མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ད་ལྟའི་འཇིག་རྟེན་འདི་ཚོང་པའི་འཇིག་རྟེན་རེད།

བོད་ཀྱི་དུས་བབ།
༢༠༡༡/༠༤/༠༥
Share on FacebookShare on TwitterShare on EmailShare on Whatsapp

དེང་སང་སྤྱི་ཚོགས་དང་ཆབ་སྲིད་ཀྱི་གནས་བབ་གང་ཡང་ལྷག་མེད་ལ། དམག་ཤུགས་གནས་བབ་ཀྱང་དེ་ཙམ་གལ་ཆེན་མིན་པར། གལ་ཆེ་ཤོས་དཔལ་འབྱོར་དང་ཁྲོམ་རའི་གནས་བབ་རེད། ཅེས་ཟམ་གདོང་རིན་པོ་ཆེས་གསུངས་ཡོད།

བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་གོ་སྒྲིག་འོག ཁ་སང་ཕྱི་ཚེས་ ༤ ཉིན་གངས་སྐྱིོད་སྤྱི་ཐབ་ཚོགས་ཁང་དུ། བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐེངས་ལྔ་པ་དེ་ཚོགས་ཡོད་ཅིང་། ཚོགས་འདུའི་མཛད་སྒོར་བོད་གཞུང་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་གཙོས་བཀའ་བློན་ཕྱག་རོགས་དང་སྤྱི་འཐུས་ཚོགས་གཞོན། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ། དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ཚོགས་མི་བཅས་ཁྱོན་ ༡༠༠ ཙམ་འདུ་འཛོམས་བྱུང་ཡོད་ལ། དེ་རིང་ཕྱི་ཚེས་ ༥ ཉིན་ཚོང་ལས་བདེ་ཚོགས་ཀྱི་རྒྱུན་ལས་གསར་འདེམས་གནང་རྒྱུ་ཡིན་འདུག

ཐོག་མར་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ཚོགས་གཙོ་བསོད་ནམས་སྟོབས་རྒྱལ་ལགས་ཀྱིས་ལས་སྡོམ་སྙན་སྒྲོན་ཞུས་དོན། ད་ལྟ་བོད་མིའི་ཚོང་ལས་ཚོགས་པའི་གནས་སྟངས་ཡར་རྒྱས་སོང་སྟེ་ཚོགས་མི ༡༢༥ ཙམ་ཡོད་ཅིང་།  ཚོགས་པའི་དམིགས་ཡུལ་ནི། ཚོགས་པ་འདི་སྲ་བརྟན་ཆགས་ཏེ་རང་མགོ་རང་ཐོན་ཡོང་རྒྱུ་དེ་ཡིན། བོད་པའི་ཚོང་པ་རྣམས་རྒྱལ་སྤྱིའི་ཚོང་ལས་སྡེ་ཚན་ཁག་ཏུ་འཛུལ་ཞུགས་བྱས་ན་ཁེ་ཕན་ཆེ་སྟབས། ང་ཚོས་ཧྥ་རན་སིའི་ཚོང་ལས་ཚོགས་པ་དང་། སི་ཕན་ཚོང་ལས་ཚོགས་པ། ཡུ་རོབ་ཚོང་ལས་ཚོགས་པ་བཅས་སུ་འབྲེལ་བ་བྱས་ཏེ་མཉམ་འབྲེལ་བྱ་ཐུབ་བྱུང་ཡོད། ཚོང་དོན་འབྲེལ་ལམ་འདི་བརྒྱུད་ང་ཚོའི་ངོས་ནས་ཚོང་པ་གཞན་དང་མི་འདྲ་བར་བོད་རིགས་ཚོང་པའི་བཟང་སྤྱོད་ཀྱི་རིན་ཐང་སྟོན་རྒྱུ་ཡིན། ཞེས་བརྗོད་བྱུང་།

སྐུ་བགྲོན་གཙོ་བོ་༧ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུང་དོན། བོད་པའི་ཚོང་ལས་བདེ་ཚོགས་སྐྱབས་བཅོལ་སྤྱི་ཚོགས་ནང་འཛུགས་ཐུབ་པ་དེ། ཚོང་ལས་ཙམ་མིན་པར་སྤྱི་ཚོགས་དང་ཆབ་སྲིད་གཉིས་ཀའི་ཐོག་གལ་ཆེན་ཞིག་ཆགས་ཡོད་ལ། མ་འོངས་པར་ཡང་ཇི་སྲིད་ང་ཚོ་བཙན་བྱོལ་དུ་གནས་པའི་རིང་། ཚོགས་པ་འདིའི་རིགས་བརྟན་པོར་གནས་ཐུབ་རྒྱུ་འབད་བརྩོན་གནང་དགོས། དཔལ་འབྱོར་དོ་དམ་པས་གསུངས་པ་བཞིན། རྒྱུན་ལས་ཡག་པོ་གདམ་རྒྱུ་དང་བདམས་ཐོན་བྱུང་བའི་རྒྱུན་ལས་ཚོས་ཀྱང་། སོ་སོའི་ཚོང་ལས་དང་རང་དོན་འཐུས་ཤོར་དུ་འགྲོ་བཞིན་ཡོད་ནའང་། སྤྱི་དོན་ལ་ལྷག་བསམ་གྱི་ཐོིག་ཕྱག་ལས་གནང་རྒྱུ་གལ་ཆེན་རེད། ད་ལྟའི་འཇིག་རྟེན་འདི་ཚོང་པའི་འཇིག་རྟེན་ཞིག་ཆགས་ཡོད་དུས།  དཔལ་འབྱོར་དང་ཚོང་གི་ལས་དོན་དེ། ཆབ་སྲིད་དང་སྤྱི་ཚོགས་ལ་འགྱུར་བ་གཏོང་མཁན་གྱི་རྒྱུ་རྐྱེན་ཆགས་ཡོད། ཅེས་གསུངས་བྱུང་།

ཟམ་གདོང་རིན་པོ་ཆེས་ཁོང་གིས་དེང་རབས་ཚོང་ལས་ལ་འཛིན་པའི་ལྟ་ཚུལ་སྐོར་ལ། ང་ལ་མཚོན་ན། ཚོང་པའི་ལྷན་ཚོགས་ནང་ཆ་ཤས་ལེན་པ་དང་གཏམ་བཤད་སྤེལ་རྒྱུར་འོས་བབ་ཡོད་མཁན་ཞིག་མ་རེད། གང་ཡིན་ཟེར་ན། ང་རང་སྒེར་གྱི་ལྟ་གྲུབ་ཐོག་བལྟས་ན། དེང་རབས་དངུལ་གྱི་མ་རྩའི་ཐོག་ནས་ཚོང་རྒྱག་མཁན་ཚོར་ངོ་རྒོལ་བྱེད་མཁན་གྲས་ཡིན། འཇིག་རྟེན་འདི་ཆུད་ཟོས་སུ་གཏོང་མཁན་ནི། ཐོག་མ་དངུལ་དང་དེ་ནས་དངུལ་ལ་བརྟེན་པའི་ཚོང་། མཐའ་མ་དངུལ་གྱི་ཚོང་དེ་བསམ་བློའི་ནང་རྣམ་རྟོག་གི་སྤྲུལ་བ་ཞིག་གི་ཐོག་བརྒྱབ་པ་མ་གཏོགས། སོ་སོའི་ཁུག་མའི་ནང་དངུལ་གྱི་མ་རྩ་མེད་ནའང་། ཚོང་ལས་བྱ་ཐུབ་པའི་མ་རྐང་ཉོ་ཚོང་ཐོག་འཚོང་རྒྱག་རྒྱུ་དེ་སྤྱི་ཚོགས་འཕྲོ་བརླག་ཏུ་གཏོང་བ་དང་། སྤྱི་ཚོགས་ནང་དབུལ་ཕྱུག་ཆ་མ་སྙོམས་པའི་གཞི་རྩ་ཞིག་ཏུ་མཐོང་བསྡད་ཡོད། ཅེས་གསུངས།

བོད་ཀྱི་ཚོང་པ་ཚོས་རྒྱལ་སྤྱིའི་ཚོང་དོན་གྱི་འགྲོ་ལུགས་དང་བསྟུན་དགོས་པའི་ཐད་ལ། དེང་སང་སྤྱི་ཚོགས་དང་ཆབ་སྲིད་ཀྱི་གནས་བབ་གང་ཡང་ལྷག་མེད་ལ། དམག་ཤུགས་གནས་བབ་ཀྱང་དེ་ཙམ་གལ་ཆེན་མིན་པར། གལ་ཆེ་ཤོས་དཔལ་འབྱོར་དང་ཁྲོམ་རའི་གནས་བབ་རེད། ཅི་ཙམ་གྱིས་བག་མེད་ལོངས་སྤྱོད་ཐུབ་པ་དང་ཁྲོམ་ར་བསྐྲུན་ཐུབ་ན། རང་ཉིད་རྒྱལ་སྤྱིའི་སྟེང་ནུས་པ་དང་སྟོབས་ཤུགས་ལྡན་པ་ཞིག་ཆགས་ཐུབ་ཀྱི་རེད། རྒྱལ་སྤྱིའི་སྤྱི་ཚོགས་དང་ཆབ་སྲིད་ཀྱི་ལམ་ཁ་དེར་ཁ་ལོ་བསྒྱུར་ཐུབ་པའི་གནས་བབ་ཅིག་ཏུ་བསླེབ་སྐབས། ང་ཚོའི་འབོད་སྒྲ་དེ་ཚང་མས་གོ་ཐུབ་དགོས་ན། ང་ཚོས་ཀྱང་མ་རྩ་རིང་ལུགས་ཀྱི་ཚོང་བ་ཚོར་རྣམ་འགྱུར་ཞིག་སྟོན་དགོས་རྒྱུ་ལས། རྣམ་འགྱུར་གཞན་ཞིག་ཐོག་འགྲོ་རྒྱུའི་ལམ་ཁ་གང་ཡང་མེད། ཅེས་གསུངས།

བོད་པའི་ཚོང་ལས་ཁྲིམས་མཐུན་ཡོང་ཐབས་སྐོར་ལ། ང་རང་གི་ངོས་ནས་བཙོན་བྱོལ་བོད་མིའི་ཚོང་པའི་བདེ་དོན་ལྷན་ཚོགས་འདི། སྤྱི་ཚོགས་དང་ཆབ་སྲིད་གཉིས་ཀའི་ཐོག་དོན་ཕན་ཆེན་པོ་བསྒྲུབ་རྒྱུར་ནུས་པ་ཡོད་པའི་སྒྲིག་འཛུགས་ཤིག་དང་། མ་འོངས་པར་ནུས་པ་ཆེ་རུ་འགྲོ་རྒྱུའི་རེ་བའི་འབྱུང་ཁུངས་ཤིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་སྟབས། སྒྲིག་འཛུགས་འདི་རྒྱུན་གནས་དང་ཡར་རྒྱས་འགྲོ་དགོས་པ་གལ་ཆེན་རེད། སྒྲིག་འཛུགས་རྒྱུན་གནས་དང་ཡར་རྒྱས་ཀྱི་ཆ་རྐྱེན་ནི། གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་དང་མཐུན་པ་དང་། ཕྱི་གསལ་ནང་གསལ་ཡོད་པ། འགན་འཁུར་ཐུབ་པའི་ལས་ཀ་བྱེད་རྒྱུ་བཅས་རེད། དེབ་སྐྱེལ་ཡིག་ཆ་དེ་ཚོ་ཡང་བསྐྱར་བཅོས་ཁྲིམས་མཐུན་བཟོ་རྒྱུ་དང་གཞུང་གི་འབབ་ཁྲལ་དང་རྩིས་ཞིབ་ཀྱི་ཡིག་ཆ་གཙང་བཟོ་དགོས་པ་གལ་ཆེན་རེད། དེ་མིན། རྒྱ་གར་ནང་དཔལ་འབྱོར་གྱི་ལས་ཀ་བྱ་དགོས་བྱུང་ན། ཕྱི་དངོས་ནང་འདྲེན་དང་ཕྱི་ཟོག་ནང་འདྲེན་བྱ་རྒྱུའི་ལམ་ཁ་ཞིག་མེད་ན། ས་གནས་རང་དུ་ཚོང་ལས་གཉེར་རྒྱུ་ཅུང་ཁག་པོ་ཡོད། ཅེས་གསུངས་བྱུང་།  

བོད་རིགས་ཚོང་པའི་ཀུན་སྤྱོད་ཀྱི་གལ་ཆེའི་རང་བཞིན་སྐོར་ལ། ཁྱོད་ཚོས་ཚོང་པའི་བདེ་ཚོགས་གཞན་ལ་འབྲེལ་བ་བྱེད་སྐབས། བོད་ཀྱི་ཚོང་པའི་མ་འཛུགས་དང་པོ་དེ་ཚོང་པའི་བཟང་སྤྱོད་སྐོར་ཡིན་གསུངས་པ་དེ་དགའ་འོས་པ་ཞིག་རེད། ཚོང་བ་དང་བཟོ་བ་གང་ཡིན་རུང་། གཞི་རིམ་གྱི་བཟང་སྤྱོད་ཅིག་མེད་ན། ཕུགས་བརྟན་པོ་ཞིག་ཡོང་ཐབས་ཡོད་པ་མ་རེད། རྒྱ་དཀར་ནག་གཉིས་རྒྱལ་སྤྱིའི་སྟེང་དཔལ་འབྱོར་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཅིག་ཡིན་པར་མ་ཟད། འབྱུང་འགྱུར་དཔལ་འབྱོར་གྱི་སྟོབས་ཆེན་རྒྱལ་ཁབ་ཅིག་ཆགས་རྒྱུར་རྒྱུ་རྐྱེན་ཚང་ཡོད། ཡིན་ནའང་། དེ་གཉིས་ལ་འགོག་རྐྱེན་ཞིག་འཕྲད་ཡོད་པ་ནི། དཔལ་འབྱོར་འདུ་འགོད་བྱེད་མཁན་ཚོར་ཚོང་པའི་བཟང་སྤྱོད་ཀྱི་མ་འདང་པར། ལྐོག་ཟ་རུལ་སུངས་དང་ལྟག་སྒོ་བརྒྱུད་པ། དེ་བཞིན་ཚོང་ལས་ཐོག་ཚད་ལས་བརྒལ་བའི་ཁེ་བཟང་བླངས་པའི་སྟབས་ཀྱིས་གནས་སྟངས་དེའི་རིགས་འབྱུང་བཞིན་ཡོད། ཅེས་གསུངས་སོང་།

                                                                                                             གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་བོད་དོན་གླེང་སློང་ངེས་པར་དུ་གནང་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༡༠
བསམ་ཚུལ།

བོད་ཀྱི་དཔའ་རྒོད་རང་བཙན་བློ་དགའ་ལས་འཕྲོས་པའི་རྗེས་དྲན།

༢༠༢༦/༠༧/༡༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

༢༠༢༦/༠༧/༠༩
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

༢༠༢༦/༠༧/༠༩
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

༢༠༢༦/༠༧/༠༩
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

༢༠༢༦/༠༧/༠༩

མཆན། 4

  1. མངའ་རིས་བུ། says:
    ལོ་ 15 སྔོན།

    བཀའ་ཁྲི་ལགས།
    ད་ལྟའི་འཇིག་རྟེན་འདི་ཚོང་གི་འཇིག་རྟེན་ཞིག་ཡིན་ན།
    བཙན་བྱོལ་བོད་གཞུང་ཡང་དེ་དང་མཉམ་དུ་བཞུགས་ཐབས་ཤིག་མི་དགོས་སམ།
    ལོ་ཤས་སྔོན་ནས་ཁྱེད་ཀྱིས་བཙན་བྱོལ་གཞུང་གི་ཚོང་རིགས་ཐམས་ཅད་སྒོ་ཐེལ་རྒྱབ་ནས་བཅམ་འཇོག་བྱས་པ་རེད།
    དེ་ལྟར་ན་ང་ཚོ་ཡང་འཇིག་རྟེན་འདི་ཡི་རྒྱལ་ཁབ་དང་མཉམད་དུ་འགྲོ་མི་དགོས་སམ།
    དུས་རབས་ཀྱི་རྗེས་ལུས་ཡིན་ནམ།

    Reply
  2. ཤར་ཕྱོགས་ཁུག་རྟ། says:
    ལོ་ 15 སྔོན།

    ཨ་རོ་ཁྱེད་ཀྱིས་གསར་འགྱུར་བྲིས་དང་ན། ངས་ཡིན་གཅིག་མིན་གཅིག་ལྟ་དགོས་ཀྱི་འདུག གལ་སྲིད་སྐུ་ཞབས་ཞོགས་དུང་ཟེར་བ་ཞིག་མེད་ནའང་། གཅན་ཀླད་དམར་ཁྱེད་རེ་བ་ཞིག་ཡོད་ན་ཐང་ཀི། ཧཧཧཧཧ
    ཁྱེད་ཀྱིས་རིན་པོ་ཆེའི་གསུང་བཤད་ཀྱི་གནད་འགག་དེ་འཇུས་འདུག འདི་ལྟར་ཕྱིན་དུས

    Reply
  3. དབྱངས་ཅན་སྒྲོལ་མ། says:
    ལོ་ 15 སྔོན།

    ད་ལྟའི་འཇིགས་རྟེན་འདི་ཚོང་ཞིག་ཡིན་ན་ཤུན་ཏུ་ངེས་ཀྱང་བཟང་།
    སྤྱིར་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་གཉིས་ལས་བསམ་པའི་དཔལ་ཡོན་གཙོ་ཆེ་ན་ཡང་།
    ཕྱི་དངོས་པོའི་དཔལ་ཡོན་མེད་ན་འཇིགས་རྟེན་འདི་ཡར་རྒྱས་ལ་འགྲོ་ས་མ་རེད། ཆགས་བཞགས་ན་བལ་ཡུལ་རྒྱལ་ཁབ་ལྟ་བུའོ།

    Reply
  4. བྱ་གཞུང་འཇམ་དབྱངས། says:
    ལོ་ 15 སྔོན།

    འཇིག་རྟེན་འདི་ཆུད་ཟོས་སུ་གཏོང་མཁན་སྒོར་མོ་མ་རེད་ལ་སྒོར་མོ་ལ་བརྟེན་པའི་ཚོང་བ་དེ་ལས་ཀྱང་མ་རེད། འཇིག་རྟེན་འདིའི་འཚོ་རྟེན་གཙོ་བོ་སེམས་པའི་དཔལ་ཡོན་དང་དངོས་པའི་དཔལ་ཡོན་གཉིས་ལས་མ་འདས་བ་མ་ཡིན་ནམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese