མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ཚོས་གྲུབ་འབྲས་ལྡན་པའི་ལས་འགུལ་ཞིག་སྤེལ་དགོས་ཀྱི་འདུག

བོད་ཀྱི་དུས་བབ།
༢༠༡༡/༠༤/༠༧
Share on FacebookShare on TwitterShare on EmailShare on Whatsapp

ས་བྱི་ཞི་རྒོལ་ཆེན་མོའི་སྐབས་རྒྱལ་སྤྱིའི་གསར་འགོད་པའི་མདུན་སར་བོད་ནང་གི་གནས་སྟངས་དངོས་ངོ་སྤྲོད་གནང་མཁན་གྲས་གྲྭ་འཇམ་དབྱངས་སྦྱིན་པ་ལགས་འདས་གྲོངས་སུ་སོང་བར། གཞུང་འབྲེལ་མིན་པའི་ཚོགས་པ་ལྔས་གདོང་སེམས་མཉམ་སྐྱེ་ཡི་ལས་འགུལ་སྤེལ་ཡོད།

ཁ་སང་ཕྱི་ཚེས་ ༦ ཉིན་གྱི་ཕྱི་དྲོ་བོད་ཀྱི་དབུས་གཞོན་ནུ་ལྷན་ཚོགས་དང་དབུས་བུད་མེད་ལྷན་ཚོགས། བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་རྒྱལ་ཡོངས་མང་གཙོ་ཚོགས་བཅས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔའི་གོ་སྒྲིག་འོག ཉེ་ཆར་རྒྱ་ནག་གཞུང་གི་མནར་གཅོད་འོག་འདས་གྲོངས་སུ་ཕྱིན་པའི་བླ་བྲང་དགོན་པའི་གྲྭ་འཇམ་དབྱངས་སྦྱིན་པ་ལགས་དང་ཁོང་གི་ནང་མིར་གདུང་སེམས་མཉམ་སྐྱེ་མཚོན་པའི་མར་མེ་ཁྲོམ་སྐོར་ཞིག་གནང་སོང་།

སྐབས་དེར་མི་མང་ལ་གྲྭ་འཇམ་དབྱངས་སྦྱིན་པ་གཙོས་པའི་བླ་བྲང་དགོན་པའི་དགེ་འདུན་པ་རྣམས་ཀྱིས་རྒྱལ་སྤྱིའི་གསར་འགོད་པར་གནས་ཚུལ་བརྗོད་བཞིན་པའི་བརྙན་རིས་གཟིགས་འབུལ་ཞུས་ཤིང་། གྲྭ་འཇམ་དབྱངས་སྤྱིན་པ་ལགས་དང་མཉམ་དུ་རྒྱལ་སྤྱིའི་གསར་འགོད་པར་གནས་ཚུལ་རྗོད་མཁན་གྲས། ད་ཆར་ས་རཱ་མཐོ་སློབ་ནང་སློབ་གཉེར་གནང་བཞིན་པའི་གྲྭ་བློ་བཟང་རྒྱ་མཚོ་ལགས་ཀྱི་སྐབས་དེའི་གནས་སྟངས་སྐོར་ལ་གཏམ་བཤད་གནང་དོན། ༢༠༠༨ ལོའི་ཕྱི་ཟླ་ ༤ བའི་ཚེས་ ༩ ཉིན་བླ་བྲང་བཀྲ་ཤིས་འཁྱིལ་དུ་རྒྱལ་སྤྱིའི་གསར་འགོད་པ་འབྱོར་སྐབས། འཇམ་དབྱངས་རྒྱ་མཚོ་ལགས་དང་མཉམ་དུ་ང་ཚོ་ཡང་ཡོད། སྐབས་དེར་ང་ཚོ་མི་སྐོར་ཞིག་གིས་བོད་སྐད་ཀྱི་ལམ་ནས་གནས་ཚུལ་འགྲེལ་བཤད་བྱས་པ་ཡིན། འཇམ་དབྱངས་རྒྱ་མཚོ་ལགས་ཀྱིས་དབྱིན་སྐད་ཐོག་ངོ་སྤྲོད་གནང་བ་རེད། ང་ཚོས་རྒྱལ་སྤྱིའི་གསར་འགོད་པ་ཚོར་གང་ཐུབ་ཀྱིས་བོད་ནང་གི་དངོས་ཡོད་གནས་ཚུལ་བཤད་ཚར་མ་ཐག དགོན་པའི་ཚོགས་འཚོགས་ཡོད་སྟབས། ཉེན་རྟོག་པས་ལམ་སང་འཛིན་བཟུང་བྱས་ཐུབ་མ་སོང་། འོན་ཀྱང་། ཕྱིན་ཉིན་གནས་ཚུལ་མི་ལེགས་སྟབས་ང་ཚོ་བྲོས་བྱོལ་དུ་ཕྱིན་པ་ཡིན། ང་ཚོ་བྲོས་བྱོལ་བྱས་པའི་དགོང་མོ་དེ་རང་ལ་རྒྱ་དམག་འཇམ་དབྱངས་སྦྱིན་པ་ལགས་ཀྱི་གྲྭ་ཤག་ཏུ་འཛུལ་ཏེ་ཁོང་འཛིན་བཟུང་བྱས་འདུག བཙོན་ཁང་ནས་ལོ་ ༣ རིང་མནར་གཅོད་ཚད་མེད་བཏང་སྟེ། ཁོང་གི་རྐང་པ་བཅག་པ་དང་། མཁལ་མ་དང་ཀླད་པ་སྐྱོན་ཅན་དུ་བཏང་སྟེ་ཤི་གསོན་གྱི་མཚམས་ལ་ཐུག་སྐབས། ནང་མི་ལ་རྩིས་སྤྲོད་བྱས་འདུག ནང་མི་གཉེན་ཉེས་ཚོས་གང་ཐུབ་ཅི་ཡོང་གིས་སྨན་ཁང་ལ་ཁྲིད་དེ་སྨན་བཅོས་བྱས་ཀྱང་ཕན་སྐྱེད་མེད་པར་འདས་གྲོངས་སུ་སོང་བ་རེད། ཅེས་ངོ་སྤྲོད་གནང་སོང་།

ཡང་ཁོང་གིས་རོགས་པ་གཞན་དག་གི་གནས་སྟངས་སྐོར་བརྗོད་དོན། ཉེ་ཆར་འདས་གྲོངས་སུ་ཕྱིན་པའི་གྲྭ་སངས་རྒྱས་རྒྱ་མཚོ་ལགས་ཀྱི་གྲྭ་ཤག་ད་དུང་ཡང་ཉེན་རྟོག་པས་སྔོག་བཤེར་བྱེད་བཞིན་ཡོད་སྐོར་གོ་སོང་། ཐུབ་ཚོད་དང་ཁྱད་གསོད་མང་པོ་བྱེད་བཞིན་འདུག་ཟེར། དེ་བཞིན། ས་བྱི་ཞི་རྒོལ་ཆེན་མོའི་སྐབས་བླ་བྲང་ཡུལ་གྱི་ཞི་རྒོལ་གྱི་སྣེ་འཁྲིད་པ། ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པའི་གྲྭ་ཚུལ་ཁྲིམས་རྒྱ་མཚོ་དང་། ལོ་ ༡༥ ཁྲིམས་ཐག་བཅད་པའི་འཇམ་དབྱངས་ཐབས་མཁས། ལོ་ ༡༠ ཁྲིམས་ཐག་བཅད་ཡོད་པའི་སྐལ་བཟང་རྒྱ་མཚོ་སོགས་གཙོས་པའི་བོད་ཆོལ་ཁ་གསུམ་གྱི་རྒྱལ་གཅེས་པ་མང་པོ་ཞིག་སྐུ་རྒྱ་གཞུང་གིས་བཀྲོངས་ཟིན་ཡང་། ཁག་ཅིག་གིས་ད་དུང་ཡང་རྒྱ་ནག་གི་གདུག་རྩུབ་འོག་མནར་གཅོད་མྱོང་བཞིན་ཡོད། ཁོང་ཅག་གི་གནས་སྟངས་སེམས་ལ་ཉར་ཏེ། ང་ཚོས་གྲུབ་འབྲས་ལྡན་པའི་ལས་ཀ་ཞིག་དང་། གནད་ལ་འཁེལ་བའི་ལས་འགུལ་ཞིག་སྤེལ་དགོས་ཀྱི་འདུག ཅེས་བརྗོད་བྱུང་།

མཇུག་ཏུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་དོན་འགྲུབ་ལྷ་དར་ལགས་ཚོགས་པ་ལྔའི་ལས་འགུལ་གྱི་དམིགས་ཡུལ་སྐོར་ལ། རྒྱ་ནག་གཞུང་གིས་ཕྱི་ཟླ་ ༣ པའི་ཚེས་ ༢༨ ཉིན་ནས་བཟུང་བོད་ནང་ཞིང་བྲན་ཁྲི་ཚོ་བརྒྱ་བཅིངས་གྲོལ་བཏང་བའི་དུས་དྲན་སྲུང་གཙིའི་ལས་རིམ་ཞིག་འགྲོ་བཞིན་ཡོད་པ་དང་། ལས་རིམ་དེའི་སྐབས་སུ་ཀིརྟི་དགོན་པའི་གྲྭ་ཕུན་ཚོགས་ལགས་ཀྱི་རང་ལུ་མེར་བསྲེག་བཏང་སྟེ་སྐུ་སྲོག་གྲོངས་ཡོད། དེ་ནས་རྩིས་པའི་ཉིན་ ༢༢ ནང་རྒྱ་མིའི་མནར་གཅོད་འོག་རྒྱལ་གཅེས་པ་ ༣ ཡི་སྐུ་སྲོག་ཤོར་ཡོད་པ་མ་ཟད། ཉིན་དེ་དག་ནང་བསྡོམས་པའི་བོད་པའི་བདེན་དོན་འཐབ་རྩོད་པ་ ༡༤ འཛིན་བཟུང་བྱས་འདུག རྒྱ་ནག་གཞུང་གིས་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་གྲོལ་བཏང་སྟེ་བོད་མི་ཚོར་བདེ་སྐྱིད་ཡོད་པ་དང་རང་དབང་ཡོད་པའི་སྐྱག་རྫུན་བཤད་ཀྱིན་པ་དེ་ང་ཚོས་ཤེས་དགོས་པ་རེད།  ཅེས་དང་།

ཁོང་གིས་མུ་མཐུད་དོན། ༼དུས་རབས་ཀྱི་ང་།༽ཞེས་པའི་དུས་དེབ་ཀྱི་རྩོམ་སྒྲིག་པ་ཇོ་ལེབ་ཟླ་བ་ལགས་ལ་མཚོན་ན། ཁོང་བཟའ་ཟླར་ཕྲུ་གུ་བཙས་ཏེ་ཟླ་ལྔ་ལས་འགོར་མེད་པའི་སྐབས་སུ་འཛིན་བཟུང་བྱས་ཤིང་། ཉེ་ཆར་ཁོང་གི་བཟའ་ཟླ་ཚེ་རིང་སྐྱིད་ཀྱང་འཛིན་བཟུང་བྱས་འདུག ད་ཆར་ཤུལ་དུ་ལོ་གསུམ་ཅན་གྱི་ཕྲུ་གུ་ཞིག་དང་ཟླ་ལྔ་ལས་འགོར་མེད་པའི་བུ་མོ་ཞིག་བཅས་ལས་ལྷག་ཡོད་པ་མ་རེད། གྲྭ་འཇམ་དབྱངས་སྦྱིན་པ་ལགས་ལ་མཚོན་ནའང་། རྒྱ་ནག་གཞུང་གིས་ལོ་གསུམ་རིང་བཙོན་ཁང་ནས་མནར་གཅོད་ཚད་མེད་བཏང་སྟེ་ཁོང་གི་བཤང་གཅིར་ཡང་བདག་པོ་རྒྱག་དགོས་པའི་གནས་བབ་འོག་ནང་མིར་རྩིས་སྤྲོད་བྱས་པ་རེད། ཅེས་དང་། ཁོང་གིས། བོད་ནང་གི་བོད་མི་ཚོ་ད་ལྟའི་གནས་སྟངས་འདི་འདྲའི་འོག་འཚོ་དགོས་པ་དེ་སོ་སོའི་ལྟོ་གོས་དང་གོ་སའི་ཆེད་དུ་མིན་པར། བོད་མི་ས་ཡ་དྲུག་དང་བོད་རང་བཙན་སླར་གསོའི་ཆེད་དུ་ཡིན་སྟབས། ང་ཚོའི་བཙན་བྱོལ་ནང་གི་མགོ་ཁྲིད་དང་མང་ཚོགས་དཀྱུས་མ་ཡོངས་རྫོགས་ཀྱིས་ལས་འགུལ་འདྲ་མིན་སྤེལ་དགོས་པ་ཞིག་དང་འཐབ་རྩོད་ནང་མཉམ་ཞུགས་བྱ་དགོས་ཀྱི་འདུག ཅེས་རེ་འབོད་ཀྱང་ཞུས་སོང་།  

རྒྱལ་གཅེས་པ་གྲྭ་འཇམ་དབྱངས་སྦྱིན་པ་ལགས་ནི། ༡༩༧༦ ལོར་བླ་བྲང་བསང་ཁོག་སྟོད་མ་ནས་ཕ་བློ་བཟང་དང་མ་ཚེ་ལོ་གཉིས་ཀྱི་ཁྱིམ་དུ་སྐྱེས་ཤིང་། ཕ་ཡུལ་ནས་སློབ་ཆུང་ནས་སློབ་འབྲིང་བར་ཕྱིན་རྗེས་ ༡༩༩༣ ལོར་བཙན་བྱོལ་དུ་ཡོང་སྟེ་སུ་ཇཱ་བོད་ཁྱིམ་དུ་ལོ་གསུམ་རིང་དབྱིན་ཡིག་སློབ་སྦྱོང་བྱས། ༡༩༩༦ ལོར་ཕྱིར་བོད་ནང་ལོག་རྗེས་བླ་བྲང་དགོན་པའི་སྨན་པ་གྲྭ་ཚང་དུ་ཞུགས་ཏེ་དབྱིན་སྐད་སྣེ་ཤན་པའི་ཕྱག་ལས་གནང་། ༢༠༠༨ ལོར་རྒྱལ་སྤྱིའི་གསར་འགོད་པ་བླ་བྲང་དུ་ཡོང་སྐབས་བོད་ནང་གི་དངོས་ཡོད་གནས་སྟངས་ངོ་སྤྲོད་གནང་སྟབས། རྒྱ་གཞུང་གིས་འཛིན་བཟུང་བྱས་ཏེ་ལོ་གསུམ་རིང་མནར་གཅོད་བཏང་མཐར་ནང་མིར་རྩིས་སྤྲད་དེ། ཟླ་འདིའི་ཕྱི་ཚེས་ ༣ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༡༠ བའི་སྟེང་འདས་གྲོངས་སུ་ཕྱིན་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 7

  1. donglokyima says:
    ལོ་ 14 སྔོན།

    ཤར་ཕྱོགས་ཁུག་རྟ་ལགས། ཁྱེད་ནས་དེ་ལྟར་ཉམས་ཞིབ་དང་ས་གནས་མི་མང་ལ་ཤ་ཚ་བའི་གཏམ་བཏང་བར་བཀྲིན་ཆེ། ངས་ལྟས་ན་བུད་མེད་ཚོགས་པ་དང་སྡུར་ན་ས་གཞོན་ཚོའི་ཞལ་འདེབས་བསྡུ་བ་ཧ་ཅང་ཉུང་ཉུང་རེད། ས་གནས་བུད་མེད་ཚོས་ཚོགས་མི་རྗེ་པོ་རེ་བརྒྱབ་ན་ཞལ་འདེབས་རེད་བསྡུ་བའི་སྲོལ་ཞྀག་འཆིས། རྩ་དོན་ཐོག་གཞོན་ལྷན་ལྟར་རྔོ་ཐོག་པ་ཞྀག་བྱེད་མི་ཐུབ་པ་ཀུན་གྱིས་ཤེས་གསལ་རེད། ལྷག་པར་ལོ་ཤས་ནང་དོན་གྲུབ་ལྷ་དར་གྱི་དྲིན་ལས་བོད་ཀྱི་རིག་གཞུང་ཐད་ཤུགས་ཡག་པོ་བརྒྱབ་སོང། ཡིག་ཆ་མང་པོ་ཞིག་བོད་ཡིག་ནང་ཡོད་པ་བཟོས་སོང། དེ་ཚོར་རྗེས་སུ་ཡིད་རངས་ཡོད། རྩ་དོན་ཐད་ད་དུང་ཤུགས་རྒྱག་དགོས།

    Reply
  2. གཟི་མིག་༣པ says:
    ལོ་ 14 སྔོན།

    སྤྱིར་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཡོངས་ལ་བསྔགས་བརྗོད་ཡོད་འོན་ཀྱང་ལས་དོན་སྤེལ་སྐབས་མགོ་ལས་མཇུག་མ་རིང་བ་ཤིག་སྤེལ་ཐུབ་ན་ཡག་པོ་འདུག་བོད་ནང་ལ་བོ་མི་ཚོ་ཡང་ང་ཚོའི་་ངོས་ནས་ལས་འགུལ་ཆེན་པོ་དང་ཚག་ཚུས་པོ་སྤེལ་བའི་རེ་བ་བྱས་ནས་བསྡད་ཡོད་པས་ད་དངོས་ནས་དུས་ལ་བབ་འདུག་ དབྱར་དུས་ཀྱི་འབྲུག་སྒྲ་བཞིན་མིན་པར་སེང་གེ་ཁ་འབབ་ཀྱི་ཆུ་རྒྱུན་ལྟར་གྱི་ལས་འགུལ་ཞིག་སྤེལ་དགོས་པའི་དུས་ལ་ཟིན་འདུག་བོད་རྒྱལ་ལོ།

    Reply
  3. བྱ་གཞུང་འཇམ་དབྱངས། says:
    ལོ་ 14 སྔོན།

    ང་ཚོས་འདི་ནས་འདི་ལྟར་བྱེད་ན་་ཁ་ཡོད་ལག་ཡོད་ཀྱི་གྲུབ་འབྲས་ཤིག་ཐོན་མེད་ན་ཡང་ཤུགས་ལ་ནུས་བ་ཤིག་ཐོན་གྱིན་འདུག གང་ལྟར་ཁུལ་སིམ་པོར་མ་བསྡད་ན་ཡག

    Reply
  4. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    ཨ་རོ། གནས་ཚང་། ཁྱེད་ནས་ང་དང་གཞུང་འབྲེལ་མིན་པ་འདི་ཚོ་བསྡུར་ན་འགྲིག་ནས། ཁྱེད་ཀྱིས་མཐོང་ཡོད་ནི་རེད། གཞོན་ནུ་ལྷན་ཚོགས་དང་རྒྱལ་ཡོངས་མང་གཙོ་ཚོགས་པས་གཙོས་འདི་ཚོ་གཞིས་ཆགས་ཁག་ལ་ཞལ་འདེབས་སུ་ཕེབས་དང་ན། ཞལ་འདེབས་གང་བྱུང་དེབ་ལ་བཏོན་ནས་བཀྲམས་དང་ན། ང་འདྲ་བོ་རང་ང་རང་ང་འདར་སུག་ཤོར་གི་འདུག མ་གཞི་ནས། མར་མེ་ཁྲོམ་སྐོར་ཞིག་ཁྱེད་དང་འུ་གཉིས་ཀྱིས་ཀྱང་གོ་སྒྲིག་བྱེད་ཐུབ་ནི་རེད། རྒྱུ་མཚན་འདྲ་བོ་དེ་ཡིན་ཡ། ལོ་མང་པོའི་སྔོན་ནས་བཙན་བྱོལ་ནང་གི་ལས་འགུལ་འདི་མི་མང་གིས་སྤེལ་དང་ན་ཡག་གི་འདྲ་བོ་བཟོས་མྱོང་ང་། སྐབས་ཤིག་གཞོན་ནུས་གཞུང་ཚབ་ཁང་ལ་ངོ་རྒོལ་རྒྱག་སྐབས། གཞོན་ནུའི་ས་གནས་དྲུང་ཆེ་ཞིག་ཆེད་དུ་བཅར་བ་རེད། གཞན་ཚང་མ་གཞོན་ནུའི་ཚོགས་མི་མ་རེད། ཁོང་ཆེད་དུ་བཙོན་ཁང་དུ་བསྡད་པ་རེད། དེ་དུས་མང་ཆེ་བ་མི་མང་རེད། དེ་འདྲ་མང་པོ་རེད། ཡིན་ནའང་། གཞོན་ནུའི་ལས་འགུལ་སྤེལ་ཤག་གིས་གཏམ་གྲགས་དང་ཞལ་འདེབས་ཚང་མ་ཁོང་ཚོའི་རེད། ཆུང་ཆུང་ཞིག་ནས་ལྟོས་ན་གནས་ཚུལ་འདི་འདྲ་རེད།

    ང་ཆེས་ཉོབ་བསྡད་ས་ནི། གཞིས་ཆགས་ཁག་གི་མི་མང་ཚོར་ཞལ་འདེབས་ཀྱིས་མགོ་ཡར་འགྱོག་གི་མི་འཇུག་པ་དེ་ཡིན། དེ་ཞེ་དྲག་སྐྱོ་བོ་རེད། ཁོང་ཚོས་ག་རེ་བྱེད་ཀྱི་འདུག ཆེ་ས་ཞིག་ནས་མཛུབ་མོ་བཙུགས་དགོས་ན། ཅང་མི་འདུག་བསམ་སོང་། དེའི་རྐྱེན་འདི་དག་ཡོད་མེད་ཀྱི་ས་མཚམས་ལ་བསམ་བློ་འདྲ་ཞིག་འཁོར་ཡོང་གི ད་དུང་ང་ཚོས་ཞིབ་ཏུ་ལྟོས་ཆོག་གི་རེད། དེ་ཙམ་ཡིན། རྗེས་སུ་མོལ།

    Reply
  5. ཨ་མའི་བུ། says:
    ལོ་ 14 སྔོན།

    ཤར་ཕྱོགས་ཁུག་རྟ་ཟེར་བ་འདིས་སྤྱི་ཚོགས་དཀྲིགས་ཤིང་གི་ལས་གཞི་མཚམས་བཞག་ན་ཡག་གི་འདོད་བྱུང་། མུ་མཐུད་ནས་ནང་ཁུལ་འཁྲུག་གི་ལས་ཀ་མ་བྱས་ན་ཡག གཙོ་སོ་སོ་བསམ་བློ་ཐོངས། གལ་སྲིད་འདི་ལྟར་མུ་མཐུད་ནས་འགྲོ་འདོད་ན། གནས་ཚུལ་ཇི་བྱུང་གཞུག་ནས་ལྟས་ཆོག

    Reply
  6. གནས་ཚང་། says:
    ལོ་ 14 སྔོན།

    ཤར་ཕྱོགས་ཁུག་རྟ་ཟེར་མཁན་འདིས་ག་རེ་ལབ་ཀྱི་ཡོག་རེད། གདུང་སེམས་མཉམ་བསྐྱེད་ཅེས་པ་འདི་འདྲ་ཞིག་རེད་མ་གཏོགས་གཞན་གང་འདྲ་ཞིག་དགོས་ཀྱི་ཡོག་རེད། ཁྱོད་རང་གིས་རང་ལ་མཛུབ་མོ་ཚུགས་ནས་ཅིག་ལབ་དང་། རང་ཉིད་ནས་འདི་ལས་གཞན་ག་འཇོན་གྱི་འདུག་གམ།

    Reply
  7. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    སྐུ་ཞབས་མཆོག་གིས་ཉམས་མྱོང་རང་གི་བཀའ་མོལ་གནང་འདུག ཡིན་ནའང་། གཞུང་འབྲེལ་མིན་པའི་ཚོགས་པ་འདི་ཚོས། བོད་ནང་ནས་ལས་འགུལ་འདྲ་ཨེ་སྤེལ་སྒུག་ནས་སྡོད་དགོས་ན། དངོས་གནས་ལས་ཁུངས་ཀི་ཉི་མ་འཁྱོལ་གྱི་ཨེ་ཡོད། ལྷག་པར་ཏུ་གཞོན་ནུ་ལྷན་ཚོགས་འདིའི་ནང་འཁྲུག་དེང་སང་ཞི་འཇགས་སུ་སོང་ཚོད་ཀྱང་། ད་ཅང་ལས་རྒྱུ་མེད་ཀ། གལ་སྲིད་ཆབ་སྲིད་ལ་རྔོ་འདྲ་མི་ཐོག་ན། ཤེས་ཡོན་སྒང་ལ་ཞོན་དང་ན་དེས་མི་དགའ་འམ། གསོག་སྒར་སློབ་གྲྭ་དང་སུ་ཇ་སློབ་གྲྭའི་འཛིན་སྐྱོང་དང་སློབ་གསོ་བཅས་པ་ཡོངས་སུ་འགན་ཁུར་དང་ཐུབ་པ་ཡིན་ན། གང་ནས་མིན་རུང་ཅིག་ནས་ཅིག་ལྟ་ས་རེ་ལོས་ཡོད་བསམ་བསམ་ཞིག་འདུག་གཱ། དེ་ག་ཞིག་བསམ་ཚུལ་ཙམ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese