མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཅན་ཚའི་ལོ་གསར།

བོད་ཀྱི་དུས་བབ།
༢༠༡༡/༠༣/༠༨
Share on FacebookShare on TwitterShare on EmailShare on Whatsapp







རྡོ་རྗེ་གླིང་དུ་གནས་བཞུགས་སངས་རྒྱས་རྒྱ་མཚོ་ལགས་ཀྱིས་ཕ་ཡུལ་གཅན་ཚ་ལ་ཁ་པར་བཏང་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཟླ་བ་སྔོན་མའི་ཧོར་ཟླ་དང་པོར་མཚོ་སྔོན་གཅན་ཚ་རྫོང་འོག་གི་དགོན་པ་ཁག་དང་སྡེ་བའི་མི་སྣ་རྒན་རབས་པ་རྣམས་ཀྱིས་བོད་ཕྱི་ནང་དང་། མདོ་དབུས་ཁམས་གསུམ་ལོ་གསར་གྱི་དུས་ཚེས་གཅིག་གྱུར་བཟོ་རྒྱུའི་གསལ་བསྒྲགས་ཤིག་སྤེལ་ཏེ། སྲོལ་རྒྱུན་ལྟ་བུར་གྱུར་ཡོད་པའི་རྒྱ་ནག་དང་མཉམ་དུ་དཔྱིད་གསར་དུས་ཚིགས་ཀྱི་ལོ་གསར་ལ་རོལ་མེད་སྟབས། དེའི་རྗེས་གཅན་ཚ་རྫོང་མི་དམངས་སྲིད་གཞུང་གིས་ཉེན་རྟོག་པ་དང་གཞུང་གི་ལས་བྱེད་རྩ་འཛུགས་བྱས་ཏེ། དགོན་པ་ཁག་དང་སྡེ་བ་ཁག་ཏུ་ཟླ་གཅིག་རིང་རྒྱལ་ཁབ་ཀྱི་སྲིད་ཇུས་སློབ་གསོ་སྦྱོང་བརྡར་ཟེར་བའི་བྱ་འགུལ་ཞིག་སྤེལ་ཡོད་པ་དང་། དགོན་པ་རེར་ལས་བྱེད་ ༡༢ རེ་དང་སྡེ་བ་རེར་ལས་བྱེད་ ༢ རེ་གཏན་སྡོད་བྱེད་བཅུག་སྟེ། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་སྲིད་ཇུས་ཁྱབ་བསྒྲགས་དང་འབྲེལ་སྡེ་དམངས་དང་དགོན་པའི་གྲྭ་བ་ཚོར་ལྟ་རྟོག་བྱས་ཡོད་འདུག  

དུས་དེ་ནས་བཟུང་དགོན་པའི་གྲྭ་བ་རྣམས་ལ་བཙན་སྐུལ་གྱིས་བཅའ་ཁྲིམས་དང་སྲིད་ཇུས་སློབ་སྦྱོང་བྱེད་བཅུག་ཡོད་པ་མ་ཟད། གཅན་ཚ་རྫོང་འོག་གི་དགོན་པ་ཁག་དང་། སྡེ་བ་ཁག་ཏུ་རྒྱལ་ཁབ་ཀྱི་སྲིད་ཇུས་དང་མི་མཐུན་པའི་གནས་ཚུལ་ཁག་ཁྱབ་སྤེལ་བྱུང་བ་ཡིན་ན། རྩ་འཛུགས་བྱས་པའི་ལས་བྱེད་མི་སྣ་རྣམས་གཞུང་གི་ལས་གནས་ཁག་ལས་གནས་དབྱུང་གཏོང་རྒྱུའི་བཀའ་ཁྱབ་བཏང་ཡོད་འདུག འོན་ཀྱང་རེ་སྒུག་བྱས་པའི་བོད་ལུགས་ལོ་གསར་སྐབས། བོད་རིགས་ལས་བྱེད་ཚང་མར་གུང་སེང་སྤྲད་མེད་པར་མ་ཟད། རྫོང་དང་ཡུལ་ཚོའི་སློབ་གྲྭ་ཁག་གི་སློབ་མ་རྣམས་ཀྱང་ཁྱིམ་དུ་བཏང་མི་འདུག

ཡིན་ནའང་དགོན་པ་ཁག་དང་སྡེ་བ་ཁག་ཏུ་བོད་གཞིས་བྱེས་གཉིས་ཀྱི་ལོ་གསར་ལ་མཉམ་དུ་རོལ་པར་སྔོན་མ་དང་མི་འདྲ་བར་དགོན་པ་ཁག་གི་དགེ་འདུན་པ་རྣམས་ལྷན་འཛོམས་གནང་སྟེ་བོད་ལུགས་ལོ་གསར་ལ་རོལ་ཡོད་པ་དང་། སྡེ་བ་ཁག་གི་བོད་རིགས་རྣམས་ཀྱང་སྡེ་བ་སོ་སོའི་མ་ཎྀ་ལྷ་ཁང་དུ་མཉམ་དུ་འཛོམས་བྱས་ཏེ་སྤྲོ་སྐྱིད་ལ་རོལ་ཡོད་འདུག གཅན་ཚ་རྫོང་གི་བོད་རིགས་མང་ཚོགས་ལ་བོད་ཀྱི་མདོ་དབུས་ཁམས་གསུམ་གྱི་ལོ་གསར་ཆིག་སྒྲིལ་བྱེད་པའི་བསམ་ཚུལ་འདི་ནི་ ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོའི་སྐབས། རྒྱ་ནག་གིས་བོད་རིགས་ཡོངས་ལ་མནར་གཅོད་བཏང་བའི་དཀའ་སྡུག་གི་ཁྲོད་ནས་བྱུང་བ་ཞིག་ཡིན་འདུག

 

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

སྐར་མ ༤༣ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༡ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 4

  1. དཀར་མཚོ་སྐྱིད། says:
    ལོ་ 15 སྔོན།

    བོད་ཀྱི་ཕྱི་ནང་གི་བོད་རིགས་ཡོངས་དང་མདོ་དབུས་ཁམས་གསུམ་གྱི་མི་དམངས་ཀྱི་ལོ་གསར་གཅིག་གྱུར་ལ་སོགས་པའི་ཆིག་སྒྲིལ་གྱི་ལྟ་བ་འདི་ནི་བོད་རྒྱལ་གྱི་རླབས་ཆེ་བའི་བྱ་གཞག་ཅིག་ཏུ་འགྱུར་བར་སྨོན།

    Reply
  2. ཁམས་པའི་ཕོ་རྒོད། says:
    ལོ་ 15 སྔོན།

    དཔེ་ཡག་པོ་བྱས་འདུག་ ང་ཚོ་ཚང་མས་དེ་འདྲ་ལ་མཐའ་ཅིག་ཏུ་རྒྱབ་སྐྱོར་བྱེད་དགོས་བྱེད་རོགས་ཞུ་ཐུགས་རྗེ་ཆེ

    Reply
  3. ཕྱུགས་རྫི says:
    ལོ་ 15 སྔོན།

    དཔེ་ཡག་པོ་འདུག་དེ་ལྟར་ཡིན་ཚང་མས་དེ་ལ་བརྒྱབ་སྐྱོལ་བྱེད་རོགས་་་་་་་་་་་་་་་་་་་

    Reply
  4. རླུང་རྟ་རྒྱལ། says:
    ལོ་ 15 སྔོན།

    བོད་ནང་གི་སྤུན་ཟླ་ཚོས་རང་སྲོག་འབེན་ལ་བཞག་ནས་བོད་གཅིག་གྱུར་གྱི་ཕུགས་བསམ་རྒྱུན་འཁྱོངས་བྱས་སོང་།ངོ་མ།ཁོ་ཚོ་ནི་གངས་ལྗོངས་ཀྱི་དཔའ་བོ་དང་དཔའ་མོ་རེད།འཇིག་རྟེན་འདི་ན་ཁོ་ཚོ་ལས་དཔའ་ཞིང་རྟུལ་ཕོད་པ་ཞིག་ཕལ་ཆེར་མེད་ཚོད་གདའ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese