མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཐུས་ཤོར་བའི་ངོ་གདོང་།

བོད་ཀྱི་དུས་བབ།
༢༠༡༡/༠༣/༠༢
Share on FacebookShare on TwitterShare on EmailShare on Whatsapp
བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་ ༥༠༨ པའི་སྟེང་གི་རྩོམ་སྒྲིག་པའི་གཏམ།
༸གོང་ས་མཆོག་གིས་ཕྱག་གཉིས་ཐལ་མོ་སྦྱར་ཏེ་ཁེ་ན་ཌའི་གཞུང་ལ་ཞུ་བ་ཕུལ། ཁེ་ན་ཌའི་གཞུང་གིས་རྒྱ་ནག་གི་གནོན་ཤུགས་ལ་མ་ལྟོས་པར་༧ཁོང་གི་གཞེན་སྐུལ་དེ་དང་དུ་བླངས་པ་མ་ཟད། བཙན་བྱོལ་བོད་མི་ ༡༠༠༠ ཁེ་ན་ཌར་ལེན་རྒྱུ་ཡིན་ཚུལ་ཉེ་ཆར་གཞུང་འབྲེལ་གྱིས་ཁྱབ་བསྒྲགས་བྱས་སོང་། བཙན་བྱོལ་ནང་གི་དཀའ་ངལ་ཅན་མང་པོ་ཞིག་གིས་ཡུན་རིང་ཡིད་ལ་བརྣག་པའི་འདོད་དོན་ལ་བར་ཐག་ཇེ་ཉེར་སོང་། འོན་ཀྱང་བཙན་བྱོལ་བོད་གཞུང་གིས་ཁོང་ཚོར་ཁེ་ན་ཌའི་གཞུང་གིས་ཚུར་འབྲེལ་བ་བྱས་མ་སོང་སྟབས། དོན་དག་དེ་གཞུང་འབྲེལ་ཆགས་མེད་ཟེར། ངོ་མ་ཧང་སང་དགོས་པའི་སྐད་ཆ་རེད།
    སྐུ་མདུན་མི་བཞུགས་པའི་དུས་དེར་བོད་དོན་ཡང་མཇུག་སྒྲིལ་བ་རེད་ཟེར་མཁན་ཚོར་ཡང་ཁག་མི་འདུག འདི་བོད་པ་ཚོར་ཧ་ཅང་རྒྱུས་ཡོད་པའི་སྐད་ཆ་རེད། དེ་ཚོས་ང་རང་ཚོའི་གཤིས་ཀ་ལ་འཇགས་བསྡད་པའི་སྲོལ་རྒྱུན་གྱི་ན་ཚ་འདིའི་རིགས་ཤེས་ཡོད་པ་ཡིན་སྲིད། སྐུ་མདུན་སྐུ་དངོས་སུ་བཞུགས་པའི་སྐབས་སུ་ཡང་ང་ཚོའི་ལས་ཀ་བྱེད་སྟངས་འདི་འདྲ་ཞིག་རེད། བོད་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་མཁན་ཚང་མས་མདོ་དོན་༼འཐུས་ཤོར་༽ཞེས་པ་དེ་རྒྱུ་རྐྱེན་མཐའ་དག་གི་དང་པོར་འཇོག་གི་ཡོད་པ་འདྲ། སྐུ་མདུན་གྱིས་ཀྱང་༼འཐུས་ཤོར་༽གྱི་ཕྱོགས་ནས་བོད་པ་ཚོར་བཀའ་སློབ་དང་བཀའ་བཀྱོན་མང་པོ་གཏོང་མྱོང་བ་རེད། འདི་ལ་ཕལ་ཆེར་བཅོས་སུ་མེད་ཀྱང་སྲིད།
    ཐེངས་འདིར་བོད་མི་ ༡༠༠༠ ཁེ་ན་ཌར་ལེན་རྒྱུའི་ལས་གཞི་འདིའི་ཐད་ནས་ཀྱང་། བཙན་བྱོལ་བོད་གཞུང་གིས་སླར་ཡང་༼འཐུས་ཤོར་བ།༽ཞིག་གི་རྣམ་འགྱུར་དེ་སྟོན་གི་འདུག ད་ནི་ཁེ་ན་ཌའི་གཞུང་གིས་ཁ་བཏགས་ཤིག་ཁྱེར་ནས་གངས་སྐྱིད་ལ་ཡོང་དགོས་པ་མིན་འགྲོ། དེ་མ་གཏོགས་ཁེ་ན་ཌའི་གཞུང་གིས་གསལ་བསྒྲགས་གནང་མ་ཐག བཙན་བྱོལ་བོད་གཞུང་གིས་ཁ་བཏགས་ཤིག་ཁྱེར་ནས་ཕར་ཐུགས་རྗེ་ཆེ་ཞུ་བ་དང་མཉམ་དུ། ལས་གཞི་འདིའི་མགོ་རྔ་ཚང་མར་བཙན་བྱོལ་བོད་གཞུང་གིས་རོགས་རམ་གང་འདྲ་ཞིག་ཞུ་ཐུབ་མིན་ཕར་ཞུ་དགོས་པ་ལོས་ཡིན། རེད་དེ། བཙན་བྱོལ་བོད་གཞུང་གིས་ཁེ་ན་ཌའི་གཞུང་ལ་ཕར་འབྲེལ་བ་མ་བྱས་པར། ཁེ་ན་ཌའི་གཞུང་གིས་ཚུར་འབྲེལ་བ་བྱ་དགོས་པའི་ལྟ་ཚུལ་ཞིག་བཟུང་བསྡད་འདུག ཚུར་འབྲེལ་བ་མ་བྱས་བར་དུ་ལས་གཞི་འདི་གཞུང་འབྲེལ་ཆགས་གི་མ་རེད་ཅེས་བཤད་འདུག
            སྤྱིར་ལས་གཞི་ཆེན་པོ་འདི་རིགས་ངེས་པར་དུ་མཐོ་རིམ་གཞུང་འབྲེལ་ཐོག་གནང་དགོས་པ་སྨོས་མ་དགོས་ཀྱང་། ཐེངས་འདིའི་བཙན་བྱོལ་བོད་གཞུང་གི་གནང་སྟངས་དེར་འོས་མེད་ཀྱི་སྦམ་མདོག་ཅིག་མཐོང་གི་འདུག་ལ། འགེབ་ཐབས་མེད་པའི་འཐུས་ཤོར་བའི་ངོ་གདོང་ཞིག་ཀྱང་མངོན་གྱི་འདུག གཞུང་གིས་དམངས་ལ་བརྩེ་ཞིང་དམངས་ཀྱིས་གཞུང་ལ་བཀུར་ཏེ་གཞུང་དམངས་བློ་ཐག་ཉེ་ན། ངྷ་རམ་ས་ལའི་གཞུང་ནི་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་གཞུང་ལོས་ཀྱང་ཡིན། ཆེ་ཚུགས་དང་སྦམ་མདོག་བསྟན་ཏེ་རང་སར་འགྱེ་བསྡད་ན། རྒྱལ་ཁབ་གཞན་དང་མི་རིགས་གཞན་ལྟ་ཅི་སྨོས། སྐྱབས་བཅོལ་བོད་པ་ཚང་མས་ཀྱང་བརྩི་བཀུར་འཐོབ་དཀའ་ལ། ལྷག་པར་དུ་༧གོང་ས་མཆོག་སྐུ་མ་བཞུགས་པའི་ཉིན་མོ་གཞིས་བཞུགས་རྒྱ་ཆེའི་མི་མང་གིས་དེ་བས་ཀྱང་ངོ། ངས་བསམ་ན་ཆེས་མ་མཐར་ཡང་། ཐེངས་འདིའི་བཤད་སྤྱོད་དེས་ང་ཚོས་གཞུང་འབྲེལ་གྱི་བཟང་སྤྱོད་ཅིག་བརླགས་ཚར་འདུག་སྙམ།

འབྲེལ་ཡོད་གསར་འགྱུར།

མ་རྩོམ་གྱི་པར།
Mobile App

རྒྱ་ནག་གཞུང་གིས་སླར་ཡང་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་གནོན་ཤུགས་སྤྲད་པ།

ཆུ་ཚོད་ ༡༤ སྔོན་ལ།
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

མང་གཙོའི་རྒྱ་ནག་དང་བོད་ཀྱི་མ་འོངས་པའི་གླེང་སྟེགས་ཞེས་པའི་ཚོགས་འདུ་ཞིག་འཚོག་མགོ་བཙུགས།

ཆུ་ཚོད་ ༡༥ སྔོན་ལ།
རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་འགན་འཛིན་གཞོན་པ་ཀྲང་ཡུ་ཤཱ་ང་དབུས་དམག་དོན་མཉམ་འབྲེལ་སློབ་སྟོན་ཁང་གི་འགན་འཛིན་ལུའུ་ཀྲིན་ལི་གཉིས།
Mobile App

རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་དམག་དཔོན་གཉིས་ཕྱིར་ཕུད་བྱས། 

ཆུ་ཚོད་ ༡༥ སྔོན་ལ།
TTT
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་དང་འབྲེལ་ནས་བོད་ནང་ནས་མི་བཅུ་ལ་ཉེས་ཆད་བཅད་ཡོད་ཟེར།

ཆུ་ཚོད་ ༡༥ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
Mobile App

བལ་གཞུང་གིས་བཀག་སྡོམ་བྱས་པའི་བོད་རིག་པའི་ཚོགས་ཆེན་ཐེངས་བཅུ་བདུན་པ་དྲ་ལམ་དུ་འཚོགས་འདུག

༢༠༢༦/༠༨/༢༩
མ་རྩོམ་ཐོག་འཁོད་པའི་རྩོམ་པ་པོའི་པར།
Mobile App

ཞི་ཅིན་ཕིང་གི་དུས་སྐབས་ཀྱི་བོད་ནང་གི་གཉའ་གནོན་ནི་མུན་ནག་གི་ས་མཚམས་ཤིག་ཡིན།

༢༠༢༦/༠༨/༢༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese