ཕྱི་ཟླ་བཞི་པའི་ཚེས་མགོ་ནས་༧གོང་ས་མཆོག་གིས་ནུབ་ཡུ་རོབ་རྒྱལ་ཁབ་གསུམ་དུ་ཆོས་ཕྱོགས་ཀྱི་མཛད་འཆར་བསྐྱང་རྒྱུ་ཡིན་འདུག་ལ། ཕྱི་ཚེས་ ༡༣ ཉིན་༧གོང་ས་མཆོག་ཨར་ལན་ཌིའི་རྒྱལ་སར་འཚོགས་བཞིན་པའི་ ༼༢༠༡༡ ལོའི་གོ་སྐབས ༽ཞེས་པའི་ཚོགས་ཆེན་སྟེང་ཕེབས་ཏེ་བཀའ་སློབ་གནང་རྒྱུ་དང་། ཕྱི་ཚེས་ ༡༣ ཉིན་ཡུལ་དེའི་ཀེལ་ཌ་རེ་ཡེ་ཤུའི་ཆོས་ཁང་ཞིག་ཏུ་༼བྱམས་བརྩེའི་བསམ་བློ་སྒྲུབ་ཚུལ༽ཐོག་བཀའ་སློབ་གནང་འཆར་ཡོད་འདུག
ཕྱི་ཚེས་ ༡༤ ཉིན་ལིམ་རིག་གྲོང་ཁྱེར་དུ་༼ཟོད་པའི་ནུས་པ༽ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་རྒྱུ་དང་། ཕྱི་ཚེས་ ༡༥ ཉིན་སི་ཌེན་རྒྱལ་ཁབ་ཀྱི་རྒྱལ་སར་༼ འཛམ་གླིང་ཞི་བདེའི་ཆེད་འགྲོ་བ་མིའི་ཐབས་ལམ༽དང་། ཕྱི་ཚེས་ ༡༥ ནས་ ༡༦ ཉིན་བར་སི་ཌན་གཙུག་ལག་སློབ་ཆེན་དུ་བཀའ་སློབ། དེ་བཞིན། ཕྱི་ཚེས་༡༦ ཉིན་ཌན་མག་གྲོང་ཁྱེར་ཀོ་པན་ཧ་གྷན་དུ་དད་ལྡན་ཆོས་ཞུ་བར་བློ་སྦྱོང་དོན་བདུན་མ་དང་། དོན་ལྡན་གྱི་མི་ཚེ་ཞེས་པའི་བཀའ་སློབ་བཅས་གནང་རྒྱུ་ཡིན་འདུག
གསར་འགོད་པ། དཔལ་ལྡན།
ཨར་ལེནཌི་དང་། ཌན་མག་གི་སྨོན་ལམ་ཚིག་སྒྱུར་མ།
ཡངས་པའི་ཡུལ་ལྗོངས་སྤྱི་དང་ཨར་ཌན་དུ། །
ནད་མུག་འཁྲུག་རྩོད་ལ་སོགས་མི་འབྱུང་ཞིང་། །
འགྲོ་རྣམས་ཆོས་འབྱོར་བདེ་སྐྱིད་འཚོ་བ་ལ། །
ཕུན་ཚོགས་དཔལ་འབྱོར་ལ་སོགས་རྒྱས་འགྱུར་ཅིག །
༸གང་སྐུའི་༸སྐུུ་ཚེ་ཡུན་བརྟན་ཤོག །