅལ་མངའ་སྡེ་ཡི་སྐུ་མགྲོན་ཡིན་སྐོར་བརྗོད་ཡོད་འདུག
གསར་འགོད་པ། ཚེ་རིང་རྒྱལ།
སྲིད་དོན་གྱི་དགོས་མཁོ་ཡིན་མིན་གང་ལྟར་ཡང་། གཟིགས་སྐོར་ཙམ་ཞིག་ཀྱང་རླབས་ཆེན་དུ་བརྩིས་ན་འགྲིགས་ལ། མདུན་རྒྱབ་ལའང་ང་ཚོས་ངེས་པར་དུ་ཚོད་དཔག་ཙམ་ཞིག་དང་། དོན་སྣང་བྱེད་དགོས།