མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ནང་མིའི་སེམས་འཁྲལ་བྱེད་ཀྱི་འདུག

བོད་ཀྱི་དུས་བབ།
༢༠༡༡/༠༥/༠༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་རྔ་པ་ཀིརྟི་དགོན་པར་སློབ་གཉེར་བྱེད་ཀྱིན་པའི་རྨ་ལྷོ་རྩེ་ཁོག་རོང་བོ་སྡེ་བའི་དགེ་འདུན་པ་ལྔ་འཛིན་བཟུང་བྱས་ཡོད་སྟབས། ད་ཆར་ནང་མི་ཚོས་སེམས་འཁྲལ་ཧ་ཅང་ཆེན་པོ་བྱེད་ཀྱིན་ཡོད་འདུག  

དེ་རིང་ཕྱི་ཚེས་ ༢༩ ཉིན་གྱི་ཕྱི་དྲོ་ལྷོ་ཕྱོགས་དགའ་ལྡན་དགོན་པའི་ཀླུ་འབུམ་ཁང་ཚན་གྱི་གྲྭ་ཆོས་འཕེལ་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཕྱི་ཟླ་ ༤ ཚེས་ ༢༡ རྔ་པ་ཀིརྟི་དགོན་པའི་ནང་སློབ་གཉེར་བྱས་ཏེ་ལོ་ ༡༠ འགྲོ་བཞིན་པའི་རྨ་ལྷོ་རྩེ་ཁོག་རྫོང་ཉིན་ཕྱུགས་ཞང་རོང་བོ་སྡེ་བའི་རང་ལོ་ ༤༠ ཡས་མས་ཡིན་པའི་གྲྭ་སྙན་གྲགས་དང་རང་ལོ་ ༡༧ ཡིན་པའི་ཁོང་གི་སྤུན་ཆུང་བ་ལྷུན་འགྲུབ། གཞན་རང་ལོ་ ༢༠ ཡིན་པའི་གྲྭ་བློ་བཟང་དཔལ་ལྡན། རང་ལོ་ ༡༥ ཡིན་པའི་གྲྭ་བློ་བཟང་རྒྱ་མཚོ། རང་ལོ་ ༡༣ ཡིན་པའི་བློ་བཟང་ཞི་བ་ལྷ་བཅས་ཀྱང་འཛིན་བཟུང་བྱས་ཡོད་པ་རེད་ཟེར།   

གནས་ཚུལ་མཁོ་སྤྲོད་པའི་བརྗོད་དོན་ལྟར་ན། རྒྱ་ནག་གཞུང་གིས་ཐེངས་འདིར་འཛིན་བཟུང་བྱས་པའི་གྲྭ་བ་དེ་དག་གྲྭ་སྙན་གྲགས་ལགས་ཀྱི་སྤུན་དང་ཚ་བོ་རྐྱང་ཡིན་པ་དང་། ཉེ་ཆར་ཁོང་ཚོའི་ནང་མིས་རྔ་པ་ཀིརྟི་དགོན་པར་རྒྱ་གཞུང་གིས་དམ་དྲག་བྱེད་ཀྱིན་པའི་སྐོར་ཤེས་རྟོགས་བྱུང་སྟེ། ནང་མི་ཁག་ཅིག་རྔ་པ་ཀིརྟི་དགོན་པར་ཁོང་ཚོའི་གནས་སྟངས་གང་འདྲ་ཡིན་མིན་བལྟ་རུ་འགྲོ་སྐབས་འཛིན་བཟུང་བྱས་པའི་གནས་ཚུལ་ཤེས་རྟོགས་བྱུང་འདུག་ལ། སྐབས་དེར་ཁོང་ཚོའི་ནང་མིས་དགོན་པའི་ལས་སྣེ་དང་གྲྭ་བ་ཚོར་དྲིས་སྐབས། དེར་ཡོད་དགོན་པའི་དགེ་འདུན་པ་ཚོར་ཡང་ཞིབ་ཕྲའི་གནས་ཚུལ་ཅི་ཡང་བཤད་རྒྱུ་མེད་སྟབས། ནང་མི་ཚོ་ཕྱིར་རང་ཡུལ་དུ་ལོག་ཡོད་འདུག  དུས་དེ་ནས་བཟུང་ད་ལྟའི་བར་ནང་མི་ཚོས་རྩད་གཅོད་ཇི་ལྟར་བྱས་ཀྱང་། རྒྱ་ནག་གཞུང་གིས་ཁོང་ཚོ་ཅིའི་ཕྱིར་བཙོན་འཇུག་བྱས་པ་དང་གང་དུ་ཡོད་མེད་སོགས་ཀྱི་གནས་སྟངས་གང་ཡང་གསལ་བཤད་བྱས་མེད་སྟབས། ནང་མི་ཚོས་ཁོང་ཚོའི་ཤི་གསོན་གྱི་གནས་སྟངས་ལ་སེམས་ཁྲལ་ཆེན་པོ་བྱེད་ཀྱིན་ཡོད་འདུག  

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

ང་ཚོས་ད་ལྟ་སུ་ཡི་ལོ་རྒྱུས་ཉར་ཚགས་བྱེད་བཞིན་ཡོད།

ཆུ་ཚོད་ ༡ སྔོན་ལ།
རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ།
Mobile App

མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བློ་བཟང་བསྟན་པ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག

༢༠༢༦/༡༠/༡༧
Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]
Mobile App

རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག

༢༠༢༦/༡༠/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག

༢༠༢༦/༡༠/༡༥
Mobile App

རྒྱ་ནག་གི་རྒྱལ་སྲུང་ལས་དོན་སྒྲུབ་མཁན་གྱི་ཚོགས་སྡེ་ ༡༥༦ ལྷག་ནག་ཁུངས་ནང་འཇུག་དགོས།

༢༠༢༦/༡༠/༡༥
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༦/༡༠/༡༥

མཆན། 2

  1. རྩེ་སྐར། says:
    ལོ་ 15 སྔོན།

    རྩེ་ཁོག་མགོན་ཤུལ་ནས་ཡིན་པའི་གྲྭ་དགེ་འདུན་རྒྱལ་མཚན་ཟེར་བ་ཞིག་ཀྱང་བཟུང་འདུག་ཟེར་གི

    Reply
  2. ཀ་ཉག་ཚེ་རིང་། says:
    ལོ་ 15 སྔོན།

    འདི་ལྟར་ཚང་མས་ཁུར་མཉམ་ལེན་གནང་རྒྱུ་ནི་ཧ་ཅང་ཛ་དྲག་གི་གནས་སྐབས་སུ་ཆེས་གལ་ཆེ་བའི་བྱ་འགུལ་ཨང་དང་པོ་དེ་ཡིན་པ་ལྟར་ཚང་མས་གྲྭ་ཆོས་འཕེལ་ལགས་ཀྱིས་གསུངས་པ་ལྟར་རང་གིས་ཤེས་པའི་གནས་ཚུལ་དང་གཞན་ལས་རང་གིས་ཤེས་སླ་བའི་གནས་ཚུལ་རིགས་གང་ཐུབ་ཅི་ཐུབ་ཀྱིས་ཤེས་རྟོགས་བྱས་ཏེ་ཕྱི་ལ་ཐོན་པ་གནང་རོགས་གནང་། ང་ཚོས་འདི་ནས་དེའི་སྐོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྡེ་ཚན་ཁག་ལ་ཞུ་གཏུག་བྱས་སྐབས་མི་གྲངས་ ༤༠ ལྷག་གི་མིང་དང་ས་གནས་སོགས་མ་གཏོགས་རག་མ་བྱུང་བས། གཅིག་ལས་མ་བྱུང་ཡང་དགོས་མཁོ་དང་ཕན་ཐོགས་ངེས་ཅན་ཞིག་ཡོད་འདུག་པས། ཚང་མས་ཁུར་མཉམ་ལེན་གནང་རོགས་གནང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese