མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་ཞིག་གི་ཞུ་འབོད། – རྡོ་རྗེ་རིན་ཆེན།

བོད་ཀྱི་དུས་བབ།
༢༠༡༡/༠༥/༠༦
Share on FacebookShare on TwitterShare on EmailShare on Whatsapp

                                                       བོད་རྔ་བའི་དོན་རྐྱེན་གྱི་རྒྱབ་གཟུགས།

                                                                                                                            རྡོ་རྗེ་རིན་ཆེན།

                                             

བར་ལམ་བོད་རྔ་པ་ཀིརྟི་དགོན་གྱི་དགེ་འདུན་པ་སུམ་བརྒྱ་ལྷག་ཅིག་ས་གནས་རྒྱ་གཞུང་དམག་མིས་བཙན་བཟུང་བྱས་ཡོད་པ་དང༌། བགྲེས་སོང་ལོ་ན་དྲུག་ཅུ་བརྒལ་བ་གཉིས་དམར་གསོད་བཏང་སྟེ་ད་ལྟ་བོད་རྔ་ཡུལ་མི་དམངས་རྣམས། ས་གནས་དྲག་པོའི་དཔུང་དམག་གི་མེ་མདའི་གྲི་སོའི་འོག་སྡུག་སྦྱོང་མནར་གཅོད་ཚད་མེད་མྱོང་བཞིན་པའི་ཐད་གདུང་སེམས་མཉམ་སྐྱེད་དང་འབྲེལ། གོ་ལའི་ཁྱིམ་རྒྱུད་གཅིག་ཏུ་འཚོ་བའི་རྒྱལ་མཚམས་རིས་མེད་ཀྱི་ཤེས་ཡོན་པ་དང༌། གནས་ལུགས་ལ་བསམ་ཤེས་དང་བདེན་པར་བློ་ཁ་ཕྱོགས་མཁན་ཚོས་བོད་རྔ་པའི་མི་དམངས་རྣམས་ལ་སྙིང་རྗེས་གཟིགས་རོགས།

    

ལོ་རབས་ལྔ་བཅུའི་ནང་རྒྱ་གཞུང་གིས་བོད་ཁམས་ཡོངས་བཙན་བཟུང་བྱས་རྗེས་ཕྱི་ཚུལ་དུ་མི་རིགས་འདྲ་མཉམ་དང༌། ཆོས་དད་རང་དབང༌། འཆམ་མཐུན་སྤྱི་ཚོགས་སོགས་ཀྱི་ཁ་གཡང་རིམ་པར་བསྒྲགས་ནས་དུས་རབས་ཤིག་གི་ཕྱེད་ཀ་ཕྱིན་ཡོད་ཀྱང༌། དོན་དངོས་ཐོག་གཡོན་ཐལ་ཆེ་བའི་དམར་ཤོག་གི་མགོ་ཁྲིད་ཁག་ཅིག་གི་བསམ་བློའི་ནང༌། བོད་མིའི་འཚོ་གནས་ཀྱི་རང་དབང་ཡོངས་རྫོགས་རྒྱ་དམར་གྱི་སྟངས་འཛིན་འོག་གནས་དགོས་པར་བསམ་ཡོད།  དེར་བརྟེན། པེ་ཅིན་གཞུང་གིས་བོད་རིགས་རྣམས་བོད་མི་ཡིན་དུ་འཇུག་རྒྱུར་དངངས་འཚབ་ཡོད་ལ། དངངས་འཚབ་དེ་བརྒྱུད་བོད་མི་ཚོར་མི་རིགས་ཀྱི་བསམ་བློའི་འདུ་ཤེས་སྐྱེ་རྒྱུར་བཀག་འགོག་དང༌། བོད་མི་ཚང་མ་རྒྱ་མི་དང་བསམ་སྤྱོད་གཅིག་ཅན་དུ་འགྱུར་བར་དངོས་བརྒྱུད་ཅི་རིགས་དང་ཞི་དྲག་གཉིས་ནས་བྱེད་ཐབས་སྤེལ་བཞིན་ཡོད།

  

དཔེ་མཚོན་གསལ་བོ་ཞིག་ནི་ད་ལྟ་བོད་རྔ་པའི་དགོན་གྲོང་གཉིས་ལ་འཕྲད་བཞིན་པའི་གནས་ཚུལ་འདི་འདྲ། ས་གནས་སི་ཁྲོན་གཞུང་ལ་མཚོན་ན་བྱེད་ཐེངས་དང་པོ་ཞིག་མིན། ད་ལྟ་རྒྱ་ནག་དབུས་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་དང་སྤྱི་བདེ་དམག་གི་མགོ་འཛིན་ཀྲོའུ་ཡུན་ཁང་གིས་ཕྱི་ལོ་ ༡༩༩༩ ལོར་ས་གནས་སི་ཁྲོན་དམར་ཤོག་དྲུང་ཆེའི་འགན་བཞེས་ནས་རིང་བོ་མ་སོང་བར། སི་ཁྲོན་ཁོངས་གཏོགས་བོད་དཀར་མཛེས་ཁུལ་གྱི་དགེ་བཤེས་བསོད་ནམས་ཕུན་ཚོགས་དང༌། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་གཉིས་ལ་མ་ཉེས་ཁ་གཡོག་གི་གྱོད་གཞི་བཟོས་ཏེ་འཛིན་བཟུང་དང༌། གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་གཏོར་བཤིག་བཏང་བ། མཁན་པོ་འཇིགས་མེད་ཕུན་ཚོགས་དོ་དམ་འོག་གྲོངས་རྐྱེན་དོགས་གཞིར་གྱུར་པ་རྣམས། ཀྲོའུ་ཡུན་ཁང་གིས་སི་ཁྲོན་དམར་ཤོག་དྲུང་ཆེའི་འགན་ཁུར་རྗེས་བོད་དཀར་མཛེས་ཁུལ་གཅིག་པོར་བསྟུད་མར་སྤེལ་བའི་གནས་ཚུལ་ཞིག་ཡིན། 

 

གོང་གསལ་མཁན་པོ་འཇིགས་མེད་ཕུན་ཚོགས་དང༌། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས། དགེ་བཤེས་བསོད་ནམས་ཕུན་ཚོགས་གསུམ་ནི། བོད་དཀར་མཛེས་ཁུལ་དུ་ཤུགས་རྐྱེན་ཐེབས་ཤོས་ཀྱི་ཆོས་ལུགས་གཙོ་འཛིན་མི་སྣ་གསུམ་ཡིན་ཞིང༌། གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་ནི་མཁན་པོ་འཇིགས་མེད་ཕུན་ཚོགས་མཆོག་གིས་གསར་འཛུགས་གནང་བའི་མི་རིགས་སྣ་མང་འདུས་གནས་བོད་ཤར་རྒྱུད་ཀྱི་ནང་བསྟན་སློབ་གཉེར་ཁང་ཆེ་ཤོས་གྲས་ཤིག་ཡིན།

     

ཕྱི་ལོ་ ༡༩༩༩ ལོར་ཀྲོའུ་ཡུན་ཁང་གིས་སི་ཁྲོན་དམར་ཤོག་དྲུང་ཆེའི་འགན་བཞེས་མ་ཐག་སི་ཁྲོན་ཁུལ་གྱི་ཆོས་འཁོར་སྒོམ་སྒྲུབ་ལ་དམ་དྲག་དང༌། བོད་དཀར་མཛེས་ཁུལ་ལ་ངན་ཇུས་ལག་བསྟར་བྱས་སྟབས། ཕྱི་ལོ་༢༠༠༢ ལོར་རྒྱ་ནག་དབུས་གཞུང་སྤྱི་བདེ་དམག་གི་མགོ་ཁྲིད་དང༌། དབུས་ཆབ་སྲིད་ཅུས་འཐུས་མི་གཅིག་ལྕོགས་ཀྱི་ཐོད་རྒལ་གོ་གནས་དེ་རེག་ཚུལ་ཆབ་སྲིད་དབྱེ་ཞིབ་པ་ཚོས་འགྲེལ་བརྗོད་གནང་བཞིན་ཡོད།ས་འོག་དར་འཐག་གི་ཆབ་སྲིད་ཡོ་འཁྱོམས་དེ་ད་ལྟ་སི་ཁྲོན་ཁོངས་གཏོགས་བོད་རྔ་བའི་སྒང་ལ་སླེབས་པ་རེད།

  

བོད་རྔ་བ་ནི་མཁས་གྲུབ་གཉིས་ལྡན་གྱི་ཀིརྟི་སྐུ་ཕྲེང་བརྒྱད་པ་བློ་བཟང་འཕྲིན་ལས་རྒྱ་མཚོ་དང་བླ་སློབ་ཀྱི་དམ་ཚིག་གཙང་མའི་འབྲེལ་བ་ཡོད་པ་དང༌། ཀིརྟི་སྐུ་རབས་བརྒྱད་པས་རྔ་ཡུལ་ཀིརྟི་དགོན་དགེ་ལྡན་ལེགས་བཤད་གླིང་ཕྱག་འདེབས་མཛད་ནས། ད་བར་ལོ་ངོ་བརྒྱ་དང་ལྔ་བཅུ་ལྷག་རིང་བོད་རྔ་པའི་དགོན་གྲོང་གཉིས་ལ་ཀིརྟི་སྐུ་ཕྲེང་ན་རིམ་གྱིས་ཕན་བདེའི་བྱ་བཞག་སྐྱོང་མུས་ཡིན་ཞིང༌། རྔ་པ་ཀིརྟི་དགོན་དགའ་ལྡན་ལེགས་བཤད་གླིང་འདི་རྔ་ཁུལ་ཙམ་མ་ཟད། བོད་མདོ་སྨད་ཀྱི་ས་གནས་ཁག་སོ་སོ་ནས་ཀྱང་དགེ་འདུན་པ་སློབ་གཉེར་ལ་ཡོང་སའི་བོད་བརྒྱུད་ནང་བསྟན་སློབ་གཉེར་ཁང་ཆེ་ཤོས་ཤིག་ཡིན་སྟབས། བོད་རྔ་པ་ཀིརྟི་དགོན་འདི་ཡང་ཀྲོའུ་ཡུན་ཁང་དང་ཁོ་བའི་ཕྱོགས་གཏོགས་ཚེ་སེམས་སུ་བོད་ཀྱི་ཆོས་རིག་རྩ་མེད་བཟོ་རྒྱུའི་འགག་རྡོ་ཞིག་ཆགས་ཡོད་ལ། ཉེས་མེད་ཉེས་འཛུགས་འོག་རྩ་མེད་མ་བཟོས་ན། བོད་ཀྱི་ཆོས་དང་རིག་གཞུང་དགྲར་འཛིན་སྟོབས་ཤུགས་རྒྱུན་འཁྱོངས་བྱེད་བདེ་མེད་པར་གྱུར་ཡོད།

 

     དེར་བརྟེན་རང་གི་མི་རིགས་ཀྱི་དམིགས་བསལ་ཆོས་དང་རིག་གཞུང་ཐོབ་ཐང་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོབ་བྱེད་པའི་བོད་མི་དང༌། མཚོན་བྱེད་གསུམ་གྱི་བྱེད་ཐབས་སྤྱད་དེ་ཕུགས་དོན་ཁོང་ཚོ་རང་འདྲར་བསྒྱུར་བའི་རྒྱ་རིགས་ཆེན་པོའི་དབང་སྒྱུར་བར་སྲོག་དང་བསྡོས་པའི་འགྲན་རྒོལ་ཞིག་ཆགས་ཡོད་ཅེས་རྒྱ་རིགས་ཤེས་ཡོན་ཅན་མོ་ལིས་གསུངས་པ་ལྟར། ས་བྱི་ལོར་བོད་ཆོལ་ཁ་གསུམ་གྱི་ས་ཁུལ་ཡོངས་ནས་རྒྱ་གཞུང་ལ་ཞི་རྒོལ་གྱེན་ལངས་སྐབས། བོད་རྔ་པའི་མི་དམངས་ཚོས་ཀྱང་ཞི་བའི་གྱེན་ལངས་བྱས་ཡོད། བོད་མིའི་གྱེན་ལངས་ནི་འདས་པའི་ལོ་ལྔ་བཅུའི་ནང་རྒྱ་གཞུང་གིས་བོད་ལ་འཛིན་པའི་མི་རིགས་སྲིད་ཇུས་ལ། བོད་མི་ཕྱོགས་ནས་མི་འདོད་པའི་རྣམ་འགྱུར་བསྟན་པ་ཞིག་དང༌། རྣམ་འགྱུར་དེ་ཚང་མ་རྒྱ་གཞུང་གིས་ཁ་ནས་སྒྲོག་བཞིན་པའི་ཆོས་ལུགས་དད་མོས་རང་དབང་དང༌། མི་རིགས་སྲིད་ཇུས་འདྲ་མཉམ་ཡིན་ཚུལ་གླེང་པ་རྣམས་ཁ་དང་ལག་ལེན་མི་མཚུངས་པའི་རྐྱེན་གྱིས། བོད་མིས་རང་དབང་གི་ཐོབ་ཐང་རྩོད་ལེན་བྱས་པ་ཞིག་རེད། 

   

 

གནས་ཚུལ་དེ་ནི་རྒྱ་ནག་དམར་ཤོག་དཔོན་རིགས་ཁག་ཅིག་གིས་ཅི་ཞིག་ལ་གོ་སྐབས་ཐོབ་པ་ལྟར་བོད་རྔ་པའི་མི་དམངས་ཐོག་མེ་མདའི་སོ་ཁ་བསྐོར་ནས་བོད་མི་ཉེས་མེད་མང་བོ་ཞིག་དམར་གསོད་བཏང༌། ཁྲག་བཞུར་བའི་དོན་རྐྱེན་ཡ་ང་བ་ཞིག་བཟོས་ཏེ་ར་བསད་ནས་ལུག་འདར་བའི་ཚོད་བགམ་དེ་བོད་རྔ་པའི་མི་དམངས་ཐོག་བྱས་ཡོད། ཡིན་ནའང་བོད་རྔ་པའི་དཔའ་རྒོད་ཚོ་དེ་རིང་ད་དུང་བོད་མི་རིགས་ཀྱི་བདེན་དོན་ཆེད་དུ་ལངས་བཞིན་ཡོད་ལ། རྒྱལ་གཅེས་དཔའ་བོ་གྲྭ་གཞོན་ཕུན་ཚོགས་ལགས་ཀྱིས་སེམས་ཀྱི་ན་ཟུག་མ་བཟོད་པར། རང་ལུས་མེར་བསྲེགས་བཏང་ནས་བོད་མིའི་སྡུག་བསྔལ་འཛམ་གླིང་མི་དམངས་ལ་སྟོན་ཐབས་བྱས་པ་འདིར། མི་སྡེའི་སྤྱི་ཚོགས་ནང་ཆེན་པོས་ཆུང་ངུར་གཉའ་གནོན་བྱེད་དུས། འགྲོ་བ་མིས་སྐྱོབ་གསོ་དགོས་པའི་ངང་ཚུལ་ནས་འཛམ་གླིང་གི་གཟུར་གནས་ཤེས་ལྡན་པ་རྣམས་ཀྱིས་བོད་རྔ་བའི་མི་དམངས་རྣམས་ལ་རྒྱབ་སྐྱོར་གནང་རོགས།  བོད་རྒྱལ་ལོ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༧ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༨ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

ཆུ་ཚོད་ ༡༢ སྔོན་ལ།
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 2

  1. རྟ་མགྲིན་རྡོ་རྗེ། says:
    ལོ་ 15 སྔོན།

    རྩོམ་ཡིག་འདི་ཕྱི་གླིང་གི་སྐད་ཡིག་ཐོག་བསྒྱུར་ནས་བཀྲམས་ཐུབ་ན་དགེ་མཚན་ཆེ། འབྲི་བ་བོ་ཐུགས་རྗེ་ཆེ།

    Reply
  2. རྔ་བ་ཚེ་སྐྱིད། says:
    ལོ་ 15 སྔོན།

    སྐུ་ཞབས་རྡོ་རྗེ་རིན་ཆེན་གྱིས་གནད་ལ་འཁེལ་བའི་ཆེད་རྩོམ་ཡག་པོ་ཞིག་སྤེལ་འདུག་ན། བུ་མོ་ངས་ཡི་རངས་དང་རྒྱབ་སྐྱོད་ཡོད་ལགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese