མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཀིརྟི་དགོན་པའི་གྲྭ་ ༣༠༠ འཛིན་བཟུང་།

བོད་ཀྱི་དུས་བབ།
༢༠༡༡/༠༤/༢༢
Share on FacebookShare on TwitterShare on EmailShare on Whatsapp

མདང་དགོང་རྒྱ་གཞུང་དྲག་དམག་གིས་ཀིརྟི་དགོན་པའི་མཐའ་བསྐོར་ཏེ་གྲྭ་པ་༣༠༠ལྷག་འཛིན་བཟུང་བཙན་ཁྲིད་དང་།ལོ་༦༠ལྷག་ཡིན་པའི་རྒན་རྒོན་གཉིས་རྐྱེན་ལམ་དུ་བཏང་འདུག

ཁ་སང་ཕྱི་ཚེས་༢༡ཉིན་གྱི་བོད་ནང་གི་མཚན་མོའི་དུས་ཚོད་༩ཙམ་ནས་རྔ་པ་ཀིརྟི་དགོན་པའི་གྲྭ་ཤག་རེ་རེར་རྒྱ་གཞུང་གིས་དྲག་ཆས་དམག་དཔུང་དང་།ཉེན་རྟོག་པ།ཁྱད་ལས་དྲག་དམག་བཅས་འགྲེམས་འཇོག་བྱས་ཏེ་དགེ་འདུན་པ་༣༠༠ལྷག་འཛིན་བཟུང་གིས་སྤྱི་སྤྱོད་རླངས་འཁོར་ཆེ་བ་བཅུ་གྲངས་ཤིག་གི་ནང་བླུགས་ནས་ས་གནས་གཞན་ཞིག་ཏུ་ཁྱེར་ཡོད་འདུགས་གནས་ཡུལ་མི་ཚོས་གོ་ཐོས་བྱུང་བ་ལྟར་ན་གྲྭ་པ་རྣམས་རྔ་པ་རང་སྐྱོང་ཁུལ་གྱི་བུན་ཁྲོན་རྫོང་དང་།མོའོ་རྫོང་།བཀྲ་ཤིས་གླིང་རྫོང་བཅས་སུ་བཙན་ཁྲིད་བྱས་འདུག

བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་ལགས་གཉིས་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན།མདང་དགོང་གྲྭ་པ་རྣམས་འཛིན་བཟུང་བཙན་ཁྲིད་བྱ་སྐབས།དེ་སྔ་ནས་དགོན་པའི་ཉེ་འདབས་སུ་ཉིན་མཚན་གཉིས་ཀར་དགེ་འདུན་པ་རྣམས་སྲུང་སྐྱོབ་ཆེད་བསྡད་ཡོད་པའི་ལོ་ན་རྒན་རྒོན་གཙོས་མང་ཚོགས་༢༠༠ལྷག་ཡོད་པ་རྣམས་ཀྱིས་བཀག་འགོག་བྱས་པར་གཅར་རྡུང་དྲག་པོ་བཏང་སྟེ།དགུང་ལོ་༦༠ཡིན་པའི་མཐའ་བ་གོང་མའི་དོན་ཁོ་དང་།དགུང་ལོ་༦༥ཡིན་པའི་གཅའ་ཞང་ནག་ཚང་མའི་ར་ཁོ་ཚང་གི་ཤེར་སྐྱིད་གཉིས་རྐྱེན་ལམ་དུ་བཏང་ཡོད་པར་མ་ཟད། རྒན་མོ་ཞིག་གི་རྐང་པའང་དུམ་བུ་གསུམ་དུ་བཅག་པ་སོགས་མི་མང་པོའི་རྐང་ལག་བཅག་ཡོད་པའི་གནས་ཚུལ་བྱུང་ཡོད་པ་དང་།སྐབས་དེར་མང་ཚོགས་ནས་སྐད་ཤུགས་ཆེན་པོས་ངུ་འབོད་བྱས་པར་ཁ་ནང་དུ་རས་སོགས་བརྫངས་ཏེ་བཙན་གྱིས་སྐད་བརྒྱག་བཅུག་མེད་པ་རེད།རྗེས་སུ་མི་མང་རྣམས་དོ་སྐྱེལ་རླངས་འཁོར་བཞིའི་ནང་ལ་བླུགས་ནས་གཉིས་དམག་སྒར་ནང་ཁྱེར་ཡོད་པ་དང་།གཉིས་རས་བོང་ཞེས་པའི་དུར་སའི་ནང་ཁྱེར་ཡོད་འདུགཕྱི་ཚེས་༢༢ཉིན་མི་ཕལ་ཆེ་བ་གློད་ཡོད་ནའང་ལོ་གཞོན་པ་ཁག་ཅིག་མུ་མཐུད་དུ་བཀག་ཉར་བྱས་ཡོད་པ་དང་།ནགས་ལས་བློ་བཟང་ཚང་གི་བུ་མོ་ཞིག་ཀྱང་མདང་དགོང་བཙན་འཁྲིད་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་ཡོད་འདུག

ཕྱི་ཚེས་༢༡ཉིན་གྱི་ཕྱི་དྲོའི་བོད་ནང་གི་ཆུ་ཚོད་༤ཙམ་ནས་བཟུང་།ཆུ་ཚོད་༢༤རིང་རྔ་པ་རྫོང་ཁོངས་ཀྱི་ཁ་པར་རིགས་ཚང་མའི་བརྡ་རྟགས་རྩ་བ་ནས་མེད་པ་ཆགས་ཡོད་པ་རེད།དེ་རིང་ཕྱི་ཚེས་༢༢ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་༥ཙམ་ལ་སླར་ཡང་དགོན་པའི་ནང་སྤྱི་སྤྱོད་རླངས་འཁོར་ཆེ་བ་༥སླེབས་ཡོད་པ་དང་།རླངས་འཁོར་དེ་དག་གི་ཨང་གྲངས་དང་།རྩུབ་གཡས་གཡོན་གྱི་ཡི་གེ་ཚང་མ་གབ་ནས་མི་མཐོང་བར་བཟོས་ཡོད་འདུག ས་གནས་མང་ཚོགས་ནས་དོ་དགོང་ཡང་གྲྭ་པ་མང་པོ་ཞིག་འཛིན་བཟུང་བྱས་ཡོང་བར་བློ་འཚབ་གནང་བཞིན་ཡོད་འདུག
 

གཞན་ཡང་ཕྱི་ཚེས་༢༢ཉིན་རྔ་པ་རྫོང་ཐོག་གི་ཁྲོམ་རའི་ཚོང་ཁང་དང་ཟ་ཁང་ཡོངས་རྫོགས་སྒོ་བརྒྱབ་ཡོད་པ་དང་།ཉེན་རྟོག་པ་དང་དམག་མིའི་རླངས་འཁོར་མ་གཏོགས་གཞན་ཚང་མ་བཀག་སྡོམ་བྱས་ཡོད་པར་མ་ཟད།མདང་དགོང་འཛིན་བཟུང་བྱས་པའི་གྲྭ་པ་རྣམས་ཀྱི་གྲྭ་ཤག་ཚང་མའི་སྒོ་ངོས་སུ་སྒོ་ཕྱེ་མི་ཆོག་ཞེས་པའི་ཡི་གེ་སྦྱར་ཡོད་འདུག

གསར་འགོད་པ། ཚེ་རིང་རྒྱལ།

 

འབྲེལ་ཡོད་གསར་འགྱུར།

བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

ཆུ་ཚོད་ ༢༠ སྔོན་ལ།
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

ཆུ་ཚོད་ ༢༡ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༢༣ སྔོན་ལ།
The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༩/༠༣
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

༢༠༢༦/༠༩/༠༣
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

༢༠༢༦/༠༩/༠༣

མཆན། 18

  1. རྒྱ་རྙི། says:
    ལོ་ 15 སྔོན།

    ཨ་ཨ། རྔ་བ་ཀུརྟི་དགོན་པར་ཆེ་ཉེན་ཕྲེང་གི་གནས་སྟེང་འདི་ལྟ་བུ་ལ་ཕྲད་དུས། ཀུརྟིའི་སྲུང་མ་ཞེས་ཡོངས་གྲགས་ནང་ཁུལ་ལ་མཐུ་རྩལ་ཅན་ཞིག་ཡོད་པ་དེ། ད་རེ་གནད་འགོག་གི་སྐངས་སུ་གོ་མེད་ཚོར་མེད་གྱི་གང་ལ་བསྐུངས་སྡད་པ་ཡིན་ནམ། ཡང་ན། འདི་ལས་གལ་ཆེན་གྱི་བྱ་བཞག་ཞིག་གིས་མ་ཁོམ་པ་ཡིན་ནམ། གང་ལྟར་དགོས་འཁོ་ལ་ཐུགས་དུས་གོ་ཚོར་གང་ཡང་མེད་པ་ནི། ཆེ་བློ་ཕམ་གྱི་གནས་ཞིག་མ་ཡིན་ནམ། འདི་ལྟ་བའི་སྲུང་མའི་མིང་ཅན་འཇིག་རྟེན་དྲེགས་པའི་རིགས་ལ་ཡིད་མི་གཏོད་པར་ད་ཕྱིན་ཆད་བསང་གསུར་སོགས་ཆུ་ཟས་སུ་མ་བཏང་ན་མི་དགའ་འམ། ཇི་སྐད་དུ། བདག་ནི་བདག་གི་མགོན་ཡིན་གྱི།། ཞེས་གསུང་བ་བཞིན་རང་ཉིད་གྱི་ལས་དོན་རང་ཉིད་གྱིས་འབད་པས་སྒྲུབས་པ་ལས། འཇིག་རྟེན་དྲེགས་པ་སོགས་ལ་རེ་ལྟོས་རྐྱང་རྐྱང་མི་བྱེད་རྒྱུ་ནི་ཆེ་གལ་ཆེའོ་སྙམ།།

    Reply
  2. འཇིག་རྟེན་ says:
    ལོ་ 15 སྔོན།

    མི་རིགས་དང་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་རང་སྲོག་བློས་བཏང་བའི་ཕུན་ཚོགས་གཙོ་བའི་མི་དམངས་ཡོངས་ལ་གདུང་སེམས་མཉམ་བསྐྱེད་དང་སྐྱིད་སྡུག་མཉམ་མྱོང་དུས་ནམ་ཡིན་སེམས་ཤིགས་མ་ཆག་བློ་མ་ཕམ་ང་ཚོ་ལ་རྒྱལ་སྤྱིའི་ཐོག་ནས་ལྟ་སྟངས་ཞིག་ཡོད་མི་སྲིད་པ་མ་རེད་།

    Reply
  3. GYAMTSO says:
    ལོ་ 15 སྔོན།

    འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་་ནས་གཞི་རྒྱ་ཆེ་བའི་གོམ་བགྲོད་ལས་འགུར་ཞིག་ལྡི་ལིར་བར་དུ་གཟའ་ལྷག་པའི་ཉིན་ནས་སྤེལ་གནང་གི་ཡོད་པའི་གསར་སྒྲིག་ཐོན་འདུག་པས་དགོན་སྡེ་གྲྭ་ཚང་ཁག་དང་མི་མང་མཉམ་བཞུགས་གནང་ན་གོ་སྐསབས་ལེགས་ཤོས་རེད། ང་རང་རྡ་སའི་ལས་འགུར་ནང་དུ་མཉམ་བཞུགས་བྱེད་མི་ཐུབ་ཀྱང་འདི་ཕྱོགས་ནས་ལས་འགུར་ག་རེ་སྤེལ་ན་གོ་སྐབས་ལེན་རྒྱུ་ཡིན།

    Reply
  4. མངའ་རིས་བུ། says:
    ལོ་ 15 སྔོན།

    སྐྱབས་རྗེ་ཀིརྟི་རིན་པོ་ཆེ་ཡིས་སྐྱབས་འོག་ཏུ་འཚོ་བའི་ཀིརྟི་དགོན་གཞིས་ལས་སོགས་རྔ་བའི་མི་དམངས་རྣམས་ནས་འདི་ལྟ་བོད་ཞེན་གྱིས་ལྷག་བསམ་རྨ་མེད་རང་སྲོག་བློས་གཏོང་གི་བྱ་བར་མཐའ་གཅིག་ཏུ་རྒྱབ་སྐྱོབ་ཞུ་རྒྱུ་མ་ཟད་ཁྱེད་རྣམས་ཀྱི་ལུས་སྲོག་བློས་བཏངས་བྱས་པ་དག་ཆུད་ཟོས་སུ་ནམ་ཡང་མི་འགྲོ་བའི་ཡིད་ཆེས་དང་སྨོན་ལམ་ཞུ་བཞིན་ཡོད།
    བསམ་དོན་འགྲུབ་པར་ཤོག།
    འདི་ལྟ་བུར་རྒྱབ་སྐྱོར་གྱི་ཚུལ་དུ་ལས་འགུལ་སྤེལ་མཁན་བྱུང་ཚེ་མཉམ་བཞུགས་བྱེད་རྐྱང་བྱེད་རྒྱུ་མ་ཟད་རྒྱུ་དངོས་ཀྱི་སྟེང་ནས་ཞལ་འདེབས་གང་ཐུབ་ཕུལ་རྩིས་ཡོད།
    ཁྱེད་རྣམས་ལ་བདེ་སྐྱིད་ཀྱི་ཉི་མ་ཤར་བར་ཤོག

    Reply
  5. གྲྭ་རྒོད says:
    ལོ་ 15 སྔོན།

    ཀིརྟི་དགོན་པའི་སྐྱ་སེར་ཚང་མ་ལ་ཐུགས་རྗེ་ཞུ་རྒྱ་དང་འདིར་སྡོད་བོད་མི་ཡོངས་ནས་སེམས་ཤུགས་གཅིག་སྒྲིལ་བྱས་ནས་ཡར་ལ་ལིང་བྱེད། དེ་མིན་མཉམ་འབྲེལ་རྒྱལ་ཚོགས་དང་སྤྱི་ཚོགས་ལ་མ་གོ་མ་ཐོས་མེད་པ་ཞིག་བྱེད་དགོས་པ་ཕྱི་སྡོད་བོད་མའི་ལས་འགན་རེད་བསམ་གི་བོད་ནང་དུ་མི་གནོད་པའི་ལས་འགལ་རེ་བསྒྲུབ་རྒྱུ་ཡོད་ན་དེའི་ཐོག་ལ་བོད་མི་ཡོངས་ནས་སེམས་ཤུགས་རྒྱག་རྒྱུ་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ལའང་འབྲེལ་བ་བྱས་ནས་ཐབས་ཤེས་རེ་རེག་ཐུབ་བྱེད་རོགས་ཞུ། མཁྱེན་དཔྱོད་ཅན་དང་ནུས་ལྡན་རེ་ཡོད་ན་ནུས་པ་དེ་འདོན་རན་འདུག
    སྐབས་དང་དུས་ལ་བབས་འདུག་་་་་་་་་་་་་་་་་་་་་་་་་་་་་་་་

    Reply
  6. བོད་པ་ says:
    ལོ་ 15 སྔོན།

    དཀའ་ཁག་ཆེ་ན་ཡང་བོད་ཁམས་སྤྱི་ནས་གྲ་ཕུན་ཚོགས་དང་ཀརྟིའི་ལས་འགུལ་འདི་ལ་རྒྱབ་སྐྱོར་བྱེད་དགོས། དེ་མིན་རང་གི་ཁེ་ཕན་ཕྲན་བུའི་ཆེད་མངོན་ལྐོག་གཉིས་ནས་བོད་ནང་ཁུལ་ལ་འཐབ་རྩོད་བྱེད་པ་ནི་སྐྱུག་བྲོ་བ་ཞིག་རེད། དཔེར་ན། ཉེ་ཆར་ཡུལ་ཤུལ་ནས་ས་གནས་དཔོན་ངན་རྒྱ་དགའ་ཚོས་བརྒྱུད་སྐུལ་ལས་བོད་ཀྱི་རིག་གནས་དང་འཛུགས་བསྐྲུན་ལ་བྱས་རྗེས་ཆེ་བའི་བསྟན་ཁོ་ལ་ཁྲོམ་སྐོར་བྱེད་པ་དང་གོང་ལ་ཞུ་གཏུགས་བྱེད་སཽགས་བྱས་འདུག
    རྒྱུ་མཚན་སྔོན་ཆད་ཁོ་ཚོའི་ཧམ་ཟ་བྱས་པའི་ས་རྒྱ་ཆེན་པོ་དེ་དག་སྒེར་ལ་བླངས་ནས་རྒྱ་མི་དང་ཁ་ཆེ་ཕྱུག་པོ་ཚོ་སྐད་བཏང་ནས་མ་རྩ་འཛུགས་གི་འཇུག་ཆེད་རེད་ཟེར། བསྟན་ཁོ་འུ་ཐུགས་ནས་མཚོ་ལྷོར་སོང་ནས་ལས་བྱེད་ལྔ་བཅུ་ཁྲིད་་ཡོང་ནས་བྱ་བ་སྒྲུབ་མོད་། ད་དུང་དཔོན་ངན་ཚོས་ངན་བཅོས་བྱས་པས། ཁོ་ཡང་བསྐྱར་ཟི་ལིང་ནས་ལས་བྱེད་དྲུག་ཅུ་ཁྲིད་ཡོང་འདུག་ཟེར། ད་དུང་ཁོའི་ལས་གནས་བརྟན་པོ་ཡིནམིན་བཤད་ཁག་པོ་རེད་ཟེར། བོད་རང་གི་ཚོང་པ་མང་པོས་མ་རྩ་མང་ཙམ་འཛུགས་ཐུབ་པའི་རེ་བ་འདུག་ཟེར། དེ་ལྟར་བྱས་ན་བརྒྱ་ཆའི་ལྔ་བཅུ་གཞུང་གིས་གཏོང་ས་རེད། ཡུལ་ཤུལ་བ་རྣམས་གཉིད་སད་རིན་རེད། ཁ་སང་ཕྱི་སྡོད་བོད་མི་ཞིག་ལ་ཡུལ་ཤུལ་གི་སློབ་ཕྲུག་སྟོང་ཕྲག་མང་པོ་རྒྱ་ནང་ལ་ཁྲིད་འདུག་པ་ནི་ཉེན་ཁ་ཆེན་པོ་རེད་ལབ་པ་ཡིན། ཁོས་་་ཡག་པོ་རེད། རྒྱ་ནང་ན་མཐུན་རྐྱེན་ཡག་པོ་ཡོད་པ་རེད་ཟེར།

    Reply
  7. བོད་པ་ says:
    ལོ་ 15 སྔོན།

    ཐོ་ནེ་ཞི་ཡའི་ཤིང་ཏོག་བཙོང་མཁན་མི་དཀྱུལ་མ་ཞིག་གིས་རང་ལུས་ལ་མེ་བརྒྱབས་ནས་རང་སྲོག་བཏང་བ་ནས་རྐྱེན་བྱས་སྟེ་ཨ་རབ་གླིང་གི་གསར་བརྗེ་ཡི་མེ་ལྕེ་མཆེད་དང་མཆེད་བཞིན་འདི་རེད། བོད་ཀྱི་བློ་བཏོང་བ་ཆེན་མོ་གྲ་ཕུན་ཚོགས་རང་སྲོག་དོར་བའི་ལས་འགུལ་ལ་ཀརྟི་དགོན་པའི་འཁོར་ཡུག་ན་མ་གཏོགས་གྲགས་འགུལ་མེད་པའི་རྒྱུ་མཚན་ཅི་རེད། ལྟ་བ་མཐུན་མིན་ཕྲན་བུའི་དབང་གིས་དམར་ཕྱོགས་གི་བསམ་བློ་ཡོད་མཁན་ཚོས་གྲ་བ་དང་མང་ཚོགས་ཀྱི་ལས་འགུལ་ལ་ནུས་པ་མི་འདོན་པ་ནི་ཐབས་སྐྱོ་བོ་གཅིག་རེད་།

    Reply
  8. རྐང་གསུམ། says:
    ལོ་ 15 སྔོན།

    ད་རུང་ངས་གོ་ཚོད་ལ་རྔ་བ་རྫོང་ཐོག་གི་བོད་རིགས་ལས་བྱེད་པ་ཚོ་ས་གནས་གཞན་དུ་ལས་སྤོར་བྱེད་དུ་འཇུག་གི་འདུག་ཟེར།

    Reply
  9. གངས་ཅན་པ། says:
    ལོ་ 15 སྔོན།

    ཀིརྟི་དགོན་རྒྱལ་གཅེས་དཔའ་བོ་དེ་ཚོའི་ཆེད་དུ་གདུང་སེམས་མཉམ་སྐྱེད་ཡོང་ཆེད་རྡ་ས་ནས་རྡི་ལི་བར་དུ་གོ་མགྲོས་ཞིག་ངེས་པར་དུ་འགྲོ་དགོས་འདུག།

    Reply
  10. ཁྱུང་དཀར says:
    ལོ་ 15 སྔོན།

    རྒྱ་གཞུང་གིས་མུ་མཐུད་དུ་བཙོན་ལས་དང་སྡུག་སྤྱོད་སྣ་ཚོགས་བྱེད་ཀི་རེད། ང་ཚོས་གཞུང་དམངས་གཉིས་ཀྱིས་ཀྱང་མུ་མཐུད་དུ་ལྟད་མོ་བལྟས་ནས་འདུག་རྒྱུ་རེད། དངོས་གནས་ཕན་འདོད་དང་གྲུབ་འབྲས་ལྡན་པའི་ལས་དོན་རེ་བསྒྲུབ་རྒྱུ་ཡིན་ན་སྐབས་སུ་བབ་པ་འདི་ལ་ཡུལ་ལུང་གང་ན་ཡོད་པའི་བོད་པ་རྣམས་རང་རང་སར་མཉམ་འཛོམས་བྱས་ཏེ་རྒྱ་ནག་གཞུང་ཚབ་ལ་མི་དམངས་བྱིངས་ཀྱིས་སྐབས་བབ་ཀྱི་གནས་ཚུལ་ནན་བརྗོད་དང་འབྲེལ་སྐད་འབོད་ཤུགས་ཆེན་རེ་རྒྱག་ཐུབ་ན་དེས་འགུལ་ཤུགས་ཀྱིས་ཕ་ཡུལ་མི་དམངས་ལ་ཏོག་ཙམ་ཕན་ངེས་སྙམ་ལ་རྒྱལ་སྤྱིའི་སྒང་ནས་ཀྱང་གླེང་སློང་རེ་བྱ་ངེས། དེ་ལས་མཆན་བུ་ཁ་ཤས་ཀྱིས་ལྷ་བླ་མ་དང་ཆོས་སྐྱོང་སྲུང་མས་རོགས་ཕན་བྱེད་ཀི་མེད་པའི་ཡི་ཆད་ཀྱི་སྐད་ཆའང་བཤད་ཀི་འདུག འདི་ལྟ་བུའི་ཤེས་ལྡན་པ་ཡིན་ཟེར་མཁན་ཚོའི་ད་འདའ་ཡང་རྐང་ལག་མ་འགུལ་བར་ནག་ཁུང་ལ་རེ་ལྟོས་བྱེད་པ་འདི་ཇི་འདྲའི་ཐབས་སྐྱོ་བ་ཞིག་མ་རེདའང་།

    Reply
  11. བྱ་གཞུང་འཇམ་དབྱངས། says:
    ལོ་ 15 སྔོན།

    ངོ་མ་སེམས་སྐྱོ་བོ་དང་སྙིང་བ་ན་ཞིག་རེད། ཡིན་ན་ཡང་ང་ཚོས་དེ་ལྟར་སྡུག་སྐད་དང་ངུ་འབོད་བྱེད་བསྡད་ནས་ཅི་ཕན། བཙལ་བྱོལ་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་མིང་ཐོག་ནས་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་དང་སྟོབས་ཆེན་རྒྱལ་ཁབ་ཁག་ལ་སྙན་ཞུ་དང་མྱུར་སྐྱོབ་གྱི་ནན་སྐུལ་བཏང་ན་ཅུང་དྲག་རྒྱུ་རེད་བསམ། མི་མང་ངོས་ནས་ཀྱང་གསོལ་འདེབས་སྨོན་ལམ་ཤུགས་ཆེར་བྱེད་རྒྱུ་གལ་རེད།་་་གཅིག་གི་བྱས་སོང་གཅིག་གིས་བྱས་མ་སོང་ཟེར་ནས་ཁ་རྡུང་བཏང་བསྡད་ན་ཕན་གྱིན་མེད་པ་་ལོས་ཤེས། ཚོགས་པ་ལྔ་ལ་གོ་རྒྱུ་མེད་པ་ཅི་ཞིག་རེད།

    Reply
  12. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    སེམས་པ་ཡོད་ཀྱང་ཅི་ཡང་བསྒྲུབ་མི་ཐུབ་པའི་ནུས་མེད་བདག་ལྟ་བུའི་དབུགས་རིང་རེ་འཐེན་ནས་བསྡོད་རྒྱུ་ལས་བྱ་ཐབ་གཞན་མེད། མ་ཟད་བསམ་ཚུར་རེ་ཡོད་པའི་དབང་དུ་བཏང་ཅང་སེམས་ཁུངས་དུ་འཆག་སིབ་སེ་ཉལ་ནས་བསྡོད་རྒྱུ་རང་ལས་ཉན་མཁན་ཉིན་མོའི་སྐར་མ་རེད། འོན་ཀྱང་དེ་རིང་ངའི་འདི་ནས་ཨག་སྐད་ཞིག་རྒྱག་རྒྱུ་ཡིན
    མཁྱེན་མངའ་བཞིན་དངོས་གཞིའི་བཀའ་ཁྲིའི་འོས་མི་གསུམ་གྱིས་འདས་མ་ད་གསུམ་ལ་བྱས་རབ་དང་བྱ་རྒྱུ་སོགས་གང་ས་ཅི་ཐད་ནས་བཀའ་མོལ་ཆུ་རྒྱུག་པ་བཞིན་གསུངས་སོང་པ་ཚང་མའི་ཐུགས་ལ་མངའ་བ་འདི་རེད། དེར་བརྟན་ཁོང་རྣམ་པའི་བཀའ་ཁྲི་སུ་ལ་ཐོབ་མིན་ལ་མ་ལྟོས་པར་མདོསྨད་རྔ་ཡུལ་ནས་མྱོང་བཞིན་པའི་དངོས་ཡོད་འདིའི་ཐོག་ནུས་པ་ཞིག་འདོད་དགོས་ངེས་ཡིན་པ་མ་ཟད།
    སླེབ་་ལ་ཉེ་བའི་བཀའ་ཁྲིར་སུ་གཏན་ཁེལ་བ་དེའི་དབུ་ཁྲིད་པའི་ཐོག ཚད་མེད་ཞུ་བའི་ལྟ་གྲུབ་གཞི་ལ་བཞགས་དེ་གཞི་རྒྱ་ཆེ་བའི་འགུལ་བསྐྱོད་ཞིག་བྱེད་རེན་རེད།
    སྤྱིར་བོད་མི་མི་རེ་ངོས་རེ་རང་ཉིད་ཀྱི་འགན་རེ་ཡོད་ཟེར་ཡང་།འདི་བཤད་ཚུལ་ཙམ་ཞིག་ལས་ནུས་པ་ངེས་ཅན་ཞིག་འདོན་མི་ཐུབ་པ་འདས་ཟིན་པས་ཤེས། གནད་ཡོད་མི་སྣ་དང་ལས་ཀྱི་སྣེ་མོ་བ།་ལྷག་དོན་དུ་འབྱུང་འགྱུར་གྱི་བཀའ་ཁྲི་ལྟ་བུ་ཞིག་གི་དབུ་ཁྲིད་འོག་གཉིས་སྨན་དབུ་མ་བསྒྲུབ་བྱ་དང་ཚད་མེད་ཞུ་བའི་ལྟ་གྲུབ་སྒྲུབ་བྱེད་དུ་བཟུང་ནས་རྒོལ་ལེན་ཞིག་ལོག་ན???????????དེ་མིན། གཞན་འབའ་ཞིག་ལ་རེ་བའི་རང་དོན་མི་འགྲུབ་པ་དངོས་པོའི་གནས་ལུགས་ཡིན།

    Reply
  13. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    འདས་པོ་གཉིས་དལ་འགྲོར་སྐྱེ་བའི་སྨོན་ལམ་དང་། ཉེས་བརྡུང་ལས་མྱུར་གྲོལ་བའི་སྨོན་ལམ་ཞུ།

    Reply
  14. རྨོག་རུ་བསྟན་པ། says:
    ལོ་ 15 སྔོན།

    ད་ནི་ང་ཚོས་ལྟ་གྲུབ་རྩོད་པའི་དུས་ཚོད་མ་རེད།ལྷ་མི་ཚང་མ་མཉམ་དུ་ཐོན་དགོས་པའི་དུས་ཚོད་རེད།སྐབས་རེར་བོད་ལྷ་འདི་ཚོས་ཁོང་ཁྲོ་ལངས་འཇུག་གི
    མི་འུ་ཐུག་པའི་ཉིན་མོར་ལྷ་འདི་ཚོའི་རྫུ་འཕྲུལ་དང་།ནུས་པ་སོགས་གང་ཡང་མཐོང་རྒྱུ་མི་འདུག་་་་
    བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད།
    གཅེས་པའི་ལུས་སྲོག་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
    ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
    ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

    Reply
  15. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 15 སྔོན།

    རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཞེས་བའི་དོན་ལྡན་ཞིག་ཡོད་ན་འདི་ཚོ་ལ་བསམ་གཞིགས་རེ་དང་ཁ་རེ་གྲགས་རོགས། མིང་ཙམ་གྱི་མཉམ་འབྲེལ་རྒྱལ་ཚོགས་ཡིན་ན་སྤྱི་ཚོགས་ལ་ཕན་པ་གཅིག་འབྱུང་མི་ཐུབ་ཁོ་ཐག་ཡིན།

    Reply
  16. དབུ་མ་པ། says:
    ལོ་ 15 སྔོན།

    རྒྱལ་གཅེས་ཀྱི་སྤུན་ཟླ་རྣམ་པ་ཁྱོད་ཚོས་ཤེས་སམ་གཟིགས་དང་གོང་གི་ཡ་ངལ་བའི་གནས་ཚུལ་འདི་ལ། གསུངས་དང་ད་ང་ཚོས་ཅི་བྱ་ན་བཟང་། སྔ་མོ་བཞིན་སྨོན་ལམ་བརྒྱབས་ནས་བསྡད་ན་ཡག་གམ། ཡང་ན་གང་ཐབས་གང་ཡོད་དམ། ཏ་ལྟའི་འཆར་དངོས་ཡོད་ཀྱི་མི་དམངས་ཀྱི་དཀའ་ངལ་ལས་ཐར་ཐབས་ཞིག་དགོས་པ་དེ་གལ་ཆེ་བས་ཅི་བྱ་ན་ལེགས།

    Reply
  17. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 15 སྔོན།

    ཉིན་རེ་རེ་བཞིན་ཆེས་ཛ་དྲག་ཏུ་འགྱུར་བཞིན་འདུག སེམས་སྐྱོ་ཞིང་བྱ་ཐབས་ཟད་པ་ཞིག་རེད་དེ། རྒྱལ་སྤྱིའི་སྟེང་ལ་གཏུག་བཤེར་དང་ཞུ་འབོད་རེ་བྱས་ན་ཛ་དྲག་གི་གནས་བབ་ནས་བརྒལ་ཐབས་རེ་ཨེ་ཡོད་ལ། གཞན་ད་ནི་དོན་དངོས་སུ་ཅི་ཞིག་བྱེད་དགོས་པ་རེད།

    Reply
  18. GYAMTSO says:
    ལོ་ 15 སྔོན།

    དཀོན་མཆོག་གསུམ་པོ་མཁྱེན་་མཁྱེན། རྔ་བའི་མི་མང་དང་ཀིརྟིའི་དགོན་ནང་དུ་དམྱལ་བ་དངོས་སྟོན་བྱེད་ཀྱིན་འདུག་པས། བཙན་བྱོལ་བོད་གཞུང་དང་ཚོགས་སྡེ་ཁག་ལྷག་པར་དུ་བཙན་བྱོལ་ནང་གི་དགོན་སྡེ་ཡོངས་ཀྱི་གདུང་སེམས་མཉམ་སྐྱེད་ཡོང་ཆེད་་ཞི་བའི་ལས་འགུར་གཞི་རྒྱ་ཆེ་བ་ཞིག་མགྱོགས་ནས་མྱུར་དུ་སྤེལ་རོགས་ཞུ་ཞུ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese