འཆར་ཟླའི་ཕྱི་ཚེས་ ༥ ནས་ ༩ ཉིན་བར་ཨ་རིའི་ནེའུ་བག་ Newark འགྲེམས་སྟོན་ཁང་དུ། བོད་ཀྱི་རིག་དངོས་འགྲེམས་སྟོན་བྱས་ཏེ་ལོ་ངོ་ཧྲིལ་པོ་ ༡༠༠ འཁོར་བའི་དུས་དྲན་མཛད་སྒོ་ཞིག་འཚོགས་འཆར་ཡོད་འདུག་ཅིང་། དེ་ནི་འགྲེམས་སྟོན་ཁང་དེས་འཛམ་གླིང་ཐོག་བོད་ཀྱི་རིག་དངོས་རྐྱང་པ་འགྲེམས་སྟོན་བྱས་པ་ཐོག་མ་ཆགས་རྒྱུ་ཡིན་འདུག
འགྲེམས་སྟོན་ཁང་དེ་ནི་ ༡༩༡༡ ལོར་ཐོག་མར་གསར་འཛུགས་བྱས་པ་ཞིག་ཡིན་ཞིང་། ༡༩༣༥ ལོ་ནས་ད་བར་ཁང་མིག་ ༥ ཙམ་གྱི་ནང་བོད་ཀྱི་རིག་དངོས་སྒྱུ་རྩལ་རྣམ་གྲངས་ ༥༠༠༠ ལྷག་འདུས་ཡོད་འདུག
ལོ་འཁོར་འགྲེམས་སྟོན་སྐབས་ཨ་རིའི་ནེའུ་བག་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ཞི་བདེ་ཤེས་ཡོན་ཚོགས་པའི་གོ་སྒྲིག་འོག ཕྱི་ཟླ་ ༥ ཚེས་ ༡༣ ནས་ཚེས་ ༡༥ ཉིན་བར་༧གོང་ས་མཆོག་ཁུལ་དེའི་བོད་ཀྱི་འགྲེམས་སྟོན་མཛད་སྒོར་ཆིབས་བསྒྱུར་གྱིས་བཀའ་སློབ་གནང་རྒྱུ་ཡིན་ཞིང་། ཕྱི་ཟླ་ ༥ ཚེས་ ༨ ནས་ ༡༥ ཉིན་བར་གྱི་འགྲེམས་སྟོན་སྐབས། བོད་ཀྱི་མ་ཎི་ལག་སྐོར་སོགས་ཅ་དངོས་ཁག་ཅིག་ཕྱིར་འཚོང་བྱ་འཆར་ཡོད་འདུག
ཐེངས་འདིའི་འགྲེམས་སྟོན་སྐབས་ཀྱི་རིག་དངོས་ཁག་ ༡༩༩༠ ལོར་༧གོང་ས་མཆོག་གིས་རབ་གནས་གནང་བའི་བོད་ཀྱི་མཆོད་བཤམ་ཞིག་ཡོད་པ་དེའི་མཐར་འཁོར་དུ་བསྒྲིག་རྒྱུུ་ཡིན་འདུག