མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙན་བྱོལ་བོད་མིའི་འོས་བསྡུ་ལ་རྒྱལ་སྤྱིའི་ལྟ་སྟངས།

བོད་ཀྱི་དུས་བབ།
༢༠༡༡/༠༣/༢༡
Share on FacebookShare on TwitterShare on EmailShare on Whatsapp







ཐེངས་འདིའི་བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོ་དང་བསྟུན་ཏེ། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཀྱིས་རྟོག་ཞིབ་ཐེངས་དང་པོ་གནང་ཡོད་པ་ལྟར། སྐྱབས་བཅོལ་བོད་མིའི་འོས་བསྡུ་ཆེན་མོའི་སྐོར་ལ་གཟིགས་ཚོར་གང་ཡོད་གསལ་བསྒྲགས་བྱས་ཡོད།

དེ་རིང་སྔ་དྲོར་ངྷ་ས་ཆོས་ནོར་གསོལ་མགྲོན་ཁང་དུ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་འབྲེལ་མཐུད་སྐུ་ཚབ་གཉིས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་ཡོད་ཅིང་། དེ་ནི་ཁ་སང་ཕྱི་ཟླ་ ༣ ཚེས་ ༢༠ ཉིན་བཙན་བྱོལ་བོད་མིའི་བཀའ་བློན་ཁྲི་པ་སྐབས་གསུམ་པ་དང་། བོད་མི་མང་སྤྱི་འཐུས་སྐབས་བཅོ་ལྔ་བའི་འོས་བསྡུ་ཆེན་མོར་འཁེལ་ཡོད་སྟབས། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་འབྲེལ་མཐུད་སྐུ་ཚབ་ཚོགས་ཆུང་ཞིག་ཆེད་འཛུགས་ཀྱིས་རྒྱ་གར་གཙོས་པའི་ཨ་རི་དང་ཡུ་རོབ་སོགས་ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་མིའི་འོས་བསྡུའི་ལས་རིམ་ཐད་གཟིགས་ཞིབ་ཏུ་ཕེབས་ཡོད་སྟབས། ཐེངས་འདིར་ངྷ་ས་ཁུལ་དུ་རྟོག་ཞིབ་གནང་བའི་གཟིགས་ཚོར་ཁག་ཅིག་ངོ་སྤྲོད་གནང་ཡོད།

གསར་འགོད་གསལ་བསྒྲགས་དེར་བཀོད་དོན། བོད་དོན་ལ་དམིགས་པའི་མཉམ་འབྲེལ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་ཁག་གིས།བཞུགས་སྒར་ངྷ་ས་ཁུལ་གྱི་བཙན་བྱོལ་བོད་མིའི་འོས་བསྡུའི་གནས་སྟངས་རྟོགས་ཞིབ་བྱ་ཐུབ་བྱུང་ཡོད་པར་མ་ཟད། ལྷག་པར་དུ་རྒྱ་གར་ལྷོ་བྱང་ཁུལ་དང་ཡུ་རོབ། དེ་བཞིན་བྱང་ཨ་རིའི་བོད་མིའི་འོས་བསྡུའི་ལས་རིམ་བཅས་ལའང་རྒྱུས་ལོན་གང་འཚམ་བྱ་ཐུབ་པ་བྱུང་ཡོད། ཅེས་དང་།   

རྟོག་ཞིབ་གྲུབ་འབྲས་ཁག་ཅིག་ཟུར་བཀོད་བྱས་ཡོད་པའི་ནང་། དང་པོ། སྟབས་མ་ལེགས་པ་ཞིག་ལ་བལ་ཡུལ་གཞུང་གིས་ཡུལ་དེར་གནས་སྡོད་བཙན་བྱོལ་བོད་མིའི་འོས་བསྡུའི་ལས་རིམ་བཀག་འགོག་བྱས་སྟབས།ང་ཚོས་བལ་ཡུལ་གྱི་དམངས་གཙོའི་ཐོབ་ཐང་ཐོག་སེམས་འཚབ་ཆེན་པོ་བྱེད་ཀྱིན་ཡོད།གཉིས།ང་ཚོ་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་འབྲེལ་མཐུད་ INPAT  ཞེས་པའི་ཚོགས་པ་འདི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གདན་ཞུ་ལྟར་ཆེད་དུ་རྟོག་ཞིབ་ཏུ་ཡོང་བ་ཞིག་ཡིན་སྟབས།ད་ཐེངས་ང་ཚོས་ཕྱོགས་མཐའ་ཁག་ཏུ་ཡོད་པའི་བོད་མི་མང་སྤྱི་འཐུས་དང་བཀའ་བློན་ཁྲི་པའི་འོས་བསྡུའི་བརྒྱུད་རིམ་སྐོར་གསལ་རྟོགས་ཡག་པོ་བྱུང་ཡོད།

གསུམ།ཐེངས་འདིར་ང་ཚོའི་ངོས་ནས་བཙན་བྱོལ་བོད་མི་ཚོ་དུས་ཡུན་རིང་པོར་དམངས་གཙོའི་ལམ་ཁར་བསྐྱོད་ཐུབ་ཡོད་པའི་སྙིང་སྟོབས་ལ་བསྔགས་བརྗོད་བྱེད་བཞིན་ཡོད་ལ། གནས་སྟངས་དེའི་ཐོག་ནས་སྐྱབས་བཅོལ་བོད་མིའི་སྒྲིག་འཛུགས་འདི་ལ་དམངས་གཙོ་ལག་ལེན་གྱི་ནུས་པ་ཡོད་པ་ར་སྤྲོད་གསལ་བོ་བྱས་ཡོད།བཞི།༧གོང་ས་ཏཱ་ལའི་བླ་མས་ཁོང་ཉིད་ཆབ་སྲིད་འཛིན་སྐྱོང་འགན་དབང་ལས་ཕྱིར་བུད་དེ། དུས་ཚོད་ཕལ་ཆེ་བ་འཛམ་གླིང་ཆོས་ལུགས་བྱེད་སྒོ་ཁག་དང་།ཆོས་དང་མ་འབྲེལ་བའི་ཀུན་སྤྱོད་ཡར་རྒྱས།ཆོས་ལུགས་འཆམ་མཐུན་བཅས་ཀྱི་ཐོག་གཏོང་རྒྱུ་ཡིན་གསུངས་བ་དེ་ནི། བོད་མིའི་འོས་བསྡུའི་ལས་རིམ་ཙམ་དུ་མ་ཟད།སྐྱབས་བཅོལ་བོད་མིའི་སྒྲིག་འཛུགས་དེ་དམངས་གཙོ་ཚད་ལྡན་ཞིག་ཡོང་རྒྱུར་བློས་གཏོང་ཆེན་པོ་ཞིག་གནང་ཡོད།ཅེས་བཀོད་འདུག

འདི་ནི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིས་བཙན་བྱོལ་བོད་མིའི་འོས་བསྡུའི་ལས་རིམ་ཐོག་རྟོག་ཞིབ་གནང་བ་ཐེངས་དང་པོ་དེ་ཆགས་ཡོད་འདུག་ལ། གཟིགས་ཞིབ་ཀྱི་དམིགས་ཡུལ་གཙོ་བོ། སྐབས་བཅོལ་བོད་མི་ཚོའི་འོས་བསྡུའི་ལས་རིམ་དྲང་བདེན་ཡོང་གི་ཡོད་མེད་དང་། བཙན་བྱོལ་གཞུང་ཕྱོགས་ནས་འོས་བསྡུའི་ལས་རིམ་གོ་སྒྲིག་ཞུ་ཕྱོགས་དང་མང་ཚོགས་ཀྱིས་ཆ་ཤས་ལེན་སྟངས། སྐྱབས་བཅོལ་བོད་མིའི་དམངས་གཙོའི་སྒྲིག་འཛུགས་ཀྱི་སྤྱི་ཡོངས་གནས་བབ་བཅས་ལ་རྒྱུས་ལོན་བྱ་ཆེད་ཡིན་འདུག  

གསར་འགོད་པ།དཔལ་ལྡན།

 

འབྲེལ་ཡོད་གསར་འགྱུར།

Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

ཆུ་ཚོད་ ༢ སྔོན་ལ།
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

ཆུ་ཚོད་ ༢ སྔོན་ལ།
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

༢༠༢༦/༠༢/༠༤
Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

༢༠༢༦/༠༢/༠༣
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢

མཆན། 7

  1. ཇོ་བོ་རྣམས་གཉིས། says:
    ལོ་ 15 སྔོན།

    སྤྱི་ཚེས་ཉི་ཤུ་ཡི་དངོས་གཞིའི་འོས་བསྡུའི་སྐབས་གྲ་སྒྲིགས་གང་མིན་ཚད་ཡག་པོ་འདུག ཡིན་ན་ཡང་དེང་གི་སྤྱི་ཚོགས་འཁྲོད་ཆོས་སྲིད་ཟུང་འབྲེལ་ལ་དགག་པ་རྒྱག་མཁན་མང་ལ། མི་རྒྱང་བའི་ནང་སྤྱི་ཐུས་གྲོས་ཚོགས་སུ་ཡང་༸སྐུ་མདུན་དགོང་ཞུ་སོགས་ཀྱི་དོན་རྐྱེན་མང་དག་ཞིག་བྱུང་བ་བཅས་ཀྱི་ཤུགས་རྐྱེན་གྱི་ཡིན་ནམ་དེ་
    མིན་གང་ཡིན་་མི་ཤེས་ཀྱང། དེ་ཉིན་ཀྱི་ཆོས་ལུགས་ཀྱི་འོས་བླུག་ས་དེར་ཆུ་ཚོད་གཅིག་གཉིས་ནང་འོས་བླུག་ཕྱོགས་ཀྱི་སྒྲིག་གཞིར་འགྱུར་བ་ཡར་འགྲོ་མར་འགྲོ་རེད་འདུག་པས་རང་དབང་མེད་པར་གླུ་དེ་ལྟར་བླང་བར་ཐལ།

    ཨ་ལེ་མོ། ལ་ལེ་མོ།
    གཙུགས་ལག་ཁང་གི་འཁྱམ་རར།
    བོད་མི་ཡར་འགྲོ་མར་འགྲོ །
    ཆོས་ལུགས་འོས་བསྡུའི་སྒྲིགས་གཞིར།
    འགྱུར་བ་ཡར་འགྲོ་མར་འགྲོ །
    དེ་འདྲའི་བཙན་བྱོལ་བོད་མིའི།
    སྒྲིག་གཞི་དེ་འདྲ་ཨེ་ཡིན།
    གལ་སྲིད་དེ་འདྲ་མིན་ཚེ།
    ལན་ཞིག་སྐྱོན་རོག་གནང་དང་།
    བུ་ངར་སེམས་གསོར་འགྲོ་ངེས།

    Reply
  2. རྟོགས་སད་ཀྱི་སྨྱུ་བུ། says:
    ལོ་ 15 སྔོན།

    དམངས་གཙོ་ཞེས་པའི་ཐ་སྙད་ཞིག་གིས་ཁྱབ་ཁོང་དུ་ང་ཚོ་མི་རེ་རེའི་ངོས་ནས་ཁ་བཤད་ཙམ་མིན་པ་ལུས་སེམས་གཉིས་ཀ་ཚུད་ཐོབ་ཡོད་མེད་དེ་ཤེས་དགོས་པ་ཞིག་རེད།

    Reply
  3. མི་རྟག་པས་ཟིན་པའི་ཤ་རུས says:
    ལོ་ 15 སྔོན།

    མི་རིགས་དང་མི་རིག་བར་་ལྷགས་བསམ་དང་དྲང་བདེན་གྱི་ཐོག་ནས་ཞིབ་འཇུག་དང་རྒྱབ་སྐྱོར་གནང་བ་ལ་ཐུགས་རྗེ་ཆེ་བ་དང་་་་་་་་་་་་་་་་་་་་་་་་་ཉམ་ཆུང་དང་དྲང་བདེན་ཅན་རྣམས་ལ་མུ་མཐུད་དེ་རྒྱབ་སྐྱོར་གནང་རོགས་གནང

    Reply
  4. ཤག་སྒང་པ། says:
    ལོ་ 15 སྔོན།

    མང་ཚོགས་ཀྱི་ཆ་ཤས་ཀྱིས་མ་བསླུས་ན་དྲང་བདེན་གྱིས་བསླུ་ཐབས་མེད་པ་ལྟ་བུ་ཞིག་རེད། བོད་མི་མང་སྤྱི་འཐུས་ཀྱིས་ལེགས་པོ་གནང་འདུག ཐུགས་རྗེ་ཆེ།

    Reply
  5. བྲག་འགོ་དཀོན་མཆོག་དར་རྒྱས། says:
    ལོ་ 15 སྔོན།

    བོད་པ་ཚང་ལ་ཤ་ཚ་ཚ་གནང་མཁན་རེ་ཡོད་ན་ནི་དགའ། བལ་ཡུལ་གྱི་བོད་མིའི་སྟེང་འཛིན་པའི་ཆབ་སྲིད་འདི་ཧ་ཅང་གི་གཉན་འཕྲེང་ཆེ་བ་དང་། དོན་དངོས་སུ་འཛམ་གླིང་གི་རྒྱབ་སྐྱོར་དེ་ཚོ་ལག་ལེན་འཁྱོལ་གྱིན་ཡོད་མེད་ལ་བསམ་ན། མཉམ་འབྲེལ་རྒྱ་ཚོགས་ནི་་་་ཉམས་པ་རྒྱལ་ཚོགས་ཡིན་མིན་གང་ཤེས།

    Reply
  6. སྨར་དྷཱིཿཟེར། says:
    ལོ་ 15 སྔོན།

    བོད་མི་རིགས་ལ་ཤ་ཚ་དང་བོད་རྒྱ་གཉིས་ཀྱི་དཀའ་རྙོགས་འདི་དབང་ཡོད་དབང་མེད་ཀྱི་དཀའ་ངལ་ཞིག་ཡིན་པ་བརྟེན་ཚང་མས་ཐུགས་ཁུ་འདི་ལྟར་གནང་བར་སྙིང་ནས་དགའ་བྱུང་

    Reply
  7. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    གྲོས་ཚོགས་ཟེར་ན་ལས་འགྲོས་ཚོགས་ཟེར་བ་འདྲ་ཨེ་ཡོན་ན། INPAT ཞེས་པའི་དབྱིན་ཡིག་འདིའི་སྔོན་ཏག་ཏག་ན་འདུག གཞན་ཡོད་མེད་ཞིབ་ཏུ་བཀླགས་མེད།
    གསར་འགྱུར་འདི་ངས་འདྲེན་བཀོད་བྱས་ཆོག་པའི་ཆོག་མཆན་ཞུས་པ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese