མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སློབ་གསོའི་ནང་དོན་གཞན་ལ་མ་བཤད།

བོད་ཀྱི་དུས་བབ།
༢༠༡༡/༠༤/༢༢
Share on FacebookShare on TwitterShare on EmailShare on Whatsapp

 

ཕྱི་ཚེས་ ༢༠ ཉིན་ཀིརྟི་དགོན་པའི་ནང་ཝུན་ཁྲན་རྫོང་དང་མོང་འན་རྫོང་། སྐ་ཁོག་རྫོང་། མཛོད་དགེ་རྫོང་། འབར་ཁམས་རྫོང་། རྔ་པ་རང་སྐྱོང་ཁུལ། རྔ་པ་རྫོང་བཅས་ཀྱི་ལས་བྱེད་པ་ ༨༠༠ ལྷག་བསླེབས་ཏེ། ཉིན་དེའི་སྔ་དྲོར་དགེ་འདུན་པ་རྣམས་འདུ་ཁང་གི་རྡོ་གཅལ་འོག་ཏུ་ཚོགས་བཅུགས་ཏེ། རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཟེར་བ་འཆར་ཅན་ལྟར་སྤེལ་བ་དང་། ཕྱི་དྲོར་ལས་བྱེད་པ་དང་དྲག་ཆས་དམག་མི། ཉེན་རྟོག་མི་སྣ་བཅས་བཅུ་སྐོར་རེ་མཉམ་དུ་གྲྭ་ཤག་རེ་རེ་བཞིན་ཉུལ་ནས་གྲྭ་པ་རྣམས་ལ་དྲི་བ་དྲིས་པ་དང་བསམ་ཚུལ་ཤོད་འཇུག་པ་སོགས་བྱས་ཤིང་། བློར་མ་བབ་པ་རེ་བྱུང་སྐབས་གང་བྱུང་དུ་གཅར་རྡུང་བྱེད་པ་དང་། རྭ་སྐོར་ནང་ནས་བསྡམས་བཀྱིག་གིས་ཡུན་རིང་བཞག་སྟེ། ནང་ལོགས་ཡོངས་རྫོགས་སྔོག་བཤེར་བྱས་པ་སོགས་བྱས་འདུག

ཕྱི་ཚེས་ ༡༩ ཉིན་རྒྱལ་གཅེས་ཆོས་ཀྱི་སློབ་གསོ་སྤེལ་མཁན་རྒྱ་གཞུང་གི་དཔོན་པོ་དེས་གྲྭ་པ་ཚོ་ལ་ཁྱེད་ཚོས་འགྲོ་ ཤེས་འདུག་ཤེས་མ་བྱས་ཚེ་སྐར་མ་གཅིག་གི་རིང་ཁྱེད་ཚོ་རྩ་མེད་བཟོ་རྒྱུའི་དབང་དང་སྟོབས་ང་ཚོར་ཡོད་ཚུལ་སོགས་བརྗོད་ནས་འཇིགས་སྐུལ་བྱས་ཡོད་འདུག ཆབ་སྲིད་སློབ་གསོ་སྤེལ་བའི་ནང་དོན་ཁག་ཕྱི་ཕྱོགས་སུ་བཤད་རྒྱུ་ཕར་ཞོགས་རང་གི་ཕ་མ་ལའང་གཏན་ནས་བཤད་མི་ཆོག་ཚུལ་བཙན་བསྒྲགས་བྱས་ཡོད་འདུག  

ཕྱི་ཚེས་ ༢༠ ཉིན་ཀིརྟིའི་དགོན་མཐའི་མ་ཎྀ་འཁོར་ཁང་ཁ་ཤས་བསྐྱར་དུ་སྒོ་ཕྱེས་ཏེ། མི་མང་ལ་སྐོར་བ་བྱེད་ས་ཡོད་པའི་རྣམ་འགྱུར་བསྟན་ཡོད་ཀྱང་། མི་མང་ཡོང་མཁན་མ་རག་སྟབས་མི་རེར་རྒྱ་སྒོར་ ༣༠ རེ་སྤྲད་དེ་འཁོར་ལོ་སྐོར་བཅུག་པ་དང་། དྲག་རྩུབ་ཀྱིས་འཁོར་ལོ་སྐོར་བཅུག་པ་སོགས་བྱས་ནས་པར་དང་བརྙན་པར་བླངས་ཡོད་འདུག

ཕྱི་ཚེས་ ༡༧ ཙམ་ནས་རྔ་པའི་འབྲོག་ཕྱོགས་ཀྱི་རྨེའུ་རུ་མ་དང་གཅའ་རུ་བ། ཕྱུགས་ལས་གོང་འོག རྭ་རུ་བ། ནག་ཚང་མ་སོགས་ཀྱི་རི་གྲོང་ཚང་མར་དམག་མི་མང་པོ་བསླེབས་ཡོད་པ་དང་། འབྲོག་པ་རྣམས་ཀྱི་རུ་བ་གར་ཡོད་སར་སོང་ནས་ཡི་གེ་ཞིག་ལ་ཞི་དྲག་སྣ་ཚོགས་ཀྱིས་མཛུབ་ཐེལ་རྒྱག་འཇུག་གི་ཡོད་ཀྱང་། འབྲོག་དམངས་ཚོར་ཡི་གེ་དེའི་ནང་དོན་ཅི་ཡིན་ཤེས་རྟོགས་བྱེད་ཅིག་མི་འདུག  

ཉིན་ཤས་སྔོན་རྨེའུ་རུ་མའི་རུ་ཆེན་བཞི་བའི་ཕ་ཨ་དགའ་དང་མ་རིག་ལི་གཉིས་ཀྱི་བུ་རང་ལོ་ ༢༤ ཡིན་པའི་ཀིརྟི་དགོན་གྱི་གྲྭ་ཚེ་རིང་ལགས་འཛིན་བཟུང་བཀག་ཉར་བྱས་ཡོད་ཀྱང་། ད་ལྟ་གང་དུ་ཡོད་མེད་ཀྱི་གནས་ཚུལ་གསལ་པོ་ཤེས་རྟོགས་ཐུབ་མི་འདུག  

ཕྱི་ཚེས་ ༡༩ ཉིན་དགོན་པའི་གླིང་ཡོངས་ལ་པར་ལེན་འཕྲུལ་ཆས་དང་སྒྲ་ལེན་འཕྲུལ་ཆས་མང་པོ་བཞག་སྟེ། གྲྭ་པ་རྣམས་ཀྱི་ཉིན་མཚན་དུས་དྲུག་གི་འགྲོ་འདུག་སྤྱོད་གསུམ་ལ་ཞིབ་བཤེར་ནན་མོ་བྱེད་ཀྱི་ཡོད་འདུག

གསུམ་པའི་བཅུ་དྲུག་གི་རྗེས་སུ་འཛིན་བཟུང་བཀག་ཉར་བྱས་པ་རྣམས་རྔ་པ་རང་སྐྱོང་ཁུལ་ཁོངས་ཀྱི་རྫོང་ཁག་གཞན་དུ་ཁྱེར་ཡོད་ཚུལ་རེ་གོ་ཐོས་འདུག་ཀྱང་གསལ་པོ་ཤེས་ རྟོགས་ཡོང་གི་མེད་འདུག་ཅིང་། དེ་སྔོན་འཛིན་བཟུང་བཀག་ཉར་བྱས་པ་ཁག་ཅིག་གློད་གྲོལ་བཏང་ཡོད་ཀྱང་བདུན་ཕྲག་གཉིས་རེ་སོང་མཚམས་ཀྱང་ད་དུང་རང་མགོ་མི་ཐོན་པའི་གནས་སྟངས་ཡོད་མུས་ཡིན་པ་སོགས་བཀག་ཉར་བྱས་པ་རྣམས་གཅར་རྡུང་མནར་གཅོད་ཀྱི་གོ་རིམ་སྐྱི་གཡའ་བ་མང་པོ་བརྒྱུད་དགོས་ཀྱི་ཡོད་དེ།

བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་བཏང་འབྱོར་བྱུང་།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ། དྲ་ལམ་གྱི་པར།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ།

ཆུ་ཚོད་ ༣ སྔོན་ལ།
Mobile App

རྒྱ་གར་གྱིས་འཛམ་གླིང་གི་མེ་འཁོར་ལྕགས་ལམ་མཐོ་ཤོས་འཛུགས་སྐྲུན་བྱ་འཆར་འདུག

ཆུ་ཚོད་ ༣ སྔོན་ལ།
Mobile App

རྒྱ་གར་གཞུང་གིས་རྒྱ་ནག་ལ་སྐྱོན་བརྗོད་ནན་མོ་བྱས་འདུག

༢༠༢༦/༠༤/༡༣
TT
Mobile App

ཨ་ཀྱཱ་རིན་པོ་ཆེ་མཆོག་དང་བློ་བཟང་བྱང་ཆུབ་འོད་ཟེར་མཆོག་རྣམ་གཉིས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༤/༡༣
this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠

མཆན། 3

  1. བོད་པ་ says:
    ལོ་ 15 སྔོན།

    འདི་ལྟར་གྲ་བ་དང་མང་ཚོགས་གིས་ལས་འགུལ་ཇི་འདྲ་སྤེལ་ནའང་སྨྱུག་འཛིན་པ་ཚོས་དོ་སྣང་མེད་པ་དང་།དེ་ལས་བོད་ཀྱི་དམར་ཕྱོགས་པ་ཚོས་རྩོམ་འཁྱར་འགའ་རེ་བྲིས་ན་འུར་རྒྱག་པ་འདིའི་ཡང་བོད་ཀྱི་འགུལ་ཁ་ཕྱོགས་རྩ་བ་རུད་བའི་ཤིང་སྡོང་ཞིག་གི་འགྱུར་ཉན་ཆེ།
    དེ་མིན་ད་དུང་རྟགས་མཚན་གཞན་ཞིག་ནི། གྲ་བའི་སྣེ་ཁྲིད་པའི་བོད་ཀྱི་གསར་བརྗེ་ནི་ལོ་ངོ་ལྔ་བཅུའི་རིང་ལ་མེ་ལྕེ་བཞིན་ཆེ་ནས་ཆེ་རུ་སོང་ཡོད། དེ་ནི་བོད་པ་བརྒྱ་ཆའི་དགུ་ཅུ་ཆོས་ལུགས་ན་དད་འདུན་ཆེ་ཞིང་དགོན་སྡེ་ཁག་གི་རྫོང་འཐུག་པས་ཡིན། དེའི་གཞི་འཛིན་པ་བརྒྱ་ཆའི་བརྒྱད་ཅུ་་ནི་གྲ་བ་ཡིན། ཡིན་ནའང་ད་ལོ་རྒྱལ་བ་རིན་པོ་ཆེས་སྲིད་འགན་མཚམས་འཇོགས་བྱས་པ་འདིས་བོད་ཀྱི་གསར་བརྗེ་ལས་འགུལ་ཡང་ཉམ་རྒུད་ཀྱི་མགོ་ཚུགས་པ་ཡིན་སྲིད།

    Reply
  2. རྐང་གསུམ། says:
    ལོ་ 15 སྔོན།

    ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་རང་ཕྱོགས་ཀྱི་གནད་དོན་གང་མང་ཞིག་བློའི་བཏང་བྱས་ནས་རྔ་བ་ཕྱོགས་ཀྱི་གནས་ཚུལ་གང་མང་ཞིག་རྒྱལ་སྤྱིའི་ཐོག་སྤེལ་ཐུབ་པར་སྙིང་ནས་བཀའ་དྲིན་ཆེ་ཞུ

    དེ་མིན་སྐྱབས་རྗེ་ཀིརྟི་རིན་པོ་ཆེས་དུས་ནས་དུས་སུ་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་ཕྱག་ལས་གང་མང་གནང་དང་གནང་བཞིན་པ་འདི་ལ་གུས་པས་བཀའ་དྲིན་སྙིང་ནས་ཞུ།

    Reply
  3. གནས་ཚང་། says:
    ལོ་ 15 སྔོན།

    ད་རེས་ཧུའུ་ཅིན་ཐོ་ཁོང་ཁྲོ་ཟོས་ཡོད་ཤག་རེད། ད་ཕྱི་ལོགས་ཀྱི་མཐོ་རིམ་མི་སྣ་སུ་ཞིག་ཕ་ཡུལ་དུ་ལོག་ན་དེ་ལྟར་མཛུབ་ཐེལ་རྒྱག་བཅུག དེ་ནས་པཎ་ཆེན་རིན་པོ་ཆེ་ནང་བཞིན་བགྲོང་ས་རེད་ད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese