མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐད་འབོད་ཁྲོམ་སྐོར་བྱས་འདུག

བོད་ཀྱི་དུས་བབ།
༢༠༡༡/༠༣/༢༩
Share on FacebookShare on TwitterShare on EmailShare on Whatsapp

རྔ་པ་ཁུལ་འཛམ་ཐང་རྫོང་ན་མདའ་ཞང་གི་བོད་མི་བརྒྱ་ཕྲག་བརྒལ་བ་ཞིག་གིས་ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་གྱི་ཕྱི་དྲོའི་བོད་ནང་གི་ཆུ་ཚོད་ ༤ ཡས་མས་ཤིག་ལ་བོད་ལ་རང་དབང་དགོས། རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་བྱེད་འཇུག་དགོས། བོད་རང་བཙན་ཐོབ་སོང་ཟེར་ནས་ངོ་རྒོལ་སྐད་འབོད་བྱས་ཏེ་ས་གནས་དེ་གའི་ཞང་གི་ཁྲོམ་ལམ་ནས་སྐོར་བ་གསུམ་བྱས་ཡོད་འདུག

སྐབས་དེར་དམག་མི་དང་ཉེན་རྟོག་མི་སྣ་མང་པོ་བསླེབས་ཏེ་ངོ་རྒོལ་སྐད་འབོད་བྱེད་མཁན་རྣམས་ལ་གང་བྱུང་དུ་གཅར་རྡུང་དྲག་པོ་བཏང་སྟེ། སྐད་འབོད་བྱེད་མཚམས་འཇོག་ཏུ་བཅུག་ཡོད་པ་མ་ཟད། བོད་མི་ ༨ ཙམ་འཛིན་བཟུང་བཀག་བསྐྱིལ་བྱས་ཡོད་པ་དང་། དེ་དག་ཁྲོད་རང་ལོ་ ༤༠ ཡིན་པའི་ན་མདའ་ཞང་ཐོག་གི་སློབ་གྲྭའི་དགེ་རྒན་དཔལ་ཁོ་ལགས་དང་། རང་ལོ་ ༣༥ ཡིན་པའི་རྡོ་རྗེ། རང་ལོ་ ༣༥ ཡིན་པའི་ཨ་རྡོར། རང་ལོ་ ༢༨ ཡིན་པའི་འོད་གསལ་རྡོ་རྗེ་བཅས་ཡིན་ཞིང་། གཞན་རྣམས་ཀྱི་མིང་དང་ལོ་ཚད་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་མ་བྱུང་།

ཉིན་དེ་ནས་བཟུང་ན་མདའ་ཞང་རྒྱ་དམག་གིས་དམ་དྲག་ཆེན་པོ་བྱེད་ཀྱིན་ཡོད་པར་མ་ཟད། ཁ་སང་ཕྱི་ཚེས་ ༢༨ ཉིན་ད་དུང་ས་གནས་མང་པོ་བཀག་སྡོམ་ནན་མོ་བྱས་ཏེ། ངོ་རྒོལ་བྱེད་མཁན་རྣམས་རྩད་གཅོད་བྱེད་མུས་ཡིན་འདུག རྔ་པ་རྫོང་གཅའ་ཞང་ཕྱུགས་ལས་འགབ་མའི་ཨ་མའི་བློ་བཀྲ་ཚང་གི་རྔ་པ་ཀིརྟི་དགོན་གྱི་གྲྭ་བསྟན་འཛིན། ཕྱི་ཚེས་ ༢༥ ཉིན་གྱི་ མཚན་མོའི་དུས་ཚོད་ ༡༢ ཙམ་ལ་རང་ཤག་ནས་འཛིན་བཟུང་བྱས་ཡོད་ཀྱང་། ད་སྔ་ཁོང་ལ་ཉེས་འཛུགས་གང་གི་འོག་ནས་འཛིན་བཟུང་བྱས་མིན་ཤེས་རྟོགས་མ་བྱུང་། ད་ཆར་རྒྱ་ནག་གི་དྲག་ཆས་ཉེན་རྟོག་མི་སྣས་མཚན་མོ་རེ་རེ་བཞིན་ ཁྱི་ཁྲིད་དེ་ཀིརྟི་དགོན་པའི་གླིང་ལ་སྐོར་བྱེད་ཀྱིན་ཡོད་འདུག

ཡང་ཕྱི་ཚེས་ ༢༤ ཉིན་རྔ་པ་རྫོང་མཐའ་བ་གོང་མ་དང་འགབ་མ་གཉིས་ལ་རྒྱ་གཞུང་གིས་ཚོགས་འདུ་བསྡུས་ཏེ། ཁྱེད་ཅག་མི་མང་གིས་རྔ་པ་ཀིརྟི་དགོན་པ་སྲུང་བྱ་བྱེད་དགོས་ཚུལ་དང་། གལ་སྲིད་སུ་མ་སོང་ན་ཉིན་རེར་རྒྱ་སྒོར་སུམ་ཅུའི་ཆད་པ་གཅོད་རྒྱུ་ཡིན་ཞེས་མི་མང་ལ་བཙན་བཀའ་བཏང་ཡོད་པར་མ་ཟད། ཁྱེད་ཚོས་གྲྭ་པ་ཚོའི་བྱེད་སྟངས་ལྟར་ངོ་རྒོལ་ལས་འགུལ་དེ་འདྲའི་ནང་ཞུགས་མི་ཆོག་ཚུལ་སོགས་བརྗོད་ཡོད་འདུག

ད་དུང་དགེ་འདུན་པ་ཚོར། གྲྭ་པ་དང་མི་མང་གཉིས་རྩ་བ་ནས་མི་མཚུངས་ཚུལ་དང་། རྒྱལ་ཁབ་ཀྱིས་མི་མང་ལ་རོགས་སྐྱོར་མང་པོ་བྱས་ཡོད་པ་དང་མ་འོངས་པར་ཡང་རོགས་སྐྱོར་མང་པོ་བྱ་རྒྱུ་ཡིན་ཚུལ། དེང་སྐབས་རང་ལུས་མེར་བསྲེགས་གཏོང་དགོས་པའི་དཀའ་སྡུག་ཅིག་རྩ་བ་ནས་མེད་ཀྱང་། གྲྭ་པ་ཚོར་བསོད་བདེ་དམན་ཚུལ། ཀིརྟི་དགོན་པའི་ནང་ལ་རང་ལུས་མེར་བསྲེགས་གཏོང་རྒྱུའི་ཁས་ལེན་དམ་བཅའ་བྱས་ཡོད་པའི་ཚོགས་པ་ཞིག་ཡོད་པ་དང་། ཚོགས་པ་དེ་ད་ཐེངས་རྩ་མེད་བཟོ་དགོས་སྟབས། མི་མང་གིས་རོགས་འདེགས་བྱ་དགོས་ཚུལ་སོགས་བརྗོད་ཡོད་འདུག

གོང་ཞུས་ལྟར་ཕྱི་ཚེས་ ༢༦  ཉིན་ནས་མི་མང་སྐོར་ཞིག་གིས་རྔ་པ་ཀིརྟི་དགོན་པ་སྲུང་བྱ་བྱེད་པའི་མིང་ཐོག་ནས་དགོན་པར་སྔ་ཕྱི་དྲོ་གཉིས་ཀར་སྐོར་བ་བྱས་ཡོད་པ་དང་། དགོང་མོ་བོད་མི་དེ་རྣམས་ལ་རྒྱ་སྒོར་སུམ་ཅུ་རེ་སྤྲད་དེ་དཔར་དང་བརྙན་དཔར་བརྒྱབ་ཡོད་འདུག་པ་བཅས།

ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་བཏང་འབྱོར་བྱུང་། Top of Form

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱལ་བ་རིན་པོ་ཆེའི་མཚན་དང་ཨེབ་སུ་ཊེན་ (Epstein) གྱི་ཡིག་ཆའི་སྐོར་གྱི་དངོས་ཡོད་གནས་ཚུལ་ལ་ལྟ་བ།

༢༠༢༦/༠༢/༡༤
བོད་དངུལ་འགྲེམས་སྟོན་དུ་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱིས་ལྟ་སྐོར་བྱེད་བཞིན་པ། ༢༠༢༦།༢།༡༣ དུས་བབ་གསར་ཁང་གི་པར།
Mobile App

བོད་རང་བཙན་བསྐྱར་ནན་གསལ་བསྒྲགས་ཀྱི་ཉིན་མོ་སྲུང་གཙི་ཞུས།

༢༠༢༦/༠༢/༡༣
ttt
Mobile App

སྤེན་པ་ཚེ་རིང་མཆོག་སླར་ཡང་སྲིད་སྐྱོང་ལ་འོས་འདེམས་བྱུང་བའི་གསལ་བསྒྲགས་གནང་སོང་།

༢༠༢༦/༠༢/༡༣
༸གོང་ས་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།

༢༠༢༦/༠༢/༡༣
Mobile App

ངས་སྲས་མོ་ཁོང་ལ་འོས་འཕེན་དགོས་དོན།

༢༠༢༦/༠༢/༡༣
བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་དང་སྦིར་ས་གནས་གཞོན་ནུའི་ཚོགས་གཙོ་བློ་གྲོས་དཔལ་ལྡན་ལགས་རྣམ་གཉིས་ཀྱིས་བོད་དོན་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་བཞིན་པ། འབྲེལ་ཡོད་ཀྱིས་པར་མཁོ་སྤྲོད་བྱས།
Mobile App

ཉིན་གྲངས་ ༩༠ ཡི་བོད་དོན་སྦག་སྦག་སྐོར་སྐྱོད་མོན་གྷོ་གཞིས་ཆགས་སུ་འབྱོར།

༢༠༢༦/༠༢/༡༢

མཆན། 4

  1. ངས་པོའི་ལྷ་སྲས། says:
    ལོ་ 15 སྔོན།

    གཞིས་བཞུགས་སྤུན་ཟླ་རྣམས་ཀྱི་སྙིང་སྟོབས་ངོ་མ་ངོ་མཚར་ཆེ།
    འདིར་ཡོད་རྩམ་གཟན་པ་ཕལ་མོ་ཆེ་ཕྱོགས་རིས་དང་ཞེན་ཁོག་གི་དུས་འདའ་བ་འདི་མཐོང་དུས་་་་་་་་་་་་་་་་་་་་་་་་་་་

    Reply
  2. བསྟན་འཛིན་ཚེ་འཚོ། says:
    ལོ་ 15 སྔོན།

    འཇིགས་ཞིམ་བྲལ་བའི་སྙིང་སྟོབས་དེ།
    ནམ་ཡང་ས་ཆོད་མི་ཐུབ་པའི་ངས་ཀྱང་།
    བསྟོད་བསྔགས་དང་ཁ་དར་འཐེན་བཞིན་ཡོད།
    སྙན་ངག་དང་རྒྱབ་སྐྱོར་ཞུ་བཞིན་ཡོད།
    དོན་ངོ་མ་ང་སྐྱིད་འདུག་བྱས་ནས།
    ཁྱེད་ཅག་ལ་ཁ་ཡག་གཅིག་བཤད་ནས་སྡོད་པ་ངོ་ཧ་ཅང་གནོང་མོད།
    ང་ལ་བློ་ཁོག་དེ་ལས་མེད་པས།
    ང་ལ་ཁོག་རྒྱ་འདི་ལས་མེད་སྟབས།
    ངོ་ཚ་ཡང་ཁྱེད་ཅག་དང་བྲལ་མ་མྱོང་།
    ངས་ཐུབ་ཚོད་ཀྱིས་ཁྱེད་ཅག་གི་ཚེ་སྲོག་བསྡུས་པ་དེའི་ཕྱིར།
    ངོ་གནོང་བའི་ལས་དོན་གཅིག་ཀྱང་མི་བསྒྲུབ་ཁོ་ཐག་ཡིན།

    Reply
  3. ཨ་ཆགས་ཚེ་རྡོར།་ says:
    ལོ་ 15 སྔོན།

    གངས་རིའི་དཔའ་རྒོད་ཚོ།་་རང་དབང་གི་ཁུ་ཚུར་དགུང་ལ་འཕྱོར་དང།་་་ང་ཚོ་ནམ་ཡང་ཁྱེད་ཀྱི་ཉེ་ས་ན་ཡོད།་་་་

    Reply
  4. སྨར་ཀླུང་དཔའ་ལ། says:
    ལོ་ 15 སྔོན།

    གཞིས་ཀྱི་བོད་མི་རྣམས་ཀྱི་སྙིང་སྟོབས་ནི་ཇི་འདྲི་གཏིང་ཟབ་པ་ལ་བླ་གྲྭ་རྣམས་མེད་ནས་སྐད་འབོད་ཞིག་ཡིན་ན་ཤིན་ཏུ་དགའ་བ་ལ། གྲྭ་བཙུན་རྣམས་ཀྱི་སྣ་དྲངས་པའི་སྐད་འབོད་ཞིག་ཡིན་ན་ཡང་རྒྱ་མིས་མནར་གཅོད་ནི་སྔོན་ལས་དགུ་འགྱུར་གྱི་མནར་གཅོད་ཞིག་གཏང་ནས་ཇེ་སྡུག་ཏུ་འགྲོ་རྒྱུ་ཉག་ཅིག་རེད། ད་ཅི་བྱེད་བསམ་བློ་ཞིག་མ་བཏང་ནས་གྲྭ་བཙུན་རྣམས་ཀྱི་སྐད་འབོད་མང་པོས་མི་སེར་གྱི་གྱོང་གུད་སུ་ཡིས་གསབ་ཐུབ་ཀྱི་འདུག ཤེས་ཡོན་དང་ལྡན་པས་སྐད་འབོད་ནི་མི་རིགས་དང་རིག་གཞུང་ལ་སྨན་གྱི། ཅི་དང་གང་ཐད་ནས་གྱོད་གུད་བྱུང་བ་ནི་གྱོང་གུད་ངོ་མ་ལོས་ཡིན། ཡིན་ན་ཡང་ཁྱེད་རྣམ་པའི་སྙིང་སྟོབས་ལ་གདུང་སེམས་མཉམ་བསྐྱེད་ཡོད། བདེན་པ་རྒྱལ་བར་ཤོག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese