མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྩོད་པ་ཆོས་ཕྱོགས་སུ་ཞི་བར་བྱ་དགོས།

བོད་ཀྱི་དུས་བབ།
༢༠༡༡/༠༥/༠༦
Share on FacebookShare on TwitterShare on EmailShare on Whatsapp

ནུབ་ཕྱོགས་པས་ང་ཚོ་དུས་རབས་ཉེར་གཅིག་ནང་བསླེབས་ཡོད་ཟེར་ནས་ཧ་ལས་ལས་བྱེད་ཀྱི་ཡོད་ཀྱང་། ནང་པ་ཚོ་དུས་རབས་ཉེར་དྲུག་ནང་བསླེབས་ཡོད་པ་མ་ཟད། ནུབ་ཕྱོགས་པ་ལས་ལོ་ ༦༠༠ ལྷག་གི་སྔོན་ལ་ཕྱིན་ཡོད། དུས་རབས་ཉེར་དྲུག་ནང་སྡོད་མཁན་ཚོས་དུས་རབས་ཉེར་གཅིག་ནང་ལྷག་ཡོད་པ་ཚོར་སྙིང་རྗེ་ཆེན་པོས་རོགས་རམ་དང་། བསླབ་བྱ་ལམ་སྟོན་བྱ་དགོས་ཟེར།  

དེ་རིང་ཕྱི་ཚེས་ ༦ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༩ པའི་སྟེང་། གངས་སྐྱིད་སྤྱི་ཐབ་ཚོགས་ཁང་དུ་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་༼རྩོད་རྙོག་འདུམ་འགྲིག་ཁང་༽དབུ་བརྙེས་ཏེ། མི་ལོ་ཧྲིལ་པོ་ ༡༠ འཁོར་བའི་དུས་དྲན་མཛད་སྒོ་ཞིག་ཚོགས་ཡོད་ཅིང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་གཞུང་བཀའ་ཁྲི་ཟམ་གདོིང་རིན་པོ་ཆེས་གཙོས་པའི་བོད་མི་མང་སྤྱི་འཐུས་ཚོགས་མཆོག་དང་། ངྷ་ས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ། རྩོད་རྙོག་འདུམ་འགྲིག་ཁང་གི་འགན་འཛིན་ལྷན་ཚོགས། བོད་གཞུང་སྡེ་ཚན་ཁག་གི་འགན་འཛིན་དང་སྤྱི་འཐུས་རྒྱུན་ལས། དེ་བཞིན་ས་གནས་རྒྱ་གར་ལས་བྱེད་བཅས་ཕེབས་འདུག  

མཛད་སྒོའི་ཐོག་རྩོད་རྙོག་འདུམ་འགྲིག་ཁང་གི་འགན་འཛིན་ཀརྨ་ལེགས་བཤད་ཀྱིས་ཚོགས་པའི་དམིགས་ཡུལ་སྐོིར་ངོ་སྤྲོད་གནང་དོན། བོད་ཀྱི་རྩོད་རྙོག་འདུམ་འགྲིག་ཁང་འདི་ནི། དང་ཐོག་བོད་མི་ལས་བྱེད་གསུམ་གྱིས་ཕྱི་ལོ་ ༢༠༠༡  ལོའི་ཟླ་ ༥ ཚེས་ ༡ ཉིན། བོད་གཞུང་ནང་སྲིད་དང་མཉམ་འབྲེལ་ཐོག་གསར་འཛུགས་བྱས་པ་ཞིག་ཡིན་ཞིང་། ད་ཆར་རྩོད་རྙོག་འདུམ་འགྲིག་ཁང་འདི་རྒྱ་གར་གཞུང་ལ་ཁྲིམས་མཐུན་དེབ་སྐྱེལ་བྱས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཞིག་ཆགས་ཡོད། ལྟེ་གནས་ཁང་འདིས་འགྲོ་བ་མིའི་རིགས་སྤྱི་དང་བྱེ་བྲག་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་། འཚེ་བ་མེད་པའི་ཐོག་རྩོད་རྙོག་འདུམ་འགྲིག་དང་མང་གཙོའི་བརྒྱུད་རིམ་མཐོར་འདེགས་གཏོང་ཆེད། ད་བར་ལས་འགུལ་རྣམ་གྲངས་ ༢༠༠ ལྷག་སྤེལ་ཡོད་པ་མ་ཟད། ལས་འགུལ་དེར་གཞི་རིམ་མང་ཚོགས་ ༥༥༠༠ ཙམ་མཉམ་ཞུགས་བྱས་ཡོད། ཅེས་བརྗོད་བྱུང་།    

རྩོད་རྙོག་འདུམ་འགྲིག་ཁང་གི་ཟབ་སྦྱོང་གི་ཁྱབ་ཁོངས་སྐོར་ལ། ང་ཚོའི་ཟབ་སྦྱོང་ལ་རྣམ་གྲངས་ཁ་ཤས་ཡོད་ཅིང་། དང་པོ། རྒྱ་བལ་གཉིས་ཀྱི་བོད་མིའི་གཞིས་སྒར་ཁག་ཏུ་རྩོད་རྙོག་འདུམ་འགྲིག་སྐོར་གོ་རྟོགས་སྤེལ་རྒྱུ་དང་། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་། མཐོ་སློབ་ཏུ་སྐྱོད་བཞིན་པའི་བོད་རིགས་སློབ་མ་ཚོས་ཕྱི་རྒྱལ་དང་རྒྱ་གར་སློབ་ཕྲུག་ཚོར་འབྲེལ་ལམ་འཛིན་ཕྱོགས། གཉིས་པ། གཞིས་ཆགས་ཁག་ཏུ་གཞོན་སྐྱེས་སློབ་སྦྱོང་མཐར་མ་འཁྱོལ་བའི་རིགས་ལ། མི་སོ་སོར་རྣམ་དཔྱོད་དང་ནུས་པ་མ་འདྲ་བ་རེ་ཡོད་དུས། ཁོང་ཚོའི་ནུས་པ་ངོ་འཕྲོད་པ་ཞིག་དང་སྤྱི་ཚོགས་ནང་ཞབས་ཞུ་བསྒྲུབ་ཐུབ་མཁན་ཞིག་ཡོང་ཆེད་ཟབ་སྦྱོང་སྤྲོད་བཞིན་ཡོད། དེ་བཞིན་སློབ་གྲྭ་ཁག་གི་དགེ་ལས་སློབ་ཕྲུག་དང་དགོན་སྡེ་ཁག་གི་དགེ་འདུན་པ། བོད་ནས་གསར་དུ་ཕེབས་མཁན། བོད་པ་དང་རྒྱ་གར་ཡུལ་མིའི་འབྲེལ་ལམ་ཐོག་བཅས་ལ་རྩོད་རྙོག་འདུམ་འགྲིག་བྱེད་སྟངས་ཀྱི་ཟབ་སྦྱོང་སྤྲོད་བཞིན་ཡོད། ཅེས་བརྗོད་སོང་།

 

མཇུག་ཏུ་སྐུ་མགྲོན་གཙོ་བོ་ཟམ་གདོང་རིན་པོ་ཆེ་མཆོག་གིས་ནང་ཆོས་ལས་རྩོད་རྙོག་རིགས་ལ་ལྟ་སྟངས་ཅི་ཡོད་ཐོག་གསུངས་དོན། རྩོད་རྙོག་ཟེར་བ་དེ། འགྲོ་བ་མིའི་སྤྱི་ཚོགས་ནང་རང་བཞིན་གྱིས་ཡོང་བསྡད་པ་ཞིག་རེད། རྩོད་རྙོག་མེད་པའི་སྤྱི་ཚོགས་ཞིག་ལ་རེ་བ་རྒྱག་པ་དེ་ཡོང་རྒྱུ་མེད་པའི་གནས་སྟངས་ཞིག་རེད། སྤྱི་ཚོགས་ཀྱི་དཔལ་ཡོན་ཅི་ཙམ་ཡར་རྒྱས་ཕྱིན་ཡང་། བྱེད་སྟངས་ཡག་པོ་མེད་ན་སྤྱི་ཚོགས་ཀྱི་དཔལ་ཡོན་ཡར་རྒྱས་མ་ཕྱིན་པ་ཞིག་ལ་ངོས་འཛིན་བྱེད་པ་དེ། སྔོན་ཆད་ནས་ཡོད་པའི་ཤར་ཕྱོགས་པའི་འཇིག་རྟེན་ལྟ་ཚུལ་ཞིག་རེད། དེང་སང་རྩོད་རྙོག་འདུམ་འགྲིག་ཟེར་བ་དེ་ནུབ་ཕྱོགས་པས་བསམ་བློ་གཏོང་དགོས་པ་ཞིག་དང་སློབ་ཚན་ནང་ཚུད་ཐུབ་པ་ཆགས་ཡོད། རིག་གནས་འདིའི་ཐོག་ནུབ་ཕྱོགས་པས་ཤར་ཕྱོགས་པར་ཕན་ཐོགས་བྱས་པ་ཉུང་ཉུང་ཡིན་ལ། ཤར་ཕྱོགས་པས་ནུབ་ཕྱོགས་པར་བློ་སྐྱེད་བྱིན་པ་ཧ་ཅང་མང་པོ་ཡིན། མི་ལོ་ ༢༥༠༠ སྔོན་ལ་སྟོན་པ་འཇིག་རྟེན་དུ་བྱོན་པ་རེད། ནུབ་ཕྱོགས་པ་ཚོས་ང་ཚོ་དུས་རབས་ཉེར་གཅིག་ནང་བསླེབས་ཡོད་ཟེར་ནས་ཧ་ལས་ལས་བྱེད་ཀྱི་ཡོད་ཀྱང་། ནང་པ་ཚོས་དུས་རབས་ཉེར་དྲུག་ནང་བསླེབས་ཡོད་པ་མ་ཟད། ནུབ་ཕྱོགས་པ་ལས་མི་ལོ་ ༦༠༠ ལྷག་གི་སྔོན་ལ་འགྲོ་བཞིན་ཡོད། དུས་རབས་ཉེར་དྲུག་ནང་སྡོད་མཁན་ཚོས་དུས་རབས་ཉེར་གཅིག་ནང་ལྷག་བསྡད་པ་ཚོར་སྙིང་རྗེ་ཆེན་པོས་རོགས་རམ་དང་། བསླབ་བྱ་ལམ་སྟོན་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་གསུངས།

ནང་ཆོས་ལས་རྩོད་རྙོག་གི་ངོ་བོ་དང་བྱེད་ལས་ལ་ངོས་འཛིན་དང་འདུམ་འགྲིག་བྱེད་སྟངས་ཐད། བཅོམ་ལྡན་འདས་ཀྱིས། རྩོད་པ་ཆོས་ཕྱོགས་སུ་ཞི་བར་བྱེད་ཅེས་གསུངས་ཡོད། རྩོད་པ་མེད་པ་དེ་དེའི་སྐབས་སུ་མེད་པ་རེད། རྩོད་པ་ཞི་བར་བྱེད་པའི་ཐབས་མང་པོ་ཞིག་གསུངས་བ་རེད། རྩོད་པ་ཞི་བར་བྱེད་པའི་ཐབས་ཚང་མའི་ནང་སྡོམ་རྒྱག་རྒྱུ་དེ། རྩོད་པ་ཆོས་ཕྱོགས་སུ་ཞི་བར་བྱེད་ཅེས་པ་དེ་རེད། རྩོད་པ་ཆོས་ཕྱོགས་སུ་ཞི་སྟངས་དེ་གཅིག་ལ་རྒྱལ་ཁ་ཐོབ་ཅིང་། གཅིག་ལ་ཕམ་ཁ་རག་པ་དེ་ལ་ཟེར་གྱི་མེད། དེ་ནི་རྩོད་པ་ཆོས་མིན་གྱི་ཕྱོགས་སུ་ཕྱིན་པ་རེད། རྩོད་པ་མེད་པ་བཟོ་རྒྱུ་དེ་རྩོད་པ་ཆོས་ཕྱོགས་སུ་ཕྱིན་པ་རེད། རྩོད་པ་མེད་པ་ཇི་ལྟར་ཡོང་གི་རེད་ཟེར་ན། རྩོད་པ་ཡོད་མཁན་ཕྱོགས་གཉིས་ཀྱིས་དངོས་ཡོད་གནས་ཚུལ་ལ་དྲང་པོ་དྲང་བཞག་གི་རིག་པའི་ལམ་དང་རྒྱུ་མཚན་གྱི་ཐོག་ནས་བརྟག་དཔྱད་བྱས་ཏེ། ངོས་ལེན་ཐུབ་པའི་དངོས་ཡོད་གནས་ཚུལ་ག་རེ་འདུག གནས་ཚུལ་དེ་ཕྱོགས་གཉིས་ནས་ངོས་ལེན་བྱས་ཡོང་སྐབས། རྩོད་གཞི་དེ་མེད་པ་ཆགས་འགྲོ་བཞིན་ཡོད། རྩོད་གཞི་མེད་པ་ཆགས་སྟངས་དེར་ལམ་ཁ་མང་པོ་ཡོད་པ་མ་རེད། རྩོད་གཞི་དེ་རྒྱུ་མཚན་གྱི་ལམ་ནས་ཞིབ་འཇུག་བྱས་སྐབས། རྩོད་ཡ་གཅིག་གི་བསམ་ཚུལ་དེ་ཡང་དག་པ་མ་ཡིན་པ་དང་། རྩོད་ཡ་གཞན་དེའི་བསམ་ཚུལ་ཡང་དག་པ་ཡིན་ན། ཡང་དག་པ་ཡིན་མཁན་གྱི་བསམ་ཚུལ་དེ། རྒྱུ་མཚན་ཐོག་ཡང་དག་པ་མ་ཡིན་པའི་བསམ་ཚུལ་ཡོད་མཁན་དེར་འགྲེལ་བཤད་བརྒྱབ་ན། བསམ་ཚུལ་དེར་འགྱུར་བ་ཐེབས་འགྲོ་བ་རེད། ཅེས་གསུངས་བྱུང་།  

 

ཡང་ཁོང་གིས་མུ་མཐུད་དུ། ལམ་ཁ་གཞན་ཞིག་ནི་གཉིས་ཀ་ནོར་སྲིད་ཀྱི་རེད། རྩོད་བསྡད་པ་གང་ཞིག་ལ་ཕྱོགས་གཉིས་ཀྱི་ལྟ་སྟངས་བདེན་པ་མིན་པ་ཡོང་སྲིད་པ་རེད། དེའི་སྐབས་སུ་འདུམ་འགྲིག་བྱེད་མཁན་གང་ཟག་དེས་རྩོད་ཡ་གཉིས་ལས་བློ་གྲོས་ཀྱི་སྟོིབས་ཆེ་བ་ཞིག་དང་རྒྱུ་མཚན་མང་པོར་བསམ་བློ་གཏོང་ཐུབ་མཁན་ཞིག་དགོས། དེ་བྱུང་བ་ཡིན་ན། ཁྱེད་གཉིས་ཀྱི་བསམ་ཚུལ་ཡང་དག་པ་མ་རེད། ཡང་དག་པའི་བསམ་ཚུལ་འདི་རེད་ཅེས་གཞན་པ་ཞིག་ར་སྤྲོད་ཐུབ་ཚེ། དེའི་ལམ་ནས་ཕྱོགས་གཉིས་ཀའི་ངོས་ནས་ངེད་གཉིས་ནོར་འདུག ཡང་དག་པའི་བསམ་ཚུལ་འདི་རེད་ཅེས་གོ་བརྡ་འཕྲོད་སྐབས་རྩོད་གཞི་དེ་མེད་པ་ཆགས་འགྲོ་བ་རེད། ཅེས་དང་།

མཐའ་མར་ཁོང་གིས། ལམ་ཁ་གསུམ་པ་དེ། གཉིས་ཆ་བདེན་པ་ཡིན་སྲིད་པ་ཞིག་རེད། གཉིས་ཀར་བདེན་པ་ཡོད་སྲིད་ཀྱང་ཡང་དག་པའི་ལམ་གཉིས་པོ་མཉམ་དུ་འགྲོ་མ་ཐུབ་པའི་སྐབས་སུ། རྩོད་རྙོག་འདུམ་འགྲིག་པའི་ལས་སུ་བྱ་བ་ནི། གཉིས་ཆ་བདེན་པ་དང་ཡང་དག་པ་རེད། ཡིན་ནའང་། དེ་གཉིས་ཀ་མཉམ་དུ་བསྒྲུབ་ཐུབ་པ་ཞིག་ཡོད་པ་མ་རེད། དེའི་སྟབས་ཀྱིས། གནས་སྐབས་དང་དུས། ཁོར་ཡུག་གི་གནས་བབ་མང་པོ་ཞིག་ལ་བལྟས་ཏེ། ཕྱོགས་གཉིས་ཀར་ཡང་དག་པ་ཡིན་ཡང་། ལག་ལེན་དུ་བསྟར་བའི་སྐབས་སུ་རིམ་པ་ཞིག་གི་ཐོག་འགྲོ་རྒྱུའི་ལམ་བསྟན་ན། དེའི་ཐོག་ནས་རྩོད་རྙོག་འདུམ་འགྲིག་ཐུབ་པ་ཞིག་རེད། ཅེས་གསུངས་བྱུང་།  

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༡༤ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 5

  1. ཡུལ་གྱར་གྱི་མཚེར་ས says:
    ལོ་ 14 སྔོན།

    Dawai Shonu དང་ཅོ་རི་ཉི་མས་བཤད་པར་མོས་མཐུན་ཡོད། ཟམ་གདོང་རིན་པོ་ཆེ་མཁས་པ་ཡིན་ཀྱང་རང་མཐོང་ཆེ་དྲག་པས་སྔ་མ་ཡང་ཚན་རིག་པ་གླེན་ཚུལ་དང་ནུབ་ཕྱོགས་པ་དབུལ་ཚུལ་ཡང་ཡང་བཤད་མྱོང་། རྒྱ་དམར་སྲིད་གཞུང་ལ་ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཞེས་འབོད་དེ་སྒོ་ཀུན་ནས་བསྟུན་དགོས་ཚུལ་དང་། ཆབ་དཔལ་རིག་གསུམ་གྱི་རེ་བ་བཅོལ་ཡུལ་ནུབ་ཕྱོགས་ཀྱི་ཡུལ་གྲུར་རྗེས་ལུས་དང་གླེན་པ་སོགས་བརྗོད་བཞིན་པའི་མི་འདི་ལ་བཟང་སྤྱོད་ཀྱི་ཆ་གང་ཞིག་ཏུ་ཡོད

    Reply
  2. སྨར་ཀླུང་དཔའ་ལ། says:
    ལོ་ 14 སྔོན།

    ཅོ་གླག་གཉིས་ཀྱིས།

    མཁས་དབང་ཟམ་གདོང་རིན་པོ་ཆེའི་གསུང་དོན་ཁྱོན་ནས་མགོ་འཚོས་མི་འདུག འདི་བོད་གཅིག་པུ་མ་ཡིན་པར་འཛམ་གླིང་ནང་པ་ཡོངས་ཀྱི་སྟོན་པ་ཐུགས་རྗེ་ཅན་གྱི་གསུང་ལུང་ཚད་མ་རྣམས།
    རྗེས་འཇུག་འཛིན་སྐྱོང་གནང་བ་པོའི་རྒྱ་བོད་མཁས་གྲུབ་ཡོངས་ཀྱི་ཉམས་ལེན་དངོས་སུ་གྲུབ་པའི་དོན་འབྲས་ཐུན་མོངས་མ་ཡིན་པ་ཞིག་གི་ཁྱད་ཆོས་དེ་དེ་འདྲ་རེད་ཞེས་གསུང་གི་ཡོད་པ་མཚད་དེང་གི་དུས་སུ་ཡང།
    དུས་ཀྱི་འཁོར་ལོའི་ནང་དུ་ཉི་ཟླ་གཟའ་སྐར་གྱི་འགྱུར་འགྲོས་དང་རིང་ཐུང་རྒྱ་དཔང་སོགས་ཚན་རིག་པས་བཤད་པ་གཉིས་གོ་བསྡུར་དུས་སྐར་ཆ་དྲུག་བདུན་སོར་ཚོན་གཅིག་གཉིས་ལས་ཧེ་བག་མེད་པ་གསེར་རྟ་མཁན་པོ་ཆོས་རྗེ་འཇིག་མེད་ཕུན་ཚོགས་ཀྱི་སློབ་ཆེན་ཚུལ་ཁྲིམ་བློ་གྲོས་ཀྱི་དུས་རབ་ཉེར་གཅིག་པར་ཕུལ་བའི་ངོ་མཚར་གཏམ་གྱི་རོལ་མོའི་མཆན་འགྲེལ་དེ་ནང་གཟིགས་མཛོད་དང་ཁྱོད་རང་གཉིས་ཀྱི་ལོག་ཤེས་ནང་གསལ་པོར་ངེས་པའི་ཡིད་ཆེས་ཡོད།
    རྒྱུ་མཚན་དེས་ན།

    མ་གཞི་རིན་པོ་ཆེས་འདས་ད་གཉིས་ལ་གང་གསུང་པ་ཐམས་ཅད་དངོས་ཡོད་དྲང་བདེན་གྱི་ཞལ་གསུང་ཤ་སྟག་ཉིད་ལས་ཐལ་ཆེས་པ་དང་། མ་དྲང་པ་དང་། སྐྱག་རྫུན་།
    མ་ཡིན་ཡིན་སྒྲོག ཁྱད་ཆོས་མེད་པ་ལ་ཡོད་པའི་ཕོ་རུས་དང་ཧམ་བཤད། ཁོང་གི་སྐུ་གཤིས་ལ་མེད་ན་དེ་རིང་མི་འཐད་པ་འདི་སུ་གི་ནོར་འཁྲུལ་ཡིན་པ་དང་སུས་ལྐུག་ལད་སྐྱོར་བ་ཡིན་པ་ཐམས་ཅད་ཀྱི་མཐོང་སར་གསལ་རྟོགས་ཐུབ་འདུག

    བོད་ཆུས་ཤོར་བ་ནི་བོད་ཀྱི་མིས་སྲིད་འཛིན་མ་ཤེས་པ་ལས་བྱུང་བ་ལས་བོད་ཆོས་ཀྱིས་ལྐུགས་ནས་དེས་རྐྱེན་པས་ཆུས་ཤོར་བའི་བྱ་ངན་བྱུང་པར་བསམ་ན་དེ་ནི་ནོར་འཁྲུལ་ཆེས་སྦོམ་པོ་ཡིན་པས་ནོར་འཕྲུལ་འདི་ངེས་པར་དུ་ཡོ་སྲང་བྱེད་དགོས།
    ཕྱི་དངོས་པོའི་ཡར་རྒྱས་དང་སྲིད་ཀྱི་འདུ་འགོད་གང་དགོས་ཁྱེད་རྣམ་པ་གཙོས་པའི་བོད་ཀྱི་གཞོན་སྐྱེས་རྣམས་ཀྱི་འགན་ཡིན་གྱི་གང་དགོས་བློ་དང་ཐབས་ཇུས་ཧྲག་ཐག་ཐག་ཞིག་མཛོད་དང་དེ་ལ་སེར་མོ་བ་ཡོངས་ཀྱི་ངོས་ནས་ཡི་རང་ཡོད་ཀྱི་ད་ལྟ་རྗེས་ལུས་དེ་ཙམ་མིན་པར་སེམས།

    ཆོས་ཀྱི་ཐོག་ནས་ནང་བསམ་པའི་དཔལ་ཡོན་ཡར་རྒྱས་དང་ངེས་ཤེས་འབྲང་ཐབས་ཚད་མ་རྣམ་པ་གསུམ་གྱི་སྟེང་ནས་ཆོས་ཀྱི་འབྲེལ་བཤད་ནི་སེར་མོ་བ་རྣམས་ཀྱི་ལས་འགན་ཡིན་པས་དེ་མི་དགའ་བ་དང་མ་རང་པའི་སྐད་ཆ་གི་རིགས་དང་།

    ཡང་དག་པའི་རྒྱུ་མཚན་དང་ལྡན་པ་དག་ལ་ལྡོག་ནས། ཆོས་ཞེས་པ་འདི་བླུན་དད་ཡིན་རབ་དང་ཡར་རྒྱས་ཀྱི་བཀག་རྡོ་ཡིན་རབ།

    མི་རིགས་དེ་རྗེས་ལུས་ཡིན་རབ་སོགས་བཤད་ཉན་གྱི་མི་སྐྱེ་ཕོ་མོ་རྣམས་དང་།

    སེར་མོའི་བའི་གོ་སར་སྡོད་འདོད་མེད་པ་དེ་ཚོ་གི་རང་རང་གི་སྐྱོན་འགེབས་ཀྱི་ཆེད་དུ་གནས་ཚུལ་རྒྱུད་བསྒྲག་གང་བྱུང་བྱུང་དུ་སྤེལ་གྱི་འདུག་པ་དེ་ཚོའི་བློ་ཡུལ་དུ་ཆོས་ཀྱི་གོ་རྟོགས་མ་ཆུད་ནས་གང་བྱུང་བྱུང་དུ་ཁུང་དང་རྒྱུ་མཚན་རྩ་བ་ནས་མེད་པའི་རང་སྣང་གང་ཤར་གྱི་སྐད་ཆ་དུས་ཚིག་འདི་ནས་མཚམས་འཇོག་བྱེད་ན་ཤིན་ཏུ་ལེགས་པར་སེམས།
    ངེད་ཚོ་བོད་མི་སྐྱ་སེར་ཡོངས་ཀྱི་ནང་པ་སངས་རྒྱས་པའི་ཆོས་ལུགས་ཐུན་མིན་ཁྱད་ཆོས་འདི་དང་འདི་ལྟ་བུ་མང་དག་ཞིག་ཡོད་པ་འདི་རྣམས་ལ་ཡང་དག་པའི་སྦྱང་བརྩོན་དང་ཉམས་ལེན་རྡོ་རུས་ཐུག་པ་བྱེད་དགོས་པ་ལས་ཁུང་མ་ཆོད་པའི་སྐྱོན་བརྗོད་ཀྱི་ལམ་བུར་དབྱིང་ཞུགས་ན་ཁྱོད་རང་གི་ནང་ཆ་སྟོན་པ་ཡིན་པ་ངེས་པར་དུ་ཤེས་དགོས།

    Reply
  3. Dawai Shonu says:
    ལོ་ 14 སྔོན།

    ཟམ་གདོང་རིན་པོ་ཆེ་མཁས་དབང་རེད། གུས་རྩིས་ཡོད། འོན་ཀྱང་རང་ཉིད་མཁས་ཤོས་དང་མི་གཞན་ཚང་མ་ལྐུགས་པར་རྩིས་པ་ནི་དངོས་ནས་ཞན་ཆ་ཆེ་ཤོས་རེད། གཏམ་བཤད་ཀྱི་གོ་སྐབས་ཟིན་ནས་རང་སྣང་གང་ཤར་ཁུངས་མེད་ཐལ་ཆ་ཅན་གྱི་སྐད་ཆ་དེ་འདྲ་བཤད་པ་དཔེ་རེད། ད་ལྟ་སོ་སོ་དང་སོ་སོའི་མི་རིགས་ཐབས་སྐྱོ་བའི་གནས་སྟངས་འདི་འདྲ་ལ་ནང་པ་ཚོས་གང་ཡང་བྱེད་མི་ཐུབ་པ་ལྟ་ཅི་སྨོས།་སོ་སོ་ཡང་རང་མགོ་མ་ཐོན་ནས་ནུབ་ཕྱོགས་ཀྱི་རྐུབ་གཡོག་རྒྱུགས་པར་ཚངས་ཀ་ཤིག་ཤིག་འགྲོ་བ་ཅི་རེད།

    Reply
  4. ཅོ་རི་ཉི་མ། says:
    ལོ་ 14 སྔོན།

    ནུབ་ཕྱོགས་པ་ལས་ལོ་ངོ་དྲུག་བརྒྱ་སྔོན་ཐོན་ཅན་གྱི་རིགས་ཡིན་ན།
    འཛམ་གླིང་རྒྱལ་སྤྱིའི་སྤྱི་ཚོགས་ནང་དུ་བདེ་བསྐྱེལ་མེད་དོན་གང་ཡིན་ནམ།
    སྔར་ཡོད་བོད་ཀྱི་རང་དབང་རང་བཙན་རྩ་མེད་འགྲོ་དོན་གང་ཡིན་ནམ།
    ས་འོག་གསེར་གྱི་གཏེར་ཁ་བཞག་ནས་སྤྲང་པོ་ཆགས་དོན་གང་ཡིན་ནམ།

    རྗེས་ལུས་ཅན་གྱི་ནུབ་ཕྱོགས་པ་ཚོའི་རང་སྐད་ནང་དུ་ཆེད་ལས་ཡོད།
    དེང་རབས་ཉེར་ཤུ་རྩ་གཅིག་བསླེབས་ཀྱང་བོད་སྐད་ནང་དུ་ཆེད་ལས་མེད།
    རྗེས་ལུས་ཅན་གྱི་ནུབ་ཕྱོགས་པ་ཚོ་ཟླ་བའི་གོ་ལར་འགྲོ་ཉིན་མོར།
    སྔོན་ཐོན་ཅན་གྱིོ་གངས་ཅན་པ་ཚོས་་རྨོངས་དད་བྱས་ནས་ལྷ་ཡུལ་སྒོམ།

    Reply
  5. གླག་སྨྱོན། says:
    ལོ་ 14 སྔོན།

    ༼ནུབ་ཕྱོགས་པས་ང་ཚོ་དུས་རབས་ཉེར་གཅིག་ནང་བསླེབས་ཡོད་ཟེར་ནས་ཧ་ལས་ལས་བྱེད་ཀྱི་ཡོད་ཀྱང་། ནང་པ་ཚོ་དུས་རབས་ཉེར་དྲུག་ནང་བསླེབས་ཡོད་པ་མ་ཟད། ནུབ་ཕྱོགས་པ་ལས་ལོ་ ༦༠༠ ལྷག་གི་སྔོན་ལ་ཕྱིན་ཡོད། དུས་རབས་ཉེར་དྲུག་ནང་སྡོད་མཁན་ཚོས་དུས་རབས་ཉེར་གཅིག་ནང་ལྷག་ཡོད་པ་ཚོར་སྙིང་རྗེ་ཆེན་པོས་རོགས་རམ་དང་། བསླབ་བྱ་ལམ་སྟོན་བྱ་དགོས་ཟེར། ༽སྐད་ཆ་འདི་ཧ་ཅང་ཐལ་ཆེས་འདུག་པས་མཐད་པ་རྩ་བ་ནས་མེད་དོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese