མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་དབུ་འཛུགས་གནང་ཡོད།

བོད་ཀྱི་དུས་བབ།
༢༠༡༡/༠༣/༡༤
Share on FacebookShare on TwitterShare on EmailShare on Whatsapp

ད་ལྟའི་ཆར་བཙན་བྱོལ་བོད་གཞུང་གི་མ་དངུལ་གྱི་གནས་སྟངས་ཧིན་སྒོར་ས་ཡ་༦༣༨།༧༣ཡིན་པ་དང་།༢༠༡༡ལོ་ནས་༢༠༡༢ལོའི་བར་གྱི་ཡོང་འཆར་ཁྱོན་བསྡོམས་ཧིན་སྒོར་ས་ཡ་༩༥༣།༡༣ཡིན་འདུག་ལ།སྔར་ལོ་ལས་ཡོང་འཆར་སྒོར་ས་ཡ་༢།༩༤མང་བའི་ཚོད་དཔག་ཞུས་ཡོད་འདུག   
དེ་རིང་ཕྱི་ཚེས་༡༤ཉིན་གྱི་ཞོགས་པར་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་དངོས་སུ་དབུ་འཛུགས་གནང་ཡོད་ཅིང་།ཚོགས་འདུའི་སྟེང་༸གོང་ས་མཆོག་གིས་བསྩལ་བའི་དམིགས་བསལ་གསུང་འཕྲིན་སྒྲོག་སྦྱོང་དང་།གཞུང་འབྲེལ་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དྲུང་ལས་རོགས་ཟུང་དྲུང་ཟུར་པ་སྐུ་ཞབས་མདའ་གཞིས་རྟ་མགྲིན་དབང་རྒྱལ་ལགས་སྐུ་ཚེ་འཕེན་པ་རྫོགས་པར་མྱ་ངན།དེ་བཞིན་ཉི་ཧོང་གི་རང་བྱུང་ས་ཡོམ་གྱི་གནོད་འཚེ་ཁྲོད་འདས་གྲོངས་སུ་ཕྱིན་པ་རྣམས་དང་ཨོ་སི་ཁྲི་ལི་ཡའི་གཙོས་པའི་འཛམ་གླིང་ཡུལ་གྲུ་གང་སའི་རང་བྱུང་གནོད་འཚེ་ཁྲོད་འདས་གྲོངས་སུ་གྱུར་བ་རྣམས་ལ་གཞུང་འབྲེལ་ཐོག་མྱ་ངན་ཞུས་པར་མ་ཟད།༢༠༡༡ནས་༢༠༡༢བར་གྱི་བཙན་བྱོལ་བོད་གཞུང་གི་ལྷན་ཁང་མ་ལག་དང་བཅས་པའི་མ་དངུལ་གཏོང་ཡོང་གི་སྔོན་རྩིས་ཀྱི་སྐོར་ནས་བགྲོ་གླེང་གོ་བསྡུར་གནང་འཆར་ཡོད་པ་རེད།  
སྐབས་དེར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཚོགས་འདུ་དབུ་འཛུགས་ཀྱི་གཏམ་བཤད་གནང་དོན།ཐེངས་འདི་ནི་སྐབས་བཅུ་བཞི་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་ཐ་མ་དང་སྔོན་རྩིས་ཀྱི་ཚོགས་དུས་ཆགས་ཡོད་ལ།རྒྱལ་སྤྱིའི་སྤྱི་ཚོགས་ལ་མཚོན་ནའང་སྔོན་མེད་བསམ་བློའི་ནང་འཁོར་མ་མྱོང་བའི་འགྱུར་འགྲོས་ཆེན་པོ་ཕྱིན་སྟེ།ཨ་ཧྤི་རི་ཀའི་ཏོ་ནེ་ཤི་ཡ་དང་ཨེ་རྗེབ།ཡེ་མན།བྷར་ལེན།ལི་སྤི་ཡཱ་བཅས་སུ་མི་མང་གི་མངོན་འདོད་གཞིར་བཟུང་ཐོག་ཞི་བའི་སྒེར་ལངས་བྱས་ཏེ་གཞུང་མགོ་རྟིང་བསློག་ཐུབ་པའི་གནས་སྟངས་ཆགས་ཡོད་པ་དང་།དེ་བཞིན་་ཤར་འཇར་མན་དང་ནུབ་འཇར་མན།ཨུ་རུ་སུ་ཁ་འཐོར་ཕྱིན་པ།བྱང་ཨ་ཧྤི་རི་ཀ་དང་དཀྱིལ་ཤར་ཨེ་ཤ་ཡའི་ནང་གནས་ཚུལ་སོགས་ཀྱིས་ང་ཚོ་བོད་དོན་ཐོག་ལའང་འགྱུར་བ་ཞིག་ཏན་ཏན་ཕྱིན་སྟེ།ང་ཚོ་རང་གི་རྒྱལ་ཁབ་དུ་ལོག་ཐུབ་པའི་གོ་སྐབས་ཤིག་ཡོང་ཐུབ་པའི་རེ་བ་དང་སྙིང་སྟོབས་སྐྱེ་གཞི་ཞིག་ཆགས་ཡོད་ཅེས་དང་།
ཡང་ཁོང་གིས།  བཙན་བྱོལ་བོད་མི་ཚོར་མཚོན་ནའང་མང་གཙོ་དབུ་བརྙེས་ཏེ་མི་ལོ་༥༠འཁོར་བ་དང་།༸གོང་ས་མཆོག་གིས་བོད་ས་མ་ཤོར་བའི་སྔོན་ནས་བོད་ནང་ལེགས་བཅོས་གནང་བའི་དགོངས་གཞི་ཡོད་པ་ལྟར།ད་ལྟའི་བར་མང་གཙོའི་འཕེལ་རིམ་གྱི་ཐོག་ལ་ཁོང་ཉིད་ཀྱིས་ཐད་ཀར་བཀའ་གནང་རྗེས་འགྱུར་བ་འགྲོ་བཞིན་པ་ཞིག་ཆགས་བསྡད་ཡོད།ད་ལྟའི་ཆར་རྒྱལ་སྤྱིའི་ནང་འཐབ་རྩོད་བྱེད་བསྡད་མཁན་གྱི་དབུ་འཛིན་ཚོས་མི་མང་གི་མངོན་འདོད་གཞིར་མ་བཞག་པར་དྲག་གནོན་དང་།འགྲོ་བ་མིའི་ཐོབ་ཐང་དང་ཁྲིམས་ཀྱི་ཐོག་ནས་དྲང་བདེན་ཡོང་སོགས་བརྡབ་གསིག་ཡོང་གི་ཡོད་ནའང་།༧གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་འོག་ང་ཚོའི་གནས་སྟངས་དེ་ལས་ལྡོག་ཡོད།
ཐེངས་འདིའི་གསུམ་བཅུའི་དུས་དྲན་དང་གྲོས་ཚོགས་ལ་བསྩལ་བའི་གསུང་འཕྲིན་དེ་དག་སེམས་ལ་ཤོངས་དཀའ་བའི་གནས་སྟངས་ཆགས་ཀྱང་།སྐབས་བཅུ་བཞི་བའི་གྲོས་ཚོགས་ལ་འགན་ལྗིད་མོ་ཞིག་བབ་ཡོད་པ་ལྟར།ཚང་མས་གསུང་འཕྲིན་རིན་པོ་ཆེའི་ནང་དོན་ལ་བསམ་བློ་གཏིང་ཟབ་དང་བློ་རིག་བསྒྲིམས་ཏེ།རང་ཉིད་ཀྱི་བསམ་ཚུལ་གྲོས་ཚོགས་ནང་འབུལ་རྒྱུའི་རེ་བ་དང་རང་ཉིད་གཅིག་པུའི་བསམ་ཚུལ་མ་ཡིན་པར་བོད་ཕྱི་ནང་གཉིས་སུ་གནས་པའི་བོད་མིའི་བདེ་སྡུག་སྐོར་གསུང་དགོས་པའི་འབོད་སྐུལ་དང་།ཐེངས་འདིའི་གྲོས་ཚོགས་ནང་དམིགས་བསལ་༸གོང་ས་མཆོག་གི་གསུང་འཕྲིན་ཐད་ལ་བགྲོ་གླེང་གོ་བསྡུར་གནང་རྒྱུ་ཡིན་པའི་སྐོར་གསུངས་བྱུང་བར་མ་ཟད།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲ་རྒྱ་www.tibetanparliament.org ཞེས་པའི་དྲ་རྒྱ་ངོ་སྤྲོད་གནང་ཡོད།
མཐའ་མར།བོད་གཞུང་དཔལ་འབྱོར་ལས་ཁུངས་ཀྱི་བཀའ་བློན་ཚེ་རིང་དོན་འགྲུབ་མཆོག་གིས་བཙན་བྱོལ་བོད་གཞུང་གི་ཕྱི་ལོ་༢༠༡༡ནས་༢༠༡༢བར་གྱི་སྔོན་རྩིས་ཕྱོགས་སྡོམ་གྲོས་ཚོགས་ལ་སྙན་སྒྲོན་ཞུས་དོན།ད་ལྟའི་ཆར་བཙན་བྱོལ་བོད་གཞུང་གི་མ་དངུལ་གྱི་གནས་སྟངས་ཧིན་སྒོར་ས་ཡ་༦༣༨།༧༣ཡིན་པ་དང་།ད་ཆར་དང་བླང་དཔྱ་དངུལ་ལག་དེབ་བཟོ་མཁན་༡༣༩༥༢༣ ཙམ་ཡོད་འདུག ༢༠༡༡ལོ་ནས་༢༠༡༢ལོའི་བར་གྱི་ཡོང་འཆར་ཁྱོན་བསྡོམས་ཧིན་སྒོར་ས་ཡ་༩༥༣།༡༣ཡིན་འདུག་ཅིང་།  དེ་དག་གི་ཡོང་ཁུངས་སོ་སོའི་ཟུར་བཀོལ་རྩིས་ཁོངས་སུ་དམིགས་བཀར་ལས་གཞིའི་ཆེད་ཡོང་འཆར་སྒོར་ས་ཡ་༦༨༡།༩༩དང་།དཔལ་འབྱོར་ལས་ཁུངས་བརྒྱུད་ཡོང་འཆར་སྒོར་ས་ཡ་༢༧༡།༡༤།  ངེས་མེད་ཞལ་འདེབས་ནས་ཡོང་འཆར་སྒོར་ས་ཡ་༨༣།༧༤སྔར་ལོ་ལས་ཡོང་འཆར་སྒོར་ས་ཡ་༢།༩༤མང་བའི་ཚོད་དཔག་ཞུས་ཡོད་འདུག   
 དེ་བཞིན།༢༠༡༡ནས་༢༠༡༢ལོའི་བར་གྱི་བཙན་བྱོལ་བོད་གཞུང་གི་ཕྱོགས་བསྡོམས་འགྲོ་གྲོན་མ་དངུལ་ཧིན་སྒོར་ས་ཡ་༡༠༢༥།༦༨གཏོང་འཆར་ཡོད་པའི་ཁྲོད་ལས་བྱེད་པའི་ཕོགས་དང་ལས་ཁུངས་ཁག་གི་རྒྱུན་གྲོན་ཁོ་ནར་འགྲོ་གྲོན་ཧིན་སྒོར་བསྡོམས་ས་ཡ་༣༧༤།༢༢དང་།དམིགས་བསལ་ལས་དོན་ཐོག་སྒོར་ས་ཡ་༢༩།༦༡།དམིགས་བཀར་ལས་འཆར་ཐོག་སྒོར་ས་ཡ་༦༢༡།༨༥འགྲོ་རྒྱུའི་རྒྱབ་གཉེར་ཞུས་ཡོད་འདུག
ཐེངས་འདིའི་གྲོས་ཚོགས་འདི་ཉིད་དེ་རིང་ཕྱི་ཚེས་༡༤ཉིན་ནས་མགོ་འཛུགས་ཀྱིས་ཕྱི་ཚེས་༢༥བར་འཚོགས་གཏན་འཁེལ་ཡོད་པ་དང་།ཉིན་གྲངས་བཅུའི་རིང་དགོངས་ཞུ་གནང་མཁན་སྤྱི་འཐུས་༢དང་ཉིན་བཞི་དང་དྲུག་རིང་དགོངས་པ་ཞུས་པའི་སྤྱི་འཐུས་༢།ཉིན་གཅིག་རིང་དགོངས་པ་ཞུས་མཁན་གྱི་སྤྱི་འཐུས་༢བཅས་དྲུག་ལས་གཞན་སྤྱི་འཐུས་ཚང་མ་མཉམ་ཞུགས་གནང་ཡོད་པ་རེད།
གསར་འགོད་པ།དོན་གོ

འབྲེལ་ཡོད་གསར་འགྱུར།

ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

ཆུ་ཚོད་ ༢ སྔོན་ལ།
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

ཆུ་ཚོད་ ༣ སྔོན་ལ།
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

ཆུ་ཚོད་ ༦ སྔོན་ལ།
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

ཆུ་ཚོད་ ༢༤ སྔོན་ལ།
Setti Warren directed the Harvard Institute of Politics out of the Harvard Kennedy School since 2022. By Claire Yuan
Mobile App

སྲིད་སྐྱོང་མཆོག་གིས་ཧྭ་ཝར་ཌིའི་སྐུ་ཞབས་ཝ་རན་ལགས་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་གནང་།

༢༠༢༥/༡༡/༠༤
UNICEF/UN073959/Clarke for UNOCHA
Mobile App

སྲིད་འགྱུར་དྲག་གནོན་དང་ཆབ་སྲིད་སྐྱབས་བཅོལ་བའི་དཀའ་སྡུག

༢༠༢༥/༡༡/༠༤

མཆན། 1

  1. རྒྱ་སྟག་དཀར་པོ says:
    ལོ་ 15 སྔོན།

    གཞུང་ཞབས་པའམ་ལས་བྱེད་པ་འདི་དག་གིས་ཡུལ་ཤུལ་ས་ཡོམ་གྱི་སྐབས་སུ་གཞུང་འབྲེལ་གྱི་མྱ་ངན་དང་། འོན་ཏེ་ཕྱི་མི་དག་ལ་ཞུ་བའི་མྱ་ངན་ལས་ཁྱད་པར་གང་ཡང་བྱས་ཡོད་རེད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese