མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བགྲེས་ཡོལ་གནང་ན་ཡག་པོ་འདུག

བོད་ཀྱི་དུས་བབ།
༢༠༡༡/༠༣/༠༢
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་ ༥༠༦ པའི་སྟེང་གི་རྩོམ་སྒྲིག་པའི་གཏམ།

ཁ་བྱང་གིས་བསྟན་དོན་ལྟར་༧གོང་ས་མཆོག་བགྲེས་ཡོལ་དུ་ཕེབས་ན་ལེགས་པ་དང་། དེ་ནི་ཁོང་གིས་ནམ་རྒྱུན་གསུང་བསྡད་པ་ལྟར། ཁོང་རིག་གི་སྐུ་དབང་ཡིན་པར་མ་ཟད། ཁོང་མུ་མཐུད་དེ་བོད་མིའི་ཆོས་དང་སྲིད་ཀྱི་མགོན་དུ་བཞུགས་རྒྱུ་དང་། འཛམ་གླིང་གི་དད་ལྡན་ནང་པ་ཡོངས་ཀྱི་སྐྱབས་མགོན་དུ་བཞུགས་རྒྱུའི་མཐུན་རྐྱེན་དུ་མཐོང་གི་ཡོད། ཁོང་རིག་གིས་བགྲེས་ཡོལ་སྐོར་གླེང་སྐབས་བོད་མི་རྣམས་ཀྱིས་ལག་ཟུང་སྙིང་གར་སྦྱར་ནས། ཐུགས་རྗེ་གཟིགས། དེ་ལྟར་མ་གསུངས་རོགས་ཞེས་གསོལ་བ་ཕུར་ཚུགས་སུ་འདེབས་པ་དང་། ཁོང་རིག་གིས་བགྲེས་ཡོལ་སྐོར་གྱི་བཀའ་སློབ་དེ་ཅུང་ཙམ་ཇེ་ལྷོད་དུ་བཏང་ན། བོད་མི་རྣམས་ཀྱང་བློ་བདེ་བག་ཕེབས་སུ་གྱུར་ཏེ། སྐྱབས་སུ་མཆི། ཡེ་ཤེས་དབྱིངས་དཔྱད་ཀྱིས་གཟིགས་བྱུང་ཞེས་སྨོན་ལམ་རྒྱག་ངེས།
    གང་ལྟར་ཡང་། དགུང་ན་ཧ་ཅང་བགྲེས་པའི་༧གོང་ས་མཆོག་ད་དུང་ལོ་ཉི་ཤུ་དང་སུམ་བཅུ། ཡང་ན་བོད་མིའི་ངག་རྒྱུན་ལྟར་ཇི་སྲིད་འཚོ་བའི་བར་དུ་བོད་མིའི་ཆོས་སྲིད་ལུགས་གཉིས་ཀྱི་མགོན་སྐྱབས་སུ་བཞུགས་རྒྱུར། ཁོང་ངེས་པར་དུ་བགྲེས་ཡོལ་དུ་ཕེབས་ན་ལེགས་པར་མཐོང་། ཁོང་གིས་བཀའ་སློབ་རིམ་ཕེབས་སུ་ཧ་ཅང་གསལ་བ་ལྟར། ཁོང་བགྲེས་ཡོལ་དུ་ཕེབས་ནའང་ཁོང་གི་སྐུ་ཚེ་འདིའི་ཐུགས་འགན་ཆེན་པོ་གསུམ་སྟེ། འགྲོ་བ་མིའི་རྒྱུད་ཀྱི་བཟང་སྤྱོད་གོང་མཐོར་སྤེལ་ཐབས་བྱ་རྒྱུ་དང་། ཆོས་ལུགས་ཕན་ཚུན་བར་མཐུན་འབྲེལ་གོང་མཐོར་གཏོང་རྒྱུ། བོད་ཀྱི་རྩ་དོན་ལ་ཐུགས་ཁུར་དང༌། བཙན་འོག་ལ་གནས་པའི་བོད་མི་ཚོའི་རང་དབང་གི་མགྲིན་ཚབ་པ་ཞིག་གནང་རྒྱུ་བཅས་ནི་ནམ་ཡང་ཐུགས་ནས་འདོར་གི་མ་རེད་ལ། ཁོང་རིག་གིས་ཐུགས་འགན་ཆེན་པོ་དེ་དག་གི་ཆེད་དུ་མུ་མཐུད་དེ་མཛད་པ་འཕྲིན་ལས་མཐའ་ཡས་པ་སྐྱོང་གནང་མཛད་ངེས།
    བཙན་བྱོལ་བའི་སྤྱི་ཚོགས་དང་སྒྲིག་འཛུགས་འདི་ཁོང་གིས་ད་བར་རང་གི་བུ་བཞིན་ཆུང་སྤར་མོ་གང་ནས་བྱམས་བྱམས་བརྩེ་བརྩེས་བསྐྱངས་ཏེ། ད་ནི་རང་མགོ་མི་ཐོན་ནའང་ལོ་ལྔ་བཅུར་བུད་པའི་རྒན་རབས་པ་ཞིག་ཏུ་གྱུར་ཡོད་སྟབས། དངོས་གནས་བྱས་ན་ཕར་༧གོང་ས་མཆོག་ལ་ད་ནི་སྐུ་ཉིད་དགུང་ན་མཐོ་བས་ཐུགས་ལྷོད་ལྷོད་ཀྱིས་བཞུགས་དང་། ངས་རང་གི་ནུས་ཚོད་འཇོན་ཚོད་ཀྱིས་རང་མགོ་གང་ཐོན་ཐུབ་པར་འབད་བརྩོན་བྱ། གལ་སྲིད་མ་འཇོན་མ་ནུས་པ་འདྲ་བྱུང་ན་རང་གི་བྱམས་བརྩེའི་མ་ལྟ་བུའི་མགོན་པོ་གང་ཉིད་ཀྱིས་ཐུགས་འོག་ནས་མི་འདོར་བར། མུ་མཐུད་བཀའ་སློབ་དང་ལམ་སྟོན་གནང་རོགས་ཞུས་ཚེ། དེ་ནི་ངེས་པ་དོན་གྱི་ཁོང་གི་སྐུ་ཚེ་ཡུན་རིང་དུ་བརྟན་པ་དང་ཁོང་གི་རླབས་ཆེན་དཀྱེལ་ཡངས་ཀྱི་དགོངས་བཞེད་ཟབ་མོར་རྒྱབ་རོགས་མཛད་པ། ཡང་ན་བོད་མི་རང་ཉིད་ཚོ་ཡང་སྔ་འཕྱི་མ་གཏོགས་རང་མགོ་རང་ཐོན་བྱེད་དགོས་པས། ད་ལྟ་ནས་སྦྱོང་བརྡར་གྱི་ལམ་དུ་ཞུགས་པ་བཅས་ཡིན་སྟབས། ཇི་ལྟར་བཤད་རུང་ཁོང་བགྲེས་ཡོལ་དུ་ཕེབས་ན་ལེགས་པར་མཐོང་།
    ༧གོང་ས་མཆོག་བགྲེས་ཡོལ་དུ་ཕེབས་ནའང་དུས་ནམ་ཡང་བོད་མིའི་མགོན་དང་སྐྱབས་ཡིན། དེ་ལ་འགྱུར་བ་འགྲོ་གི་མ་རེད། དེ་བཞིན་བོད་མིའི་ཆོས་སྲིད་ལུགས་གཉིས་ཀྱི་ཐུགས་འགན་ནི་ཁོང་གི་སྐུ་ཚེ་འདིའི་ཐུགས་འགན་ཆེན་པོ་གསུམ་གྱི་གཅིག་ཡིན་པ་གོང་ཞུས་ལྟར་ཡིན་པས་དེར་ཡང་སེམས་ཁྲལ་མེད་ལ། དུས་ནམ་ཡིན་རུང་ཁོང་ལ་བཀའ་སློབ་ལམ་སྟོན་ཞུ་ཆོག་ཆོག་ཏུ་ཡོད། དེས་ན་བོད་མི་རྣམས་ཀྱིས་རང་མགོ་ཐོན་ནམ། ཁོངས་འཁྱོལ་ལམ་ཞེས་པ་དེ་ཡིན། དེ་༧གོང་ས་མཆོག་སྐུ་འཚོ་བཞུགས་གནང་བཞིན་པའི་སྐབས་འདིར་ངེས་པར་དུ་ཤེས་དགོས་པ་ཞིག་ཡིན་ཐོག རང་མགོ་མི་ཐོན་ས་ཡོད་ན་བཀའ་སློབ་ལམ་སྟོན་ཞུ་དགོས་པ་དང་། གལ་སྲིད་རང་མགོ་རང་ཐོན་བྱ་ཐུབ་ཚེ་ཁོང་སྐུ་འཚོ་བཞུགས་ཀྱི་སྐབས་འདིར། ཁོང་རིག་ལ་བོད་མི་རྣམས་རང་མགོ་རང་ཐོན་དུ་གྱུར་ཏེ་བོད་གཞིས་བྱེས་ཀྱི་ལས་དོན་སྲ་ཐག་ཐག་གིས་བསྒྲུབ་པ་དང་། བོད་སྤྱི་འབངས་ཀྱི་ལས་དོན་ཚགས་ཚུད་དུ་བསྒྲུབ་པ། མ་འོངས་པའི་བོད་རྒྱལ་ཁབ་ཆེན་མོ་ཡུན་གནས་ཀྱི་ལས་དོན་འཆོལ་མེད་དུ་བསྒྲུབ་པ་བཅས་སྤྱན་འབུལ་ཞུ་རྒྱུ་ནི། ཁོང་བགྲེས་ཡོལ་དུ་ཕེབས་རྒྱུའི་དགོངས་བཞེད་འདིའི་ཡང་སྙིང་ཡིན་ཡང་སྲིད། དེ་ལྟར་བྱུང་ན། ད་གཟོད་ང་ཚོས་ཁོང་ལ་མུ་མཐུད་དེ་སྐུ་ཚེ་ཡུན་རིང་དུ་བརྟན་པ་དང་འཛམ་གླིང་གི་དད་ལྡན་ནང་པ་ཡོངས་དང་བོད་མིའི་ཆོས་སྲིད་ལུགས་གཉིས་ཀྱི་དོན་དུ་སྐུ་ཡུན་རིང་འཚོ་བཞུགས་གནང་རྒྱུའི་གསོལ་བ་ཕུར་ཚུགས་སུ་འདེབས་ཆོག་པ་ཡིན།
    མ་མཐར་ཡང་། ཉེ་ཆར་ཁོང་གིས་ཀ་ལོན་སྦུག་ནས་བགྲེས་ཡོལ་སྐོར་ལ་བསྐྱར་དུ་གསལ་འགྲེལ་གནང་སྐབས། ངོས་ཀྱིས་དུས་རྒྱུན་འཛིན་སྐྱོང་དང་འབྲེལ་བའི་གཞུང་འབྲེལ་གྱི་ཡིག་ཆ་གལ་ཆེའི་རིགས་ལ་མིང་རྟགས་འགོད་དགོས་པ་དེ་རིགས་ངོས་ཀྱིས་བྱེད་མི་དགོས་པར་འབྲེལ་ཡོད་ཁག་ལ་རྩིས་སྤྲོད་བྱ་རྒྱུའི་བསམ་བློ་ཡོད། ཅེས་པ་ལྟ་བུ་ནི། བོད་མི་ཡོངས་ཀྱིས་ངེས་པར་དུ་ཐུགས་བསམ་བཞེས་དགོས་པའི་གྲས་དང་ཁོང་གི་སྐུ་ངལ་ཉུང་དུ་གཏོང་དགོས་པའི་རིགས་སོ། །
 

འབྲེལ་ཡོད་གསར་འགྱུར།

(Illustration: Saurabh Singh)
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུས་ཡོ་ཁུ་རེན་དང་ཨུ་རུ་སུའི་བར་འདུམ་བྱ་རྒྱུ་ཡིན་ཟེར།

ཆུ་ཚོད་ ༦ སྔོན་ལ།
དྷ་རམ་ས་ལར་བརྩེ་བའི་སྐུ་མདུན་ཞེས་པའི་བརྗོད་གཞིའི་ཐོག་བོད་ཕྲུག་ཚོས་བྲིས་པའི་རི་མོའི་བརྩམས་ཆོས་ ༩༠ འགྲེམས་སྟོན། ༢༠༢༥།༠༨།༡༩ དུས་བབ་ཀྱི་པར།
Mobile App

བཙན་བྱོལ་བོད་མིའི་རི་མོའི་སྒྱུ་རྩལ་གྱི་རེ་འདོད་སྐོང་ཆེད་རི་མོའི་བརྩམས་ཆོས་ ༩༠ འགྲེམས་སྟོན་བྱེད་ཀྱི་འདུག

ཆུ་ཚོད་ ༧ སྔོན་ལ།
རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡེས་ལྡི་ལིར་བསླེབས་པ་དང་བོད་མིས་ངོ་རྒོལ་བྱས་ཏེ་ལས་འགུལ་བ་ ༧ འཛིན་བཟུང་བྱས། ༢༠༢༥།༠༨།༡༨
Mobile App

ཝང་ཡེས་ལ་ངོ་རྒོལ་བྱས་ཏེ་ལས་འགུལ་བ་ ༧ འཛིན་བཟུང་བྱས།

༢༠༢༥/༠༨/༡༨
Free Tibet leads campaign against China's 'Mega-Embassy' plans in London (Photo X/@freetibetorg)
Mobile App

ལོན་ཌོན་གྱི་ལྟེ་བར་རྒྱ་ནག་གཞུང་ཚབ་ཁང་གསར་རྒྱག་བྱེད་པར་ངོ་རྒོལ་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་འདུག

༢༠༢༥/༠༨/༡༨
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༨/༡༧
༸གོང་ས་མཆོག གསར་འགྱུར།

རྒྱ་གར་ནང་མི་རིགས་ཕན་ཚུན་འཆམ་མཐུན་ཧ་ཅང་ཡག་པོ་རེད་དེ་ལྟ་བུའི་མིག་ལྟོས་བཟང་པོ་ཡོད་པ་མུ་མཐུད་ཡར་རྒྱས་གཏོང་དགོས་ཞེས་གསུངས།

༢༠༢༥/༠༨/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese