མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མ་སྐྲག་དང་། ཉི་མ་སྔར་བཞིན་འཆར་ངེས།

བོད་ཀྱི་དུས་བབ།
༢༠༡༡/༠༤/༠༣
Share on FacebookShare on TwitterShare on EmailShare on Whatsapp

༼ ཉི་མ་ནུབ་རྗེས་ཀྱི་རི་ལུང་ནག་པོ། ༽ལ་བསམ་ཚུལ་བརྗེས་རེས་སུ།

སྣང་རྒྱལ་ཤེས་དགེ།

བདེ་ཆེན་སྒྲོལ་མ་ལགས། སྐུ་ཉིད་ཀྱིས་རྩོམ་ཡིག་སྤེལ་བར་ཐུགས་རྗེ་ཆེ། ཁོ་བོས་རྩོམ་ཡིག་འདིའི་ཁ་བྱང་ལ་བསམ་འཆར་ཞིག་བཤད་ན་འདོད། ༸གོང་ས་མཆོག་བགྲེས་ཡོལ་བྱས་ནའང་ཉི་མ་ནུབ་སོང་བ་དང་གཏན་ནས་མི་འདྲ་སྟེ། བགྲེས་ཡོལ་དུ་ཕྱིན་པ་དེས་བོད་དོན་བློས་བཏང་བ་མཚོན་མི་ཐུབ་ལ་བློས་གཏོང་རྒྱུ་མིན་པའང་ཞལ་གྱིས་བཞེས་ཡོད། དེར་བརྟེན་ཉི་མ་ནུབ་པ་དང་མི་མཚུངས། ནང་དོན་གྱི་ཆ་ནས་བཀའ་ཤག་གི་དགོངས་ཚུལ་ལ་གཞི་བཅོལ་འདུག་ཅིང་། བཀའ་ཤག་གི་དགོངས་ཚུལ་དེ་ཁོ་བོས་ན་ཚོད་མ་སྨིན་པའི་གཏམ་རེད་ཟེར་ན་མི་འགྲིག་ནའང་ཐང་མོད། ཅི་བྱས་ཀྱང་ཁ་སེམས་མཐུན་པའི་གཏམ་ཞིག་གཏན་ནས་མ་རེད། དེ་ཡང་ཆབ་སྲིད་ཀྱི་དགོས་མཁོ་ཞིག་ཡིན་རྒྱུ་རེད།  ༸གོང་ས་མཆོག་བགྲེས་ཡོལ་དུ་བཞུགས་ན་༼རྒྱལ་སྤྱིའི་ནང་བོད་དོན་བདེན་པའི་ཐབས་རྩོད་ཀྱི་གཟུགས་བརྙན་ཉམས་ཆག་འགྲོ་བ་དང་གཟུགས་བརྙན་གསར་བ་བསྐྲུན་པའི་ནུས་པ་ང་ཚོ་ལ་ཡོད་མེད། གལ་སྲིད། ཡོད་ན་གཟུགས་བརྙན་གསར་བ་བསྐྲུན་པར་དུས་ཚོད་ག་ཚོད་འགོར་མིན།༽ སོགས་མ་འོངས་ལུང་བསྟན་གྱི་ཚུལ་དུ་བཤད་འདུག་མོད། བཤད་སྟངས་དེས་བཀའ་ཤག་གིས་༸གོང་ས་མཆོག་གི་ཞལ་བཞེས་ལ་ཡིད་ཆེས་བྱེད་ཀྱི་མེད་པའི་ཚོར་བ་ཞིག་ཀྱང་སྐྱེ་རུ་འཇུག་གིན་འདུག་སྟེ། ༸གོང་ས་མཆོག་གིས་བོད་དོན་ཐད་རང་ཉིད་བོད་པ་ཞིག་ཡིན་པས་ཆ་ནས་མི་ཚེ་གང་བོར་འགན་འཁུར་རྒྱུ་ཡིན་ཞེས་ལན་གཅིག་མིན་ཏུ་གསུངས་ཡོད། ཡང་ཕྱོགས་གཞན་ཞིག་ནས་བཤད་ན་བྱེད་སྟངས་འདི་དག་དག་རྒྱ་ནག་ལ་དགོས་རྒྱུ་དེ་རང་ཡིན་ཞིང་དོན་དངོས་ཀྱི་ཆ་ནས་ཀྱང་ལང་ཤོར་དུ་སོང་བའི་གཞན་བརྟེན་གྱི་བསམ་བློ་བཙན་དྲགས་པས་རེད། གང་ལྟར་ང་ཚོས་ནམ་ཞིག་༸གོང་ས་མཆོག་མེད་པའི་དཀའ་ངལ་ཞིག་ལ་གདོང་ལེན་བྱེད་དགོས་ལ་གྲྭ་སྒྲིག་མེད་པའི་གདོང་ལེན་ཞིག་སུས་ཀྱང་བྱེད་མི་ཤེས་ལ་་བྱེད་མི་འདོད། དེར་བརྟེན་༸གོང་ས་མཆོག་གིས་རྒྱུན་དུ་༼ང་མེད་པ་ནང་བཞིན་བྱས་ནས་ལས་ཀ་བྱས་ཤོག་ཨ༽ཞེས་གསུང་དགོས་བྱུང་བ་རེད། དེར་བརྟེན་བཀའ་ཤག་གི་གོང་གི་དྲི་བ་དེ་དག་ད་ལྟ་༸གོང་ས་མཆོག་ཞལ་བཞུགས་དུས་ཀྱི་ཉེན་ཁ་ཞིག་མ་ཡིན་པར་གྲྭ་སྒྲིག་གང་ཡང་མེད་པར་༸གོང་ས་མཆོག་ང་ཚོ་དང་ཞལ་གྱེས་པའི་ཉིན་མོར་གཞི་ནས་འཕྲད་ངེས་པའི་དཀའ་ངལ་ཞིག་རེད།

བོད་ཀྱི་མ་འོངས་པའི་ཆབ་སྲིད་སྲ་བརྟན་ཡོང་མིན་གཙོ་བོ་ད་ལྟའི་གྲྭ་སྒྲིག་ལ་རགས་ལུས་ཤིང་། གྲྭ་སྒྲིག་གི་རྟེན་ས་གཙོ་བོ་སྦྱོང་བརྡར་ལ་རགས་ལས་པ་སྟེ། སྦྱོང་བརྡར་གྱི་ཉམས་མྱོང་ལས་འབྱུང་འགྱུར་གྱི་དཀའ་ཁག་ལ་གདོང་ལེན་བྱེད་རྒྱུའི་རྒྱུ་ཆ་མང་པོ་ཞིག་གསོག་འཇོག་བྱེད་ཐུབ། ལྗིད་ཚད་འདེགས་པའི་ལུས་སྟོབས་དང་གོམས་སྟབས་སོགས་ལ་སྦྱངས་པ་མེད་པར་གློ་བུར་དུ་ཕྲག་ཐོག་ནས་མནན་ཚེ་ཐང་ཏུ་འགྱེལ་འགྲོ་བ་བཞིན། ཉམས་མྱོང་དང་གྲྭ་སྒྲིག་མེད་པའི་དུས་སྐབས་སུ་གློ་བུར་དུ་ཆབ་སྲིད་ཀྱི་འགན་ལྕི་མོ་ཞིག་ཕྲག་ཐོག་ཏུ་ལྷུང་ན་གཞུང་འཐོར་ཞིག་ཏུ་འགྲོ་བ་ལས་གཞན་མེད། དེར་བརྟེན། འགན་ཁག་ཡོད་ཚད་༸གང་ས་མཆོག་ལ་འགེལ་བའི་ལང་ཤོར་གྱི་ལུགས་སྲོལ་འདིས། ཉི་མ་ནུབ་རིར་བཞུད་དུས་དངོས་གནས་ང་ཚོ་མུན་ནག་སྟུག་པོ་ཞིག་གི་ནང་དུ་འཕེན་ངེས་རེད། ད་ལྟ་༸གོང་ས་མཆོག་སྐུ་འཚོ་གཞེས་ཀྱི་གནས་སྐབས་སུ་ང་ཚོ་ལ་དངོས་སྦྱོང་བྱེད་རྒྱུའི་གོ་སྐབས་ཡོད་ཅིང་། དངོས་སྦྱོང་ལ་ལམ་ལྷུང་མ་བྱུང་ནའང་ལག་པ་རྟེན་ས་ཞིག་དང་མིག་གིས་བལྟ་ས་ཞིག་ཡོད་པ་རེད། འགྱེལ་ནས་ལང་པ་དང་ལང་ནས་འགྱེལ་བའི་བརྒྱུད་རིམ་གྱི་ཁྲོད་ནས་ང་ཚོས་གཞན་ལ་བརྟེན་མི་དགོས་པར་རང་ཚུགས་ཀྱི་གོམས་པ་སྤོ་སྟངས་ཤིག་སྦྱོང་དགོས།དེ་ལས་ལྡོག་སྟེ། ཕྲུ་གུ་ཞིག་གིས་ང་ཆུང་ངུའི་སྐབས་ནས་ཁྱེད་ཀྱིས་སྐྱོར་ནས་ཡོང་་བ་ཡིན་པས་ཁྱོད་ཀྱིས་ངའི་ལག་པ་གཏོང་མི་རུང་ཞེས་ནམ་ཡང་ཕ་མ་ཁོ་ནར་བརྟེན་ནས་རང་གིས་གོམ་པ་རྒྱག་སྟངས་མ་སྦྱང་ན་ག་ལ་འགྲིག དེ་ལྟར་བསྡད་ན། ནམ་ཉི་མ་ཞིག་ལ་ཕ་མ་གཉིས་རང་ཉིད་དང་འབྲལ་ངེས་ཡིན་ཞིང་། བྲལ་བའི་ཉིན་མོ་ཁྱོད་རང་ཡར་ལང་མི་ཐུབ་མཁན་ཞིག་དང་ལག་པ་རྟེན་ས་མེད་པ་ཞིག་ཏུ་འགྱུར་ངེས་རེད།

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༣ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༣ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༧ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

མཆན། 15

  1. སྣང་རྒྱལ་ཤེར་དགེ says:
    ལོ་ 15 སྔོན།

    ༸གོང་ས་མཆོག་གི་བགྲེས་ཡོལ་གྱི་གནད་དོན་འདིའི་ཐད་ནས་འཛིན་སྐྱོང་བཀའ་ཤག་༸གོང་ས་མཆོག་གི་རྒྱབ་ཏུ་ཀ་ལང་ལང་བྱས་འདུག་གམ། དུས་ནམ་ཡང་ཟེར་བ་དེའི་ནང་དུ་འདིའང་ཚུད་མི་འདུག་གམ། ཅིག་བྱས་ན་སྐུ་ཉིད་བཀའ་ཤག་ལ་དད་པ་ཆེ་དྲགས་པས་ཡིན་ནའང་ཐང་། དེ་ལྟར་ཡིན་ན་ཁྱོད་ལའང་ཁག་མེད་དེ་དད་པའི་ངོར་འགལ་འདུ་ཐམས་ཅད་འགལ་མེད་དུ་འཆར་ཆོག་པས་སོ། འོན་ཀྱང་ཁོ་བོས་ཆབ་སྲིད་ཀྱི་ཚོགས་སྡེ་ཁག་ལ་དག་སྣང་དང་དད་པའི་ངོས་ནས་བལྟ་མི་ཤེས། ཨ་ལ་ཀུ་རེ་ཡིན། བསམ་ཚུལ་གསུངས་པར་དགའ་བྱུང་། ཐུགས་རྗེ་ཆེ།

    Reply
  2. སྣང་རྒྱལ་ཤེར་དགེ says:
    ལོ་ 15 སྔོན།

    མཁྱེན་ལྡན་མ་བདེ་ཆེན་སྒྲོལ་མ་ལགས། ཕྲན་གྱིས་གོང་དུ་བཤད་པ་དེ་དག་སྣང་མེད་ཀྱིས་བཤད་པ་མིན་ལ་བཤད་ཀྱང་མི་སྤོབས། ༸གོང་ས་མཆོག་གི་རྒྱབ་ཏུ་བཀའ་ཤག་དུས་ནམ་ཡང་ཀ་ལང་ལང་རེད་ཟེར་བ་དེར་ཁོ་བོས་རྩོམ་ཡིག་འདིའི་ནང་དུའང་མངོན་གསལ་ཆེ་བའི་ཤུགས་བསྟན་གྱི་དགག་པ་བརྒྱབ་ཡོད། དེ་ཡང་ཡིན་ཏེ། ༸གོང་ས་མཆོག་གིས་རང་ཉིད་བགྲེས་ཡོལ་དུ་བཞུགས་རྒྱུར་དུས་ཚོད་དང་འཕྲལ་ཕུགས་མང་པོའི་ཐོག་ནས་དགེ་མཚན་ཆེན་པོ་ཡོད་པའི་ཚུལ་ལོ་རྒྱུས་དང་རྒྱུ་མཚན་མང་པོ་བགྲང་སྟེ་བཀའ་གནང་ཡོད་ཀྱང་། དེར་བཀའ་ཤག་གི་ངོས་ནས་བགྲེས་ཡོལ་དུ་བཞུགས་ན་སྐྱོན་འདི་དང་འདིའོ་ཞེས་ཞུ་ཡིག་ཕུལ་བ་རེད། ༸གོང་ས་མཆོག་གི་བཀའ་གསུང་མ་གོ་བར་ཞུ་ཡིག་ཕུལ་བ་རེད་དམ་གོ་ནའང་འདོད་མོས་མ་བྱུང་བར་ཕུལ་བ་རེད། ༸གོང་ས་མཆོག་གི་ཕུགས་རྒྱང་རིང་པོའི་དམིགས་འདུན་དང་དགོངས་གཞིའི་གལ་ཆེན་རང་བཞིན་སོགས་བཀའ་ཤག་གིས་གསལ་གསལ་ཐིང་ཐིང་དུ་ཧ་གོ་ནའང་་ཨུ་ཚུགས་མཐའ་སྐྱེལ་གྱིས་ཞུ་ཡིག་ཕུལ་བ་རེད། དེར་བརྟེན་ཕྲན་གྱིས་དེ་ཁ་སེམས་མི་མཐུན་པའི་སྐད་ཆ་རེད་ཅེས་བཤད་པ་ལགས།

    Reply
  3. བདེ་ཆེན་སྒྲོལ་མ། says:
    ལོ་ 15 སྔོན།

    བཀུར་འོས་དགེ་བཤེས་ཤེས་དགེ་ལགས།
    སྐུ་ཉིད་ནས་རང་གི་ལས་བྲེལ་སོགས་ཀྱི་ཚེགས་ལ་མ་འཛེམ་པར་ཕྲན་པའི་བསམ་ཚུལ་ལ་ལན་སྤྲད་གནང་བར་ཐུགས་རྗེ་ཆེ་ཞུ། བསམ་ཚུལ་མཐུན་དང་མི་མཐུན་ཟེར་བ་ནི་ཕྱོགས་ངོས་གཞན་ཞིག་རེད་ལ། ཕན་ཚུན་ལ་བསམ་ཚུལ་བརྗེ་རེས་བྱེད་པ་ནི་ཆེས་ཧ་ཅང་དགའ་བར་འོས་པའི་དོན་དག་རྩ་ཆེན་ཞིག་ཅི་ལ་མིན། ཕྲན་པས་སྐུ་ཉིད་ཀྱི་དགོངས་ཚུལ་ལ་རྗེས་སུ་ཡིད་རང་དང་བཀའ་དྲིན་ཆེ་ཞུ་བཞིན་ཡོད།

    གཞན། སྐུ་ཉིད་ཀྱིས་བཀའ་ཤག་གི་དགོངས་ཚུལ་དེ་ཁོ་བོས་ན་ཚོད་མ་སྨིན་པའི་གཏམ་རེད་ཟེར་ན་མི་འགྲིག་ནའང་ཐང་མོད། ཅི་བྱས་ཀྱང་ཁ་སེམས་མཐུན་པའི་གཏམ་ཞིག་གཏན་ནས་མ་རེད་སོགས་བཀོད་འདུག་པ་ནི་ཅུང་ཐལ་དྲགས་པར་མཐོང་སོང་བས། མ་འོངས་པར་བསམ་གཞིག་ནན་ཏུར་མེད་ཚེ་དེ་དོན་སྣང་མེད་ལྟ་བུའི་མི་གླེང་བར་ཞུ།

    འཛིན་སྐྱོང་བཀའ་ཤག་གི་ངོས་ནས་བཤད་ན། དུས་ནམ་ཡང་༧གོང་ས་མཆོག་གི་རྗེས་སུ་ཀ་ལང་ལང་ཡིན་པ་ནམ་དུས་རྒྱུན་གྱི་ལས་ལ་དབྱེ་ཞིབ་ཅུང་ཟད་བྱས་ན་ཤེས་སླ་བར་ཡང་འདོད་དོ།། དུས་བྲེལ་གྱི་དབང་གིས་དེ་རིང་འདི་ཙམ་ཡིན།

    Reply
  4. ལྷ་ཐོག་ཟླ་ཞུན། says:
    ལོ་ 15 སྔོན།

    འབའ་སྲས་ལགས་ཀྱིས་གསུང་པར་རྒྱུ་མཚན་ཕྲན་བུ་འདུག ཡིན་ན་ཡང་། མི་མང་འདི་ལྟར་ཕྱོགས་གཅིག་ལ་གཙང་ཆེན་བཞིན་ཡོ་བའི་ཁ་སྔོན་ལ། ཐད་ཀར་ལངས་ཕོད་མཁན་དཀོན་པོ་རེད་ལ། གལ་སྲིད་ལངས་བའི་དབང་དུ་བཏང་ཡང་། དེ་ལ་ང་ཚོས་དོ་སྣང་སྤྲད་ཐུབ་བམ། གོ་བ་ལོན་ཐུབ་བམ། དེའི་ཕྱིར། བསམ་ཚུལ་འདི་རིགས་སྔོན་ནས་བཤད་མཁན་མེད་པ་ཡིན་ནམ། ཡང་ན་ང་ཚོའི་དོ་སྣང་གི་མ་འདང་བ་ཡིན་བལྟ་རྒྱུ་ཡོད་པ་རེད་སྙམ་མོ།།

    Reply
  5. འབའ་སྲས། says:
    ལོ་ 15 སྔོན།

    ༧གོང་ས་ཆོག་གི་ཞེས་པར་མཆོག་གིས་ཞེས་དག་བཅོས་བྱེད་རོགས།

    Reply
  6. འབའ་སྲས། says:
    ལོ་ 15 སྔོན།

    མི་མང་ལ་ཁ་མང་གི། ཁ་རེ་རེ་ནང་ནས་རྒྱུ་མཚན་རེ་བཤད་ཡོང་གི་འདུག ངོ་མ་བཤད་ན་རྒྱུ་མཚན་ལྡན་པའི་སྐད་ཆ་འདི་རིགས་ལོ་གཅིག་གཉིས་ཤིག་གི་གོང་ནས་བཤད་ཡོད་ན་རིན་ཐང་ལྡན། ༧གོང་ས་ཆོག་གི་ཐག་བཅད་གནང་པའི་རྗེས་དེ་ཡིན་པའི་ཡིན་རབས་བཤད་ན་དེ་ཙམ་ཞིག་རེད། ༧གལ་སྲིད་༧ གོང་ས་མཆོག་གིས་ངའི་སྐུ་ཚེ་མཐའ་བར་དུ་བོད་ཀྱི་ཆོས་སྲིད་གཉིས་འགན་འཁུར་གི་ཡིན། འདི་ངའི་ལས་འགན་རེད། འགན་མ་འཁུར་ན་འགྲིག་གི་མ་རེད། ལོ་རྒྱུས་ཆ་ནས། གནས་སྟངས་ཀྱི་ཆ་གང་ལ་བལྟས་ཀྱང་ངས་འགན་འདི་མ་འཁུར་ན་འགྲིག་གི་མི་འདུག་ཅེས་གསུངས་ན། ཡང་ཚང་མས་དེ་ཡིན་པའི་ཡིན་ལུགས་བརྒྱ་ཡི་སྒང་ལ་སྟོང་འབྲི་རྒྱུ་རེད། འདི་ཐག་ཚང་མ་རང་ཉིད་ཀྱི་སེམས་ཁོང་གི་སྐད་ཆ་མིན་པར། བལྟས་འཇོག་གི་སྐད་ཆ་རྐྱང་རེད། དེ་ཙམ་ཡིན།

    Reply
  7. ཀར་འགྱུར says:
    ལོ་ 15 སྔོན།

    ཐུགས་རྗེ་ཆེ་ཞུ་ཡག་པོ་ཞི་གྲགས་འདུག་ཡང་ཡང་བྲིས་རོག་གནང་ཞུ

    Reply
  8. དབྱངས་ཅན་སྒྲོལ་མ། says:
    ལོ་ 15 སྔོན།

    ཁྱེད་ཀྱི་གསུང་བ་དེ་༧གོང་ས་མཆོག་གི་དགོངས་གཞི་དང་མཐུན་གི
    ཧ་ལས་པའི་ཡག་པོ་ཞིག་བྲིས་འདུག་ཐུགས་རྗེ་ཆེ། ཕ་བཟང་བུ་འགོ་ཚོས་འདུག་དེ་འདྲ་ཞིག་རེད་འདུག་མུ་མཐུད་དུ་འབྲིས་དང་རྒྱབ་སྐྱོར་ཡོད།

    Reply
  9. བཛྲ་སུ་མ་ཏི། says:
    ལོ་ 15 སྔོན།

    འདི་ལྟར་བསམ་ཚུལ་བརྗོད་ན་དངོས་གནས་ཡག་པོ་འདུག་ཡ། ཁ་ཤས་ཞིག་ནས་ཁྱོལ་མེད་པའི་སྐད་ཆ་རྐྱང་རྐྱང་བཤད་ཀྱི་འདུག ད་ང་རང་ཚོས་ཕྱོགས་གང་ཐད་ནས་འགན་རང་འཁུར་བྱེད་དགོས། ཆུང་ས་རང་ཉིད་ནས་འགོ་འཛུགས་དགོས་རང་ལ་སྦྱིན་བདག་ཡོད་ན་དེ་ཡང་དེ་རིང་ནས་མཚམས་འཇོག་དགོས། དཀའ་ངལ་ག་ཚོད་ཕྲལ་ཀྱང་གདོང་ལེན་གནང་དགོས་སྙམ།

    Reply
  10. བྱ་གཞུང་འཇམ་དབྱངས། says:
    ལོ་ 15 སྔོན།

    དོན་དངོས་ཀྱི་མྱི་སྐད་རེ་བྱེད་རྒྱུ་གལ་རེད།

    Reply
  11. ལྷ་ཐོག་ཟླ་ཞུན། says:
    ལོ་ 15 སྔོན།

    སྐབས་དོན་བོར་ཅིང་།སྤྱི་པའི་མདུན་ལྗོངས་ལ་འགན་ཁུར་མེད་པའི་སྐད་ཆ་དེ་རིག་ལ་།རྒྱབ་ལྗོངས་ངེས་ཅན་རེ་ཡོད་ངེས་པས་ར་འཕྲོད་མིན་ཇི་ལྟར་ཡང་།གསལ་བཤད་ཡག་པོ་འདི་འདྲ་གནང་བར་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད་།

    Reply
  12. གནས་ཚང་། says:
    ལོ་ 15 སྔོན།

    དེ་ག་རང་ཡིན། རྣམ་དཔྱོད་རྒྱལ་ལོ།

    Reply
  13. ཨ་ཕོ་མཐུ་ཆེན། says:
    ལོ་ 15 སྔོན།

    ༧གོང་ས་མཆོག་གིས་འདི་ལྟར་ཕུགས་རྒྱང་གི་གནས་ལུགས་གཟིགས་པའི་བགྲེས་ཡོལ་མི་བཞེས་པར་གློ་བུར་དགོངས་པ་ཞི་དབྱིངས་སུ་གཤེགས་ན་དངོས་གནས་བློ་ཡུལ་དུ་མི་གཤོངས་བའི་དཀའ་ངལ་ཞིག་འཕྲད་ངེས་ལ། སྐབས་དེར་མང་པོ་ཞིག་གིས་སྲིད་དབང་གཅིག་བསྡུས་གནང་བའི་ལེ་ཁག་ཀྱང་མི་འགེལ་བའི་ངེས་པ་མེད། དེར་བརྟེན་རང་འགན་རང་གིས་འཁྱེར་བའི་དུས་ལ་བབས་ཡོད་ལ་གཡས་ཁག་གཡོན་དཀྲིས་བྱེད་པའི་དུས་ཀྱང་མིན་པས་རྕོམ་ཡིག་འདིར་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད།

    Reply
  14. གླང་དར་མ། says:
    ལོ་ 15 སྔོན།

    སྣང་རྒྱལ་ཤེས་དགེ་ལགས་ཀྱི་དོན་དངོས་དང་འབྲེལ་བའི་བཀའ་མོལ་གསུང་འདུག་རྒྱབ་སྐྱོར་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

    Reply
  15. གངས་སྤྲེལ་ཚ། says:
    ལོ་ 15 སྔོན།

    ཡག་པོ་བྲིས་འདུག་དངོས་ནས་རེད། བཀའ་ཤག་ལ་མངོན་གསལ་མེད་པའི་སྐད་ཆ་མང་པོ་རེད།
    ཐེར་འདོན་བྱེད་རྒྱུ་གལ་ཆེན་རེད། མང་་གཙོ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese