མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨི་ཇིབ་གསར་བརྗེའི་རྗེས་སུ་ང་ཚོས་ཅི་བྱ་དགོས།

བོད་ཀྱི་དུས་བབ།
༢༠༡༡/༠༢/༢༧
Share on FacebookShare on TwitterShare on EmailShare on Whatsapp

ཀིག་ཁི་ཙི་ཡིས་བརྩམས། ཚེ་རིང་རྒྱལ་གྱིས་བསྒྱུར།

འདི་ནི་གླེང་གཞི་ལས་སླ་བོ་ཞིག་མ་རེད། ཡིན་ནའང་། ང་ཚོས་གཟབ་ནན་གྱི་སྒོ་ནས་གླེང་གཞི་འདིར་ངེས་པར་དུ་གྲོས་བསྡུར་བྱ་དགོས། ཨི་ཇིབ་མང་ཚོགས་ཀྱི་ཞི་བའི་གསར་བརྗེ་༼ འདིར་བརྗོད་པའི་ཞི་བའི་གོ་དོན་ནི་དྲག་པོར་བསྟུན་ཐབས་མི་བྱེད་པའི་ཞི་བར་གོ་དགོས།༽ཡི་མཐོ་རླབས་འོག  ལོ་ངོ་སུམ་ཅུའི་རིང་ལ་སྲིད་གཞུང་སྒེར་གཅོད་བྱེད་མཁན་གྱི་དབང་འཛིན་པ་མུའུ་བྷ་རཱག་དངོས་སུ་སྲིད་སྟེགས་ལས་ཕབ་པ་རེད། ནཱེལ་གཙང་པོའི་རྒྱུད་དུ་ད་དུང་ཨི་ཇིབ་ཀྱི་ཡོན་ཧྲི་ཁའེ་དང་། ཨི་ཇིབ་ཀྱི་ཀྲང་ཞཱོན་ཡང་སྐྱེ་སྲིད། གང་ལྟར། ཨི་ཇིབ་སྤྱི་ཚོགས་ཀྱི་དམངས་གཙོའི་འཕེལ་རིམ་དེ་གཟི་བརྗིད་ལྡན་པའི་ངང་རྒྱལ་ཁའི་ཕྱོགས་སུ་གོམ་སྟབས་ཆེན་པོ་ཞིག་སྤོས་ཡོད།

དེ་བཞིན་ཨི་ཇིབ་དང་མཚུངས་པར་སྒེར་གཅོད་རུལ་སུངས་སུ་གྱུར་བའི་ད་ལྟའི་རྒྱ་ནག་ལ་མཚོན་ནའང་རྒྱལ་ཁབ་དང་མི་རིགས། ཐ་ན་ང་ཚོ་མི་རེ་ངོ་རེ་ཡི་ལས་དབང་མཐའ་དག་དམངས་གཙོ་འཕེལ་འགྱུར་དང་གཞི་གཅིག་ཏུ་དམ་པོར་འབྲེལ་ཡོད།  དེར་བརྟེན། ད་ནི་རྒྱ་ནག་མང་ཚོགས་ཀྱིས་ཅི་ཞིག་བྱ་དགོས་མིན་ཐད་ལ་གླེང་སློང་ཡང་མི་ཉུང་བ་ཞིག་འཐོན་བཞིན་འདུག འོན་ཀྱང་གླེང་སློང་དེ་དག་གི་ཁྲོད་དུ་གནད་གཙོ་བོ་ཞིག་གླེང་རྒྱུ་བརྗེད་འདུག  རྒྱ་ནག་གི་དམིགས་བསལ་ཁྱད་ཆོས་ལྡན་པའི་གནད་འགག་ཅིག་སྟེ།  རྒྱ་ནག་སྐམ་ས་ཆེན་པོའི་མི་མང་གི་ཞི་བའི་གསར་བརྗེ་ཡི་གོམ་སྟབས་དང་པོ་སྤོ་ཆེད། ཐོག་མར་དམངས་གཙོ་དང་དམངས་ཀྱི་བསམ་འདུན་བརྩོན་ལེན་བྱེད་མཁན་གྱི་དཔུང་ཚོགས་དེ་ངེས་པར་གཙང་མ་དང་གསལ་བོ་ཆགས་དགོས་པ་དེ་རེད།   

མང་ཚོགས་ཀྱིས་ངེས་པར་དུ་རྟོགས་དགོས་པ་ཞིག་ནི།  གཅིག་དགུ་གྱ་བརྒྱད་ལོའི་༼ དྲུག་བཞིའི་ཡར་ལངས་ཆེན་མོ ༽ཡི་སྐབས་སུ་ཉེས་མེད་མང་ཚོགས་རྣམས་མེ་མདས་གཙང་འཕྱག་བྱེད་ཕོད་མཁན་གྱི་ཚོགས་པ་དེས་སྔ་མོ་ནས་རང་ཉིད་མི་དམངས་ཀྱི་དགྲ་བོར་ཚད་འཛིན་བྱས་ཡོད།  དེ་བཞིན་མི་དམངས་ཀྱིས་ཀྱང་རང་སྟེང་ནས་ངོ་ལོག་དང་འབོད་སྐུལ་བྱས་མེད་པ་མ་ཡིན་པར།  ངོ་ལོག་དང་འབོད་སྐུལ་མཐའ་དག་མི་མང་གི་དགྲོ་བོས་དྲག་གནོན་བྱས་ཤིང་། དྲག་གནོན་འོག་མི་དམངས་ཧ་ལམ་སྦྲིད་འཐོམ་དུ་གྱུར་བ་རེད། མང་ཚོགས་ཀྱིས་ད་དུང་ཤེས་དགོས་པ་ཞིག་ལ། ད་ལྟ་མི་དམངས་ཧ་ལམ་སྦྲིད་འཐོམ་དུ་གྱུར་ཟིན་པ་དེ་ནི། སྒེར་གཅོད་ཤོག་ཁག་གིས་ཕྱོགས་ཡོངས་ནས་དྲག་གནོད་བྱས་པ་ཁོ་ནས་རྐྱེན་གྱིས་མ་ཡིན་པར། དེ་ལས་གཞན་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི་མི་དམངས་ཀྱི་དགྲ་བོར་ཁ་ཕྱོགས་ཏེ།  “ང་ཚོར་དགྲ་བོ་མེད” ཅེས་རྗོད་མཁན་གྱི་ཕ་ཝང་ལྟ་བུའི་རང་དབང་ཤོག་པ་ཚོས་ཁྱི་སྤྱང་ངན་འབྲེལ་གྱི་ཟློས་གར་འཁྲབ་པར་མང་ཚོགས་སྦྲིད་འཐོམ་དང་མགོ་སྐོར་ཐེབས་པ་རེད།

དགའ་འོས་པ་ཞིག་ལ་ཋུ་ནེ་ཤི་ཡ་དང་ཨི་ཇིབ་ཀྱི་གསར་བརྗེ་དེས་རྒྱ་ནག་གི་དམངས་གཙོ་དང་དམངས་ཀྱི་བསམ་འདུན་བརྩོན་ལེན་བྱེད་མཁན་དཔུང་ཚོགས་དབྱེ་འབྱེད་གཙང་བཤེར་ཡོང་བའི་ཐད་རོགས་འདེགས་ཀྱི་ཤུགས་རྐྱེན་ཐེབས་ཡོད།  ཐ་ན་དམངས་གཙོ་དང་སྒེར་གཅོད། ཡར་རྒྱས་དང་ངོ་ལོག  གསར་བརྗེ་དང་གསར་བརྗེ་མ་ཡིན་པ་བཅས་ཀྱི་རྙོག་མའི་སྤུ་རིས་ཁ་ཁར་ཕྱེས་ཏེ། ས་སྒང་རིལ་མོ་འདིར་དམངས་གཙོའི་མཐོ་རླབས་འཕྱུར་བཞིན་པའི་ཛ་དྲག་གི་དུས་སྐབས་འདིར།  ཕ་ཝང་ལྟ་བུའི་རང་དབང་ཤོག་པ་ཚོས་སྔར་བཞིན་ཆབ་སྲིད་ཀྱི་མུ་ཅོར་སྒྲོག་བཞིན། ༠༨ ལོའི་རྩ་འཛིན་ལ་མིང་རྟགས་འགོད་དགོས་པའི་སྟོང་གཏམ་འུད་སྒྲོག་བྱེད་བཞིན་ཡོད། ཡིན་ནའང་། གསར་བརྗེ་ཡིས་ཕན་ཚུན་བར་དམར་འཛིང་བསླང་ངེས་ཚུལ་དང་།  ཕྱོགས་ཡོངས་ནས་བཅོས་བསྒྱུར་བྱེད་པ་ནི་དམངས་གཙོའི་བགྲོད་ལམ་ལེགས་ཤོས་ཡིན་ཚུལ། རྗེས་དཔག་རང་བཞིན་གྱི་མཉམ་འབྲེལ་མི་བྱེད་པའི་ཞི་བའི་ཐབས་ལམ་ནི་དམངས་གཙོའི་མངོན་འདོད་མཚོན་ཐབས་ཉག་གཅིག་ཡིན་སྐོར་སོགས་ཀྱི་ཆབ་སྲིད་སྦྲིད་སྨན་དེ་དག་ལ།  ད་ལྟ་ཁོ་ཚོས་མུ་མཐུད་དུ་རྒྱལ་མཆོག་དམངས་བཟང་གི་ཤིན་ལྐོག་གཡོགས་ཏེ་སྔར་བཞིན་རྒྱ་བསྐྱེད་གཏོང་ཐབས་བྲལ་བར་གྱུར་ཡོད།   

མང་ཚོགས་ཀྱིས་ངེས་པར་དུ་ཉམས་འཇོག་བྱ་དགོས་པ་ཞིག་ནི། ཆབ་སྲིད་སྦྲིད་སྨན་དེའི་རིགས་རྒྱ་ཁྱབ་ཏུ་སྤེལ་བར་བརྩོན་མཁན་གྱི་ཕ་ཝང་ལྟ་བུའི་རང་དབང་ཤོག་པ་དེ་དག་གིས་རྒྱ་ནག་སྐམ་སའི་མི་མང་ལས་འགུལ་ལོ་ངོ་སུམ་ཅུའི་རིང་ལོག་ལམ་གྱི་འདམ་རྫབ་ཁྲོད་བརྡབས་པ་རེད། ད་ལྟ་ཋུ་ནེ་ཤི་ཡ་དང་ཨི་ཇིབ་ཀྱི་གསར་བརྗེ་མཐོ་རླབས་ཀྱིས་ཁོ་ཚོའི་སྟོང་གཏམ་གྱི་སྨྲ་ལྕེ་ལྐུགས་པར་བྱས་ཤིང་མུ་ཅོར་གྱི་མགྲིན་པ་འགག་ཏུ་བཅུག་ཡོད། ཡིན་ནའང་། མ་འོངས་པར་རྒྱ་ནག་མང་ཚོགས་ཀྱིས་གསར་བརྗེ་ལ་བརྟེན་ཏེ་ཆབ་སྲིད་བཅོས་བསྒྱུར་དང་སྒེར་གཅོད་ལམ་ལུགས་རྩ་མེད་བྱེད་པའི་གྲ་སྒྲིག་གི་དུས་ཤིག་ཤར་ཚེ།  སྒེར་གཅོད་དབང་སྒྱུར་ལམ་ལུགས་ཀྱི་མདའ་ཡབ་འོག་འཚང་ཞོར། དམངས་གཙོ་དང་དམངས་ཀྱི་བསམ་འདུན་བརྩོན་ལེན་མཁན་དུ་རྫུ་བའི་ཕ་ཝང་ལྟ་བུའི་རང་དབང་ཤོག་པ་དེ་ཚོས་སྔར་ལས་ལྷག་པར་མང་ཚོགས་ལ་མགོ་བདེ་དྲན་འཕྲུལ་དང་གཡོ་སྒྱུ་ཁྲམ་གསུམ་འཁྲབ་སྲིད། 

དམངས་གཙོའི་སྲོག་རླུང་དང་ཞི་བའི་གསར་རྗེ་ཡི་མཐོ་རླབས་འཕྱུར་བཞིན་པའི་ཕྱི་ལོ་ ༢༠༡༡ ལོར།  ད་ལྟའི་རྒྱ་ནག་མང་ཚོགས་ད་དུང་སྦྲིད་འཐོམ་ངང་དབང་སྒྱུར་བའི་བརྙས་བཅོས་དང་མནར་གཅོད་མྱོང་བཞིན་མུ་མཐུད་བསྡོད་དགོས་ལ། ཡང་མིན་ན་རང་སྲོག་འབེན་བཙུགས་ཀྱིས་འཐབ་རྩོད་ཐེངས་གཅིག་བྱ་དགོས།  རང་སྲོག་འབེན་བཙུགས་ཀྱི་གསར་བརྗེ་ལ་ཕྱི་བཤོལ་ཡོད་མི་སྲིད་ལ། ཕྱི་བཤོལ་མེད་པའི་དཔུང་ཚོགས་ཀྱིས་ངེས་པར་དུ་ཐོག་མར་དགྲ་གཉེན་དབྱེ་འབྱེད་གཙང་མ་ཞིག་བཟོ་དགོས་པ་དེ་རེད།

འབྲེལ་ཡོད་གསར་འགྱུར།

State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

ཆུ་ཚོད་ ༢༠ སྔོན་ལ།
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

ཆུ་ཚོད་ ༢༡ སྔོན་ལ།
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese